མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་སྒང་འགན་ལྷན་མཇུག་སྒྲིལ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་མཇུག་སྒྲིལ་འདུག  

ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༧ བར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ་ཚོགས་ཡོད་པ་དང་། ལྷན་ཚོགས་ཐོག་ཆུ་སྒང་དབུས་རྒྱུན་རྣམ་པའི་གཙོས་རྒྱ་གར་དང་བལ་ཡུལ། ཨ་རིའི་ནང་ཡོད་པའི་ས་གནས་ཁག་གི་རྒྱུན་ལས་དང་ཚོགས་མི་བཅས་ཁྱོན་མི་ ༨༠ ཙམ་མཉམ་ཞུགས་གནང་ཡོད་ཅིང་། ཚོགས་ཐོག་ཏུ་ས་གནས་ཁག་ ༡༨ ཙམ་ནས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༦ ཚེས་ ༢༦ ནས་ ༢༠༡༥ ཟླ་ ༤ ཚེས་ ༡༨ བར་གྱི་རྩིས་ཁྲ་དང་ལས་བསྡོམས་སྙན་སྒྲོན་ཞུས་པའི་ཐོག་གོ་བསྡུར་གནང་ཡོད་པ་དང་འབྲེལ། གྲོས་གཞི་གྲོས་འཆར་ཁག་གི་ཐོག་བགྲོ་གླེང་དང་། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་སྔོན་རྩིས་གཏན་འབེབས་བཅས་གནང་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༧ ཉིན་སྤྱི་མོས་ཐོག་ནས་གྲོས་ཆོད་དོན་ཚན་ ༡༣ གཏན་འབེབས་གནང་ཡོད་པའི་ནང་། རང་ཁོངས་བོད་ཡིག་གཙོ་གཉེར་གྱི་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཚོར་ཆེ་མཐོང་དང་སྐུལ་ལྕག་གཏོང་ཆེད། སཱ་ར་དང་ཝར་ཎ། སྨན་རྩིས་ཁང་། ནོར་གླིང་བཅས་ཀྱི་སློབ་མ་ ༥ བཅས་ཁྱོན་མཐོ་རིམ་སློབ་མ་གྲངས་ ༧༢ ལ་ལོ་རེར་སློབ་ཡོན་དོད་འབུལ་ཐབས་ལ་འབད་བརྩོན་བྱ་རྒྱུ་དང་། རྒན་རབས་རྣམ་པའི་བཀའ་དྲིན་རྗེས་དྲན་ཆེད་རང་ཁོངས་ཀྱི་རྒན་པ་མི་གྲངས་ ༡༠༠ ལ་འཚོ་སྣོན་རོགས་དངུལ་འབུལ་རྒྱུ། གཞན་ཡང་། ཡུ་རོབ་ཁུལ་དང་བྱང་ཨ་རིའི་ཁུལ་གྱི་ས་གནས་ཁག་མཉམ་འབྲེལ་གྱི་ཐོག་ནས་འགྲོ་གྲོན་རང་གཏོང་གིས། ལོ་འཁོར་ལས་བསྡོམས་ཀྱི་ཚོགས་ཆེན་རེ་བསྡུ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་དང་། ཨ་རིའི་ཁོ་ལོ་ར་ཌོ་(Colorado)ནི་ཨ་རི་གཞུང་གིས་ཆུ་སྒང་བསྟན་སྲུང་དང་བླངས་དམག་མིར་གསང་བའི་དམག་སྦྱོང་སྤྲོད་སའི་ལོ་རྒྱུས་རང་བཞིན་ལྡན་པའི་ས་གནས་གལ་ཆེན་ཞིག་ཡིན་སྟབས། དགོས་མཁོའི་མཐུན་རྐྱེན་དང་གོ་སྐབས་བྱུང་ཚེ་དེར་དཔའ་བོའི་རྗེས་དྲན་གྱི་རྡོ་རིང་ཞིག་གསར་བཞེངས་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ། དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བལ་ཡུལ་གྱིས་གཙོས་བོད་དང་རྒྱ་གར་བཅས་ཀྱི་ནང་ས་ཡོམ་གྱིས་གོད་ཆག་ཆེན་པོ་བྱུང་བར་གདུང་སེམས་མཉམ་སྐྱེད་དང་འདས་གསོན་ཡོངས་ལ་བསྔོ་སྨོན་སེམས་གསོ་ཞུ་བཞིན་ཡོད་སྐོར་སོགས་བཀོད་འདུག

དེ་ཡང་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་སྔར་ལྷག་དོ་ནན་ཡོང་ཐབས་དང་། སྐུའི་ཞབས་རིམ་ཆེན་མོ་དང་འབྲེལ་བའི་གྲོས་ཆོད་ཁག་ཅིག་སྤྱི་མོས་གཏན་འབེབས་བྱུང་བའི་ནང་། ༧གོང་ས་མཆོག་གི་སྐུའི་ཆ་ཤས་ཕྲ་མོ་ཙམ་ལའང་བར་ཆད་འབྱུང་སྲིད་པའི་བྱ་ངན་རྩོམ་མཁན་དང་། དངོས་སུ་ངོ་རྒོལ་མཚན་སྨད་ཞུ་མཁན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་དང་། འབྲེལ་ཡོད་རྒྱ་གར་དབུས་སའི་གཞུང་བཅས་ལ་སྔར་ལྷག་སྐུ་ཕྱྭའི་ཉེན་སྲུང་ཐད་དོ་ནན་དགོས་པའི་སྙན་ཞུ་འབུལ་རྒྱུ་དང་འབྲེལ་རྒྱུན་དུ་ཞབས་རིམ་གསོག་སྒྲུབ་གང་ནུས་བྱ་རྒྱུ་དང་། འདི་ལོར་༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༠ ཕེབས་བཞིན་པའི་སྐབས་དང་བསྟུན། དབུས་རྒྱུན་གྱིས་སྣེ་ཁྲིད་དེ་ས་གནས་སོ་སོ་ནས་ཚེ་ཐར་སྲོག་བླུ་དང་ཤིང་སྣ་འདེབས་འཛུགས་གང་མང་ཐུབ་ཐབས་དང་། ཁོར་ཡུག་གཙང་སྦྲའི་ལས་གཞི་རྒྱ་ཆེར་སྤེལ་རྒྱུ། གཞན། ༸རྒྱལ་བའི་བསྟོད་ཚོགས་ཀྱི་ཆེད་དེབ་ཅིག་པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་བཅས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༧ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༩ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 1

  1. མགོ་ལོག་ཟླ་བྷེ། says:
    ལོ་ 11 སྔོན།

    བསྡུ་བའི་ཞབས་བཞི་ཕྱིན་དྲུག་ཕྱག་གི་རྒྱ།།
    སྲིད་ཞིའི་ཁྱོན་ལ་གདེངས་མཛད་ཁྲོ་བོའི་ལྷ།།
    མ་རིགས་བགེགས་ལ་རྔམ་པ་ཅི་བཞིན་དུ།།
    ཆུ་བཞི་སྒང་དྲུག་དཔའ་བོའི་བྱུང་རབས་བརྗིད།།

    སྐབས་གསུམ་གནས་ལ་སྐྱེངས་པ་ཀུན་སྟེར་བའི།།
    ཆོས་ལྡན་ཞིང་ཞེས་གངས་དཀར་ར་བ་ཆེ།།
    འཁྱོག་འགྲོ་དམར་པོས་མ་རུངས་དུག་གི་ལྕེས།།
    འགམ་པར་བརྩམས་ཚེ་སེམས་ལྡན་སུ་ཡིས་བཟོད།།

    ཁྱད་པར་༧ ལྷ་གཅིག་ཕྱག་ན་པད་མོའི་གར།།
    འགྲོ་ཁམས་ནམ་མཁའི་ནོར་བུ་ཉག་གཅིག་ཡང་།།
    སྐྱིན་ཐང་གདུང་གི་འབྲས་ལྡན་སྙེ་མ་ལྟར།།
    གྱུར་ཚེ་སྲོག་དང་བསྡོ་བར་ཅིའི་མི་བྱེད།།

    ཨ་འབྲུག་མགོན་པོས་ནོར་རྩེན་མཛོད་ཕྱེ་ནས།།
    དཔུང་ཆེན་མཁོ་རྒུའི་མཐུན་རྐྱེན་སྦྱར་དང་ལྷན།།
    བསྟན་སྲུང་དང་བླངས་དཔའ་རྟུལ་ངར་མའི་ཚོགས།།
    མེ་ཆར་བཞིན་དུ་ཀུན་ནས་འབབ་པར་བྱས།།

    ཀུན་གསལ་སྒེག་མོའི་ཕྱག་གི་མེ་ལོང་ཆེ།།
    ས་ལ་ལྷུང་འདྲའི་ལྕགས་ཚ་གྲུ་གུ་ཐང་།།
    མདོ་ཁམས་མི་ཡི་སེང་གེའི་དཔུང་ཆེན་གྱིས།།
    སྐྱོམ་པར་བྱས་པས་གདེངས་ཅན་ཕོ་བྲང་བསྙིལ།།

    རུས་པའི་བཙན་རྫོང་བཟུང་བའི་ཕ་རོལ་ན།།
    དགྲ་བོའི་རོ་ཡང་ལྷུན་པོའི་གཟུགས་སུ་བཀོད།།
    རང་གཞན་ཁྲག་གི་རྒྱ་མཚོ་གཏིང་རིང་དེས།།
    ཆུ་ཡི་སྐྱར་མོ་དག་ལ་ངལ་བ་བྱིན།།

    བརྒྱ་ཤི་སྟོང་ལངས་མང་སྣ་ཉུང་གཏད་ཀྱིས།།
    གནམ་གྱི་གྲུ་དང་ས་ཡི་སྒྱོགས་ཆེན་སོགས།།
    ཚོན་གྱི་རིགས་བྱེད་བྱེ་བའི་ཆར་ཕབ་ཀྱང་།།
    ཐུ་བྷོད་འབྲོང་གི་སྙིང་ཁམས་ཞུམ་མ་གྱུར།།

    དེ་ལྟ་མོད་ཀྱི་དཀར་མིན་ལས་དབང་གིས།།
    རང་ས་འཛིན་པའི་རེ་འབྲས་ཕྲ་ན་ཡང་།།
    ༧མི་ཡི་ནོར་བུ་བཀའ་འཁོར་དང་བཅས་པ།།
    འཕགས་ཡུལ་ཕེབས་ལ་རང་སྲོག་གཏའ་མར་བཞག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese