མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་གནོད་སྐྱོན་ཆེན་པོ་ཐེབས་མི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་ནང་ས་ཡོམ་བརྒྱབ་པའི་ཁྲོད་བོད་མི་ཚོར་གནོད་འཚེ་ཕོག་ཡོད་མེད་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་བཅར་འདྲི་ཞུས་པར། བོད་མིའི་རྒན་གསོ་ཁང་དང་སྐུ་ཚབ་དོན་གཅོད་ཀྱི་ཁང་པར་གནོན་སྐྱོན་ཕྲན་བུ་བྱུང་ཡོད་པ་ལས་མི་ལ་གནོད་སྐྱོན་བྱུང་བའི་གནས་ཚུལ་གསལ་བོ་མི་འདུག་གསུངས་བྱུང་།

དེ་རིང་སྔ་དྲོར་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ། ཟླ་འདིའི་ཚེས་ ༢༥ ཉིན་བལ་ཡུལ་དུ་ཚད་རིམ་ ༧།༩ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་བྱུང་ཡོད་པའི་ཁྲོད། བལ་སྡོད་བོད་མི་ཚོར་གནོད་འཚེ་ཐེབས་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་མོས་འདི་ལྟར་ངོ་སྤྲོད་གནང་སོང་། “བལ་ཡུལ་ལ་ས་ཡོམ་བྱུང་བ་དང་བོད་ཀྱི་ས་ཁུལ་ཁག་ཞིག་དང་། རྒྱ་གར་གྱི་མངའ་སྡེ་གཉིས་བཅས་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། དེ་ཚོ་ཚོང་མའི་ཐོག་ལ་ང་ཚོར་བློ་ཚབས་ཆེན་པོ་ཡོད། ཁ་སང་བཀའ་ཤག་གིས་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་པ་དང་། གནས་ཚུལ་དེ་གོ་མ་ཐག་ང་ཚོའི་ནང་སྲིད་ལས་ཁུངས་ཀྱིས་བལ་ཡུལ་ལ་འབྲེལ་བ་བྱས་ཏེ། ས་གནས་མགོ་འཛིན་གཅིག་གཉིས་ཤིག་ལ་འབྲེལ་བ་ཞུ་ཐུབ་སོང་། དེ་བཞིན། དེ་རིང་ཞོགས་པར་ལས་ཁུངས་ཚོགས་པ་དང་བལ་ཡུལ་གྱི་གནས་སྟངས་དང་། ལྷག་པར་དུ་བོད་པའི་གཞིས་ཆགས་ཁག་དང་བོད་མི་ཚོར་གནོད་སྐྱོན་ཕོག་ཡོད་མེད་ཐོག་ང་ཚོས་ཚོགས་འདུ་ཚོགས་པ་ཡིན། སྐད་ཆ་བརྟན་པོ་རང་མི་འདུག་མོད་སྤྱི་ཚོགས་བརྒྱུད་ལམ་སོགས་སུ་བོད་པ་གཅིག་འདས་གྲོངས་སུ་ཕྱིན་འདུག་ཟེར་བ་ཞིག་དང་། ཡང་ཁག་ཅིག་གིས་ཨ་ནེ་གཅིག་ལའང་རྨས་སྐྱོན་ཕོག་འདུག་ཟེར་བ་ཞིག་གོ་རྒྱུ་འདུག བོད་པ་ཚོའི་ཁང་པར་སྐྱོན་ཆག་ཤོར་བ་བྱུང་འདུག ད་དུང་མུ་མཐུད་དུ་རྩད་ཞིབ་བྱེད་བཞིན་ཡོད། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༠༠ པར་གཙུག་ལག་ཁང་དུ་མཆོད་འབུལ་ཞིག་ཡོད་པ་རེད། དེའི་ཐོག་ནས་གསལ་བོ་ཞིག་ཆགས་ཡོང་གི་རེད།

ང་ཚོས་སེམས་ཚབ་ཆེ་ཤོས་དེ་བལ་ཡུལ་ཁུལ་དུ་ཡོད་པའི་ང་ཚོའི་རྒན་གསོ་ཁང་ཁག་དང་། རྒན་འཁོགས་དེ་ཚོའི་གནས་སྟངས་ག་རེ་ཆགས་ཡོད་མེད་དེ་རེད། ཉི་མ་དང་པོ་ནས་ང་ཚོའི་ལས་བྱེད་ཚོས་པར་འབྲེལ་བ་བྱས་ཏེ། རྒན་འཁོགས་གཅིག་ལའང་གནོན་སྐྱོན་བྱུང་མེད་པ་གསལ་བོ་ཆགས་སོང་། ཁང་པའི་ཟུར་ཞིག་ལ་སེར་ཁ་གས་ཡོད་པ་ཞིག་བྱུང་འདུག དེའི་སྐོར་གྱི་པར་དང་གནས་ཚུལ་གཞན་ད་སྔ་ང་ཚོར་རག་མ་སོང་། དེ་བཞིན། སྤོག་ར་ཁུལ་དུའང་བྱམས་པ་གླིང་རྒན་གསོ་ཁང་ཡོད་ཀྱང་དེ་ཚོར་ཡང་སྐྱོན་བྱུང་མི་འདུག དེ་ནས་ཆབ་སྲིད་ཀྱི་ཐོག་ནས་གལ་ཆེ་ཤོས་ཤིག་ང་ཚོའི་དོན་གཅོད་ལས་ཁུངས་དེ་ཆགས་ཡོད་པ་རེད། དོན་གཅོད་ལས་ཁུངས་ཀྱི་ཁང་པའི་ཕྱོགས་གཅིག་ལ་སྐྱོན་ཕྲན་བུ་བྱུང་ཡོད་པ་ལས་ང་ཚོའི་ལས་བྱེད་དེ་ཚོར་གནོད་སྐྱོན་གང་ཡང་ཕོག་མི་འདུག” ཅེས་གསུངས་སོང་།

གསར་འགོད་པས་བཀའ་བློན་མཆོག་ལ། བལ་ཡུལ་ནང་གི་བོད་མིའི་སྡོད་ཁང་ལ་གནོད་འཚེ་ཕོག་ཡོད་རིགས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་རམ་གང་འདྲ་གནང་འཆར་ཡོད་མེད་དྲིས་པར། ཁོང་མོས།  “བལ་ཡུལ་ནང་ཛ་དྲག་གི་གོད་ཆག་བྱུང་པའི་སྐབས་ལ། བལ་ཡུལ་གཞུང་གིས་ཡུལ་མིའི་གནས་བབ་ལ་མ་གཟིགས་པར་སྤྱི་ཡོངས་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་ལྟ་སྐྱོང་སྤྱི་མཚུངས་གནང་གི་ཡོད་པ་ཞིག་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱིན་ཡོད། དེར་བརྟེན། ད་ལྟའི་ཆ་ལ་ང་ཚོའི་ངོས་ནས་བོད་པ་རང་གི་ཆེད་དུ་ལས་གཞི་འདི་འདྲ་ཞིག་བྱེད་རྒྱུ་ཡིན་ཟེར་ནས་མ་གནང་ན་ཞེས་ང་ཚོའི་ཚོགས་འདུའི་ཐོག་བཀའ་མོལ་བྱུང་སོང་། རིམ་པའི་གནས་ཚུལ་སླེབ་ཡོང་སྐབས། ཉམ་ཐག་དང་ཁང་པར་སྐྱོན་ཕོག་པ་དེ་འདྲའི་ཐོག་ས་གནས་རང་ནས་ག་རེ་གནང་གི་འདུག དེའི་ཐོག་ལ་འཕར་མ་གནང་དགོས་བྱུང་ན་ང་ཚོས་ཐེ་ཚོམ་མེད་པར་བྱེད་རྒྱུར་ཆོད་སེམས་བརྟན་པོ་ཡོད། འོན་ཀྱང་། དང་པོ་ནས་མི་འཇོན་འཇོན་མདོག་གིས་བྲོ་འཁྲབ་ན་ཡག་པོ་མི་འདུག དེ་རིང་བལ་ཡུལ་ལ་ཐད་ཀར་ལྟ་མཁན་དམིགས་བསལ་ལས་བྱེད་གོ་སྒྲིག་བྱས་ཡོད། དཔེར་ན། ཉམ་ཐག་ལ་ལྟ་མཁན་སྐུ་ངོ་དྲུང་འཕར་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཉི་མ་དང་པོ་ནས་རྒན་གསོ་ཁང་དང་འབྲེལ་བ་གནང་གི་ཡོད་པ་དང་། དེ་བཞིན་བདེ་སྐྱིད་ལགས་ཀྱིས་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་ཁག་ལ་འབྲེལ་བ་བྱེད་བཞིན་ཡོད། ཅེས་གསུངས་སོང་།

ད་ཐེངས་ས་ཡོམ་འདིས་མཆོད་རྟེན་བྱ་རུང་ཁ་ཤོར་གནོད་སྐྱོན་བྱུང་ཡོད་པ་དང་དེའི་ཉེ་འགྲམ་དུ་བོད་པ་མང་པོ་ཡོད་སྟབས་དེ་ཚོར་རྨས་སྐྱོན་བྱུང་མེད་སྐོར་ལ་བཀའ་འདྲི་ཞུས་སྐབས། ཁོང་མོས། “མི་གཅིག་ལ་སྐྱོན་བྱུང་པའི་གནས་ཚུལ་གོ་བ་དེ་མཆོད་རྟེན་ཉེ་འགྲམ་ཆགས་འདུག ཡིན་ནའི་ད་ལྟ་ད་དུང་གསལ་བོ་ཞིག་ཤེས་རྟོགས་ཐུབ་ཀྱི་མི་འདུག” ཅེས་གསུངས་སོང་།

བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ས་ཡོམ་གོད་ཆག་ཁྲོད་དུ་མི་གྲོངས་པའི་གྲངས་ཚད་མུ་མཐུད་འཕར་བཞིན་ཡོད་པ་དང་། ད་ལྟ་མི་འདས་གྲོངས་སུ་ཕྱིན་པ་ ༣༦༡༧ དང་། རྨས་སྐྱོན་ཕོག་མཁན་ ༦༥༠༠ བཅས་ཆགས་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤

མཆན། 4

  1. arya says:
    ལོ་ 11 སྔོན།

    རྒྱ་རི་སྒྲོལ་མས་རྒྱ་རྒན་ཚོ་ནང་བཞིན་སྐད་ཆ་རྫུན་མ་ཤོད་ཀྱིན་འདུག བལ་བོད་ནང་བཞུགས་བཞིན་པའི་བོད་མི་མང་དག་ཞིག་ལ་ས་ཡོམ་གྱི་གོད་ཆག་བྱུང་ནས་དཀའ་ཚེགས་འཕྲད་ན་ཡང་ད་དུང་གནོད་སྐྱོན་ཆེན་པོ་ཐེབས་མིན་འདུག་ཟེར། སྐད་ཆ་དེ་མིའི་སྐད་ཆ་མ་རེད་ལ་ལྷག་པར་དུ་ནང་སྲིད་བཀའ་བློན་གྱི་བཀའ་མོལ་དེ་བས་ཀྱང་མ་རེད། གང་ལྟར་ས་ཡོམ་གྱི་གནོད་འཚེ་ཕོག་པའི་བོད་རིགས་ཚོར་རོགས་རམ་ངེས་པར་དུ་བྱེད་དགོས། དེ་མིན་རྒྱ་རི་སྒྲོལ་མས་བཀལ་བློན་བྱས་ནས་གོ་ཆོད་མ་སོང་།

    Reply
  2. སྨྱུག་མདའ། says:
    ལོ་ 11 སྔོན།

    དུས་བབ་གསར་ཁང་དང་འབྲེལ་བའི་གསར་ལམ་ཁག་ཏུ། བོད་མི་ཤི་སྐྱོན་མེད་ཚུལ་བཤད་འདུག་སྟེ། མི་སྒེར་དང་འབྲེལ་བའི་་གྲོགས་པོ་འགས”བོད་མི་བཅུ་བདུན་འདས་གྲོངས་སུ་བྱིན་ཡོད་ཚུལ་བཤད་སོང་། ད་དུང་མི་བཞིའི་ཕུང་བོ་རག་མེད་རབས་བཤད་ཀྱིན་འདུག ད་མི་ཤེས། དངོས་གནས་བཤད་ན། གཞུང་ངོས་ནས་ཆེད་གཏོང་གིས་་བལ་ཡུལ་དུ་འགྲོ་དགོས་པ་ཞིག་ཆགས་འདུག་སྙམ།

    Reply
  3. བུ་རིག་རྒོད། says:
    ལོ་ 11 སྔོན།

    ང་སྒུག་ནས་བསྡད་ཡོད་པ་དེ་གནས་ཚུལ་འདི་ཡིན། ཡིན་ནའང་ད་དུང་ཞིབ་འཇུག་ཡག་པོ་བྱེད་དགོས་པ་རེད་བསམ་གྱིན་འདུག གཞུང་ཞིག་ཡིན་ན་རང་གི་མི་རིགས་ལ་བདག་པོ་བརྒྱག་དགོས་པ་དེ་ཧ་ཅང་གལ་ཆེན་པོར་ེད།
    བལ་ཡུལ་མཆོད་རྟེན་མཐའ་ཁོར་དུ་བོད་པ་ཧ་ཅང་མང་པོ་ཡོད་པ་རེད། བལ་ཡུལ་རྒྱལ་སའི་མཐའ་ཁོར་དུ་བོད་པའི་དགོན་པ་ཉི་ཤུ་རྩ་གྲངས་ཤིག་ཡོད་རེད། སྤོག་རར་བོད་པའི་གཞིས་ཆགས་ཆེ་ཤོས་ཤིག་ཡོད་རེད།

    Reply
  4. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    ས་ཡོམ་རྒྱག་སའི་ས་ཚིགས་ལ་བལྟས་པ་ཡིན་ན། སྦོག་ར་བཀྲ་ཤིས་གླིང་གཞིས་ཆགས་དང་བལ་ཡུལ་རྒྱལ་ས་ཀ་ཊི་མན་ཊོ་གཉིས་ཀྱི་དཀྱིས་དབུས་ཆགས་ཡོད། དེ་བས་བོད་མིའི་གཞིས་ཆགས་འདིར་ས་ཡོམ་གྱི་གནོད་འཚེ་ཕོག་ཡོད་རྒྱུ་རེད་བསམ་བསམ་ཤིག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese