མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཡོན་ཁཱང་གི་གྲོགས་པོ་ཤིག་ལ་ཞིབ་བཤེར་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྡོ་སྣུམ་སྡེ་ཁག་གི་ཀྲུང་ཧྲི་ཧྭ་ཡི་བཟོ་གྲྭའི་འགན་འཛིན་ཝང་ཐན་ཕོའུ་རྒྱ་གཞུང་གིས་ཞིབ་བཤེར་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་བྱས་འདུག

ཁ་སང་རྒྱ་གཞུང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲ་བའི་སྟེང་། རྒྱ་ནག་རྡོ་སྣུམ་ཀྲུང་ཧྲི་ཧྭ་ (中石化) བཟོ་གྲྭའི་འགན་འཛིན་གཙོ་བོ་ཝང་ཐན་ཕོའུ་(Wang Tianpu) ནག་ཉེས་ཚབས་ཆེན་བཟོས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་བྱས་པ་དང་། བརྒྱུད་ལམ་ཁག་ཏུ་ཝང་ཐན་ཕོའུ་ཡིས་ཀྲུའུ་ཡོན་ཁཱང་གི་བུ་ཀྲུའུ་པེན་ (Zhou Bin) ལ་ཁེ་བཟང་བསྐྲུན་ཡོད་པ་དང་། ཝང་ཐན་ཕོའུ་ནི་ཀྲུའུ་ཡོན་ཁཱང་གི་བློ་ཁེལ་ས་ཞིག་ཡིན་སྐོར་སོགས་བརྗོད་འདུག

ཝང་ཐན་ཕོའུ་མཐའ་མཇུག་ཕྱིར་ཐོན་པ་དེ་ཟླ་འདིའི་ཚེས་ ༢༤ ཉིན་ཡིན་པ་དང་། སྐབས་དེར་ཁོས་རྒྱ་ནག་རྡོ་སྣུམ་བཟོ་གྲྭའི་སྐབས་དང་པོའི་འགན་འཛིན་ལྷན་ཚོགས་ཐེངས་ ༢༥ བའི་སྟེང་། ཁོས་ལས་རིགས་དང་འབྲེལ་བའི་གནས་ཚུལ་སྙན་སེང་ཞུས་ཡོད་འདུག

ཁ་སང་ཕྱི་དྲོར་རྒྱ་ནག་ཚད་ཞིན་དྲ་བར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཞིག་གིས་བརྗོད་པ་ལྟར་ན། ཝང་ཐན་ཕོའུ་ཡིས་རང་གི་གཉེན་ཉེ་ལ་རོགས་སྐྱོར་བྱེད་ཆེད་དུ་རྒྱ་ནག་རྡོ་སྣུམ་བཟོ་གྲྭའི་ཚོང་ཟོག་མངག་ཐོ་འབོད་ཆེན་བླངས་པ་དང་། ཀྲུའུ་ཡོན་ཁཱང་གི་བུ་ཀྲུའུ་པེན་ལ་རྒྱལ་ཁའི་སྣུམ་ཞིང་( 胜利油田) གི་ཡོ་ཆས་ཉོ་ཚོང་ཁེ་ཕན་བསྐྲུན་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་རྡོ་སྣུམ་བཟོ་གྲྭའི་ནང་ལོགས་སུ་ཝང་ཐན་ཕོའུ་ལ་གནོད་སྐྱོན་བྱུང་སྲིད་པའི་གླེང་སློང་བྱུང་ཡོད་འདུག

 རྒྱ་གཞུང་ཕིན་ཕད་ (Pengpai) གསར་འགྱུར་དྲ་བའི་སྟེང་། ཀྲུང་ཧྲི་ཧྭ་བཟོ་གྲྭའི་མི་ཞིག་གིས་བརྗོད་པ་ལྟར་ན། ཝང་ཐན་ཕོའུ་དང་ཀྲུའུ་ཡོན་ཁཱང་གཉིས་ལ་འབྲེལ་བ་ཡག་པོ་ཡོད་པ་དང་། ༢༠༡༡ ལོའི་སྔ་རྗེས་སུ་ཝང་ཐན་ཕོའུ་ཡི་གླེང་མོལ་ནང་དུ་ཐེངས་ཅིག་ཁོས་ཀྲུའུ་ཡོན་ཁཱང་ལ་མཇལ་འཕྲད་བྱས་སྐབས། ཀྲུའུ་ཡོན་ཁཱང་གིས་ཝང་ཐན་ཕོའུ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་ཚུལ་བརྗོད་ཡོད། ཅེས་དང་། ཝང་ཐན་ཕོའུ་ཞིབ་བཤེར་གྱིས་ཅི་ལོའུ་རྡོ་སྣུམ་ (齐鲁石化)ལ་འབྲེལ་བ་ཡོད་པའི་གནས་ཚུལ་འཐོན་སྲིད། གང་ཡིན་ཞེ་ན། ཅི་ལོའུ་རྡོ་སྣུམ་ནི་སྔོན་ཆད་རྒྱལ་ཁའི་སྣུམ་ཞིང་གི་རྡོ་སྣུམ་བཙོ་སྦྱང་གི་ཆ་ཤས་ཡིན་པ་དང་། ཝང་ཐན་ཕོའུ་དང་ཀྲུའུ་ཡོན་ཁཱང་གཉིས་རྒྱལ་ཁའི་སྣུམ་ཞིང་ནས་ཡོང་པའི་དཔོན་རིགས་ཡིན་པར་རྩི་ཆོག ཅེས་སོགས་བརྗོད་འདུག

དེ་རིང་ཀྲུང་གོར་ལྟ་བ་ཞེས་པའི་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་རྡོ་སྣུམ་སྡེ་ཁག་ཏུ་ཀྲུང་ཧྲི་ཧྭ་ ( 中石化) དང་། རྒྱ་ནག་རྡོ་སྣུམ་ ( 中石油) ཀྲུང་ཧེ་སྣུམ་ ( 中海油) སོགས་ནི། སྔོན་ཆད་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་ཤོག་ཁག་གི་དབང་ཤུགས་ཁྱབ་ཁོངས་དང་། དམིགས་བསལ་རྡོ་སྣུམ་ར་སྐོར་དེ་ཅང་ཤོག་མི་སྣ་གཙོ་གྲས་གཉིས་པ་ཚིན་ཆིན་ཧོན་གྱི་ས་ཁུལ་ཡིན་འདུག

ཕྱིའི་བརྒྱུད་ལམ་ཁག་ཏུ་སྔོན་ཆད་ཚིན་ཆིན་ཧོན་ནི་རྡོ་སྣུམ་ཤོག་ཁག་གི་ཚོགས་གཙོ་ཡིན་པ་དང་། རྗེས་སུ་ཀྲུའུ་ཡོན་ཁཱང་གིས་ཚོགས་གཙོའི་འགན་ཁུར་ཡོད་འདུག་པར་བརྗོད་པ་དང་། དེ་བཞིན་དུ་རྡོ་སྣུམ་ར་སྐོར་ནང་ཚུད་པའི་ཆབ་སྲིད་ལྷན་ཁང་གི་མགོ་གཙོ་ཟུར་པ་ཀྲུའུ་ཡོན་ཁཱང་དང་རྒྱ་ནག་རྡོ་སྣུམ་འགན་འཛིན་ཟུར་བ་ཅང་ཅད་མིས་ (Jiang Jiemin)། ཀྲུང་ཧྲི་ཧྭ་ཡི་འགན་འཛིན་ཟུར་བ་ཁྲིན་ཐོན་ཧེ་ (Chen Tonghai)། ད་ལྟའི་ཀྲུང་ཧྲི་ཧྭ་ཡི་འགན་འཛིན་ཧྥོ་ཁྲིན་ཡོའུ་ (Fu Chengyu)། སྔོན་ཆད་ཀྲུང་ཧྲི་ཧྭ་མའོ་མིན་རྡོ་སྣུམ་བཟོ་གྲྭ་ (中石化茂名石油工业公司)ཡི་འགན་འཛིན་དང་། ད་ལྟ་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་འཛིན་གཞོན་པ་ཀྲང་ཀོ་ལི་ (Zhang Gaoli) སོགས་ནི་ཚིན་ཆིན་ཧོན་གྱིས་བློ་ཁེལ་སའི་མི་ཡིན་པར་བརྗོད་བཞིན་ཡོད་འདུག

ཝང་ཐན་ཕོའུ་ནི་ཕྱི་ལོ་ ༡༩༦༢ ལོའི་ཟླ་ ༩ བའི་ནང་ཧྲན་ཏོན་ཁྲང་ལི་ནས་སྐྱེས་ཤིང་། ༡༩༨༥ ལོའི་ཟླ་ ༧ པའི་ནང་ཆིན་ཏོ་ཧྭ་ཀོན་སློབ་ཆེན་ནས་མཐར་ཕྱིན་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༣ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese