མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་ཁྲོམ་སར་མེ་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༡༥/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཀེ་ར་ལཱ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མིའི་ཁྲོམ་སར་མེ་སྐྱོན་བྱུང་སྟེ་ཚོང་ཁང་གསུམ་གྱི་ཆ་དངོས་ཡོངས་རྫོགས་ཚིག་ཡོད་འདུག

ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལཱ་མངའ་སྡེའི་ཝར་ཁཱ་ལཱ་བྲག་རོང་འཁྲིས་ཀྱི་མཚོ་འགྲམ་ (varkala clliff beach) ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་ཁྲོམ་སར་གློག་གི་རྒྱུ་ལམ་ཆད་དེ་མེ་སྐྱོན་བྱུང་སྟེ། ཚོང་ཁང་བདུན་ཡོད་ཁོངས་ནས་གསུམ་གྱི་ཚོང་ཟོག་ཡོངས་རྫོགས་ཚིག་ནས་ཁྱིམ་ཚང་གཅིག་ལ་ཉུང་མཐར་ཧིན་སྒོར་འབུམ་ ༤༠ ལྷག་གི་གྱོང་གུད་ཕོག་ཡོད་འདུག

དེ་རིང་གསར་འགོད་པས་ཁ་པར་བརྒྱུད་གོད་ཆག་ཕོག་མཁན་དང་ཁྲོམ་སའི་སྤྱི་མི་ལྷག་པ་མཚམས་ཆོས་ལགས་སུ་བཅར་འདྲི་ཞུས་པར་ཁོས་མོས་འདི་ལྟར་བརྗོད་བྱུང་། དེ་སྔོན་ང་ཚོས་ཀེ་ར་ལཱའི་ཀོ་ཧྥི་ཁང་ (Kerala Coffee house) ཞེས་པའི་ནང་ཁྲོམ་སྟོན་གྱིན་ཡོད་ཀྱང་། ལོ་རེ་བཞིན་ཁྲོམ་སའི་རིན་གོང་འཕར་གྱི་ཡོད་སྟབས་ཁྲོམ་ས་བརྗེ་པོ་བརྒྱབ་ཏེ། ༢༠༠༥ ལོ་ནས་བཟུང་ཝར་ཁཱ་ལཱ་བྲག་རོང་འཁྲིས་ཀྱི་མཚོ་འགྲམ་ (varkala clliff beach) ཞེས་པར་ཁྲོམ་ས་བཟུང་ནས་བསྡད་པ་རེད། འདིའི་ནང་སྦེལ་ཀོབ་དང་ལ་དྭགས། བལ་ཡུལ་དང་ལྡེ་ར་ལྡུན་སོགས་ནས་ཡོང་བའི་ཚོང་ཁང་ ༧ ཡོད་ཀྱང་ཕྱི་སུ་ ༢ ཕྱི་རྒྱལ་དུ་ཕྱིན་ཤུལ་དུ་ ༥ བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

ལྷག་པ་མཚམས་ཆོས་ལགས་སུ་མེ་སྐྱོན་ཁྲོད་ཚོང་ཁང་ཚིག་སྐྱོན་གནས་སྟངས་དྲིས་པར་ཁོ་མོས། ཚོང་ཁང་གཉིས་ཀྱི་ཅ་ལག་མེ་སྐྱོན་མ་བྱུང་སྔོན་ལ་ས་ཆ་གཞན་ལ་བསྡུ་གསོག་བརྒྱབ་ནས་ནང་ལ་འཐོན་རྩིས་བྱེད་བཞིན་ཡོད་སྟབས། ཐབ་ཚང་གི་ཅ་དངོས་མ་གཏོགས་མེས་ཚིག་ཡོད་པ་མ་རེད། ནང་མི་གཞན་གསུམ་གྱི་ཅ་དངོས་ཡོངས་རྫོགས་རྩ་མེད་ཆགས་ཚར་བ་རེད། ང་རང་ཉིན་དེར་ནང་ལ་སྤུན་མཆེད་སླེབ་ཡོད་སྟབས་སྔ་དྲོའི་ཆུ་ཚོད་ ༨ ཡོལ་ཙམ་ལ་ཚོང་ཁང་སྒོ་བརྒྱབ་ནས་ཁོ་ཚོ་དང་མཉམ་དུ་ཁྲོམ་ལ་ཕྱིན་པ་ཡིན། ང་ཚོ་ཁྲོམ་ནས་ཆུ་ཚོད་ ༡༠།༣༠ ཙམ་ལ་ཕྱིར་ནང་ལ་ལོག་ཡོང་སྐབས། ཚོང་ཁང་ལ་མེ་ཤོར་ནས་ཉེ་འཁོར་གྱི་མི་ཚོས་མེ་གསོད་ཐབས་བྱེད་བཞིན་འདུག་ཀྱང་། ཅ་དངོས་ཡོངས་རྫོགས་ཚིག་ནས་ཐལ་བ་ཆགས་འདུག ད་རེས་ང་རང་གི་ཚོང་ཁང་གཅིག་པུར་ཆ་བཞག་ན་ཧིན་སྒོར་འབུམ་ ༤༠ ནས་ ༥༠ ཙམ་ཞིག་གི་གྱོང་བརྒྱབ་སོང་། ཞེས་བརྗོད་བྱུང་།

གསར་འགོད་པས་མེ་སྐྱོན་བྱུང་རྗེས་མངའ་སྡེའི་གཞུང་དང་བོད་མིའི་སྒྲིག་འཛུགས་སོགས་ནས་རོགས་རམ་གནང་ཡོད་མེད་དྲིས་པར་ཁོ་མོས། མངའ་སྡེའི་གཞུང་གིས་མེ་སྐྱོན་བྱུང་བའི་བོད་མིའི་ཚོང་ཁང་གསུམ་ལ་ཁྱོན་བསྡོམས་ཧིན་སྒོར་ཁྲི་གཅིག་གནང་བྱུང་བ་ལས་གཞན་རོགས་རམ་གང་ཡང་གནང་མ་སོང་། ད་ལྟ་ལྷོ་སྤྱི་མཆོག་ས་གནས་སུ་ཕེབས་ནས་གོད་ཆག་བྱུང་བ་ཚོ་དང་ཚོགས་འདུ་འཚོགས་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་རོགས་རམ་ག་ཚོད་གནང་གི་ཡོད་མེད་ཞུ་ཐུབ་ཀྱི་མིན་འདུག མདང་དགོང་ལྷོ་སྤྱི་མཆོག་གིས་གང་ཐུབ་རོགས་རམ་གནང་གི་ཡིན་གསུངས་སོང་། ཞེས་བརྗོད་བྱུང་།

དེ་རིང་ཉིན་རྒྱབ་གསར་འགོད་པས་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་འདི་ལྟར་གསུངས་སོང་། རྩ་བའི་ཀེ་ར་ལཱ་ཁུལ་ལ་ཚོང་པ་བདུན་བརྒྱད་ཅིག་ཡོད་ས་རེད། ཁོ་ཚོའི་ཚོང་མང་ཆེ་བ་ཕྱི་རྒྱལ་གྱི་མིར་བཙོང་རྒྱུའི་རྡོའི་རིགས་ཡིན་ས་རེད། ཉེ་ཆར་ང་ཚོར་དུད་ཚང་ཁ་ཤས་ལ་གྱོང་ཆེན་པོ་ཕོག་སོང་ཟེར་ནས་ཡར་སྙན་སེང་བྱུང་སོང་། བྱུང་བ་གཞིར་བཟུང་ལམ་སེང་བྷིང་ལོར་གྱི་ལྷོ་སྤྱི་ས་གནས་རང་ལ་ཕེབས་ནས་དངོས་ཡོད་དཀའ་ངལ་གང་འཕྲད་འདུག གྱོང་གུད་ག་ཚོད་ཕོག་འདུག དེ་ཚོའི་ཐོག་ལ་ཞིབ་འཇུག་བྱོས་ཟེར་ནས་བཀའ་མངགས་བྱས་ཡོད་པ་རེད། ད་ལྟ་ང་ཚོར་གནས་ཚུལ་ཆ་ཚང་བ་ཞིག་འབྱོར་མ་སོང་ཡང་། དུད་ཚང་བདུན་ནང་ནས་གསུམ་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པའི་གནས་ཚུལ་ཞིག་འདུག ལྷོ་སྤྱི་ས་གནས་ལ་སྐོར་སྐྱོད་ཕྱིན་པའི་སྙན་ཐོ་ཡར་འབྱོར་རྗེས། གྱོང་གུད་ལ་དཔག་པའི་རོགས་པ་ག་ཚོད་དགོས་ཀྱི་འདུག གོད་ཆག་ཕོག་མཁན་ལ་རོགས་རམ་གནང་ཕྱོགས་ཀྱི་སྒྲིག་གཞི་ཞིག་འདིར་ཡོད་པ་རེད། གྱོང་གུད་གྱི་དངུལ་འབོར་ལྟ་བུ་ཞིག་གནང་ཐུབ་རྒྱུ་ཁག་པོ་ཡིན་ཡང་། ང་ཚོས་དེ་སྔ་ནས་གང་ཐུབ་ཅི་ཐུབ་གནང་དང་གནང་གི་ཡོད་པ་གཞིར་བཟུང་ད་རེབ་ཀྱང་གང་ཡོང་ཡོང་གནང་གི་རེད། ཅེས་གསུངས་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༠ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 1

  1. བདེ་རྒྱལ། says:
    ལོ་ 11 སྔོན།

    ལོ་རྟག་པར་བོད་མིའི་ཁྲོམ་ས་ཞིག་ལ་མེ་ཤོར་བའི་དགོས་པའི་རྒྱུ་མཚན་ཅི་ཡིན་ལ་ཞིབ་འཇུག་བྱ་དགོས། ངེས་པར་དུ་ལོ་རེར་བོད་མིའི་ཁྲོམ་ས་ཞིག་མེ་ལ་ཤོར་དགོས་པ་ལྟ་བུ་ཞིག་ཆགས་ཀྱི་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese