མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟག་རྒན་ཞིག་མིན་ཡང་ལྐོག་ཟ་རུལ་སུངས་ཀྱི་རྒྱལ་པོ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཡུན་ནན་ཞིང་ཆེན་མི་དམངས་སྨན་ཁང་དང་པོའི་འགན་འཛིན་ཟུར་བ་ཝང་ཐན་ཁྲའོ་ཡིས་ལྐོག་ཟ་རུལ་སུངས་འབོར་ཆེན་བྱས་ཡོད་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན་ཏེ། ཁོ་བོ་ནི་ཀྲུའུ་ཡོན་ཁཱང་བརྒྱུད་ནས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་མནར་གཅོད་སོགས་བཏང་བར་ཡང་འབྲེལ་བ་ཡོད་སྐོར་གླེང་གི་འདུག

ཟླ་འདིའི་ཚེས་ ༢༧ ཉིན། རྒྱ་ནག་གི་ཆེས་མཐོའི་མི་དམངས་ཞིབ་བཤེར་ཁང་གི་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། ཡུན་ནན་ཞིང་ཆེན་མི་དམངས་སྨན་ཁང་དང་པོའི་འགན་འཛིན་ཟུར་བ་ཝང་ཐན་ཁྲའོ་ (Wang Tianchao) ཡིས་དངུལ་འབོར་ཆེན་ལྐོག་ཟ་བྱས་ཡོད་པ་དང་། ལོ་སྔོན་མའི་ཕྱི་ཟླ་ ༩ བའི་ནང་གོ་གནས་བླངས་ཏེ་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་ཅིང་། ༢༠༠༥ ལོ་ནས་ ༢༠༡༤ ལོའི་བར་ཁོས་ཡུན་ནན་མི་དམངས་སྨན་ཁང་དང་པོའི་འགན་འཛིན་གྱི་གོ་གནས་བེད་སྤྱོད་དེ། གཞན་གྱི་རྒྱུ་ནོར་ཚོད་མེད་དུ་བླངས་པའི་སྤྱི་སྡོམ་རྒྱ་སྒོར་ཁྲི་ ༣༥༠༠ ལ་གནས་ཡོད་པ་དང་། ཁང་པ་དང་རླངས་འཁོར་འཇོག་ས་ ༡༠༠ བཅས་ཁྱོན་རྒྱ་སྒོར་ཁྲི་ ༨༠༠༠ ལ་གནས་པ་ཞིག་གཞུང་བཞེས་བཏང་ཡོད་འདུག


དེ་རིང་རྒྱ་ནག་ཞིན་ཧྭ་དྲ་བའི་སྟེང་། ཝང་ཐན་ཁྲའོ་ཡིས་འདས་པའི་ལོ་བཅུའི་རིང་ཁང་པ་བརྒྱ་སྒེར་བདག་བྱས་པ་དེ་ནི་རྒྱ་ནག་མི་མང་གི་བློ་ངོར་མི་ཤོང་བ་ཞིག་ཡིན་ལ། ཁོས་ལོ་བཅུའི་ནང་རྒྱ་སྒོར་ཁྲི་ ༣༥༠༠ ལྐོག་ཟ་བྱས་པ་དེ་ཆ་སྙོམས་བྱས་ན་ཉིན་ཅིག་ལ་རྒྱ་སྒོར་ཁྲི་ ༡ རེ་ཟོས་ཡོད་པ་དང་། ལོ་བཅུའི་ནང་ཁང་པ་དང་རླངས་འཁོར་འཇོག་ས་བརྒྱ་སྐོར་བདག་བཟུང་བྱས་དེ་ཆ་སྙོམས་བྱས་ན་ཟླ་གཅིག་རེར་ཁང་པ་གཅིག་དང་རླངས་འཁོར་འཇོག་ས་གཅིག་རེ་རྔན་པར་བླངས་ཡོད་སྟབས། གལ་སྲིད་ཁང་པ་འདི་དག་པེ་ཅིན་ན་ཡོད་ཚེ་ཁོ་ལ་སྲོག་ཁྲིམས་ཐེངས་ ༦ ཙམ་འབབ་པ་དང་། ཝང་ཐན་ཁྲའོ་ནི་རྒྱ་ནག་གི་སྟག་རྒན་གྱི་གྲས་ཤིག་མིན་ཡང་ལྐོག་ཟ་རུལ་སུངས་ཀྱི་རྒྱལ་བོའི་གྲས་ཤིག་ཡིན་སྐོར་སོགས་བརྗོད།

དེ་རིང་ཞིན་ཐང་རིན་གྱིས་རྒྱ་ནག་སྐམ་ས་ཆེན་མོའི་སྐད་འཕྲིན་ “ཆབ་སྲིད་ར་བ།”〝政知圈〞ཞེས་པའི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། ཝང་ཐན་ཁྲའོ་ཡུན་ནན་ཞིང་ཆེན་མི་དམངས་སྨན་ཁང་དང་པོ་ནས་ལོ་བཅུའི་རིང་ལས་ཀ་བྱས་སྐབས། ཡུན་ནན་ཞིང་ཆེན་གྱི་མགོ་གཙོ་ཟུར་བ་པད་ཨིན་ཕེ་ (Bai Enpei)དང་མཉམ་དུ་སྨན་བཅོས་བདེ་ཐང་སྲུང་སྐྱོབ་ཚོགས་ཆུང་ཞིག་བཙུགས་ཡོད་འདུག ཡུན་ནན་སྨན་བཅོས་ཚོགས་ཆུང་གི་མི་སྣ་ཞིག་གིས་སྨན་སློབ་གླིང་《医学界》དུས་དེབ་སྟེང་བརྗོད་པར། ཝང་ཐན་ཁྲའོ་སྔོན་ཆད་བདེ་ཐང་སྲུང་སྐྱོབ་ཚོགས་ཆུང་ནང་འཛུལ་ཞུགས་བྱས་ཡོད་པ་དང་། ཁོས་དཔོན་རིགས་ཚོ་དང་དཔོན་རིགས་ཀྱི་ནང་མི། མཐའ་ན་དཔོན་རིགས་དེ་དག་གི་ཕྲུ་གུ་གཉོར་མཁན་སོགས་ཀྱི་སར་སོང་ནས་ནད་ལ་བརྟག་དཔྱད་བྱས་ཏེ་དཀའ་ལས་མི་ཉུང་བ་ཞིག་བརྒྱབ་ཡོད་པ་རེད། ཅེས་སོགས་བརྗོད་འདུག

ཆབ་སྲིད་ར་བས་སྨན་པ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། ཡུན་ནན་ཞིང་ཆེན་སྨན་ཁང་དང་པོ་དེ་ལོ་ ༡༠ ཡི་ནང་ལ་དར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། དཔོན་རིགས་དེ་དག་གིས་སྨན་ཁང་གི་ལས་བྱེད་དང་སྨན་པ་ཚོའི་ཕྱོགས་ལ་བསམ་བློ་གཅིག་ཀྱང་བཏང་མི་འདུག ཝང་ཐན་ཁྲའོ་གོ་གནས་ནས་ཕབ་པ་དེ་ནི་དཔལ་འབྱོར་གྱི་གནད་དོན་ཡིན་ཞིང་། དཔོན་རིགས་ཚོས་གོ་གནས་ཉོ་ཚོང་བྱེད་སྐབས་སྨན་པའི་ཚན་ཁག་གཅིག་གི་འགན་འཛིན་གྱི་གོ་གནས་ཉོ་བར་རྒྱ་སྒོར་ཁྲི་ ༣༠ ནས་ ༤༠ དགོས་པ་དང་། གཉིས་ནས་ཅ་དངོས་མཁོ་སྒྲུབ་བྱེད་པ་དང་སྨན་མཛོད་ཁང་སོགས་རྒྱག་པའི་རྨང་གཞིའི་འཛུགས་སྐྲུན་སོགས་ཀྱི་སྟེང་ནས་རུལ་སུངས་བྱས་ཡོད་པ་དང་། ཝང་ཐན་ཁྲའོ་ནི་སྨན་ཁང་དེའི་སྨན་ཚོང་ཁང་གི་ཁེ་ཕན་ཟ་མཁན་གཙོ་གྲས་ཤིག་ཡིན་སྐོར་སོགས་བཀོད་འདུག  

དོ་སྣང་བྱ་འོས་པ་ཞིག་ནི། ཡུན་ནན་ཞིང་ཆེན་མི་དམངས་སྨན་ཁང་དང་པོ་དེ། ༢༠༡༣ ལོའི་རྒྱ་ནག་གི་འཕྲོད་བསྟེན་འཆར་འགོད་དྲ་རྒྱའི་ཐོག་སྨན་ཁང་ ༡༦༥ ཡིས་མིའི་དབང་བོ་སྤོ་འཛུགས་བྱེད་བཞིན་པའི་མིང་ཐོ་བཀོད་ཡོད་པའི་ནང་། ཡུན་ནན་ཞིང་ཆེན་མི་དམངས་སྨན་ཁང་དང་པོས་གློ་མཆིན་གཉིས་སྤོ་འཛུགས་བྱེད་བཞིན་ཡོད་པ་བཀོད་ཡོད་པ་དང་། ༢༠༠༥ ལོའི་ཟླ་ ༡༢ ཚེས་ ༡༥ ཉིན་ཡུན་ནན་གྱི་དྲ་ཚིགས་ཤིག་ཏུ། སློབ་ཆེན་བུ་མོ་ཞིག་གི་སྙིང་ལ་ཁ་གསབ་དང་གློ་བ་གསར་བརྗེ་བྱས་ཏེ་བུ་མོ་དེའི་ཚེ་སྲོག་སྐྱོབ་པ་དེས། ཞིང་ཆེན་མི་དམངས་སྨན་ཁང་དང་པོའི་དབང་བོ་སྤོ་འཛུགས་ཀྱི་ལག་རྩལ་རྒྱལ་ཡོངས་སྨན་ཁང་ཁག་གི་མདུན་གྲལ་དུ་ཐོན་ཡོད་སྐོར་བརྗོད་ཡོད། སྐབས་དེར་ཞིང་ཆེན་སྨན་ཁང་དང་པོའི་འགན་འཛིན་ཝང་ཐན་ཁྲའོ་ནི་དབང་བོ་སྤོ་འཛུགས་མགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཡིན་འདུག

༢༠༡༡ ལོའི་ཟླ་ ༡༡ ཚེས་ ༡༢ ཉིན། ཡུན་ནན་གསར་ལམ་སྟེང་གི་༼ང་ཚོའི་ཞིང་ཆེན་གྱིས་མཆིན་པ་བརྗེས་པོ་རྒྱབ་པའི་མི་ལོ་ ༡༢ ཡི་ནང་ལ་འཚོ་སྡོད་ཡག་པོ་བྱས་འདུག༽ཅེས་པའི་ནང་། ཡུན་ནན་ཞིང་ཆེན་གྱི་སྨན་ཁང་ཁག་ཅིག་གི་དབང་བོ་སྤོ་འཛུགས་ཐད་དོགས་གཞི་ཞིག་བྱུང་ཡོད་པ་ནི་དབང་བོ་དེ་དག་གི་ཡོང་ཁུངས་གང་རེད་དམ་ཞེས་པའི་དྲི་བ་དེ་ཡིན་འདུག 

ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ། ཝང་ཐན་ཁྲའོ་ཡིས་རོགས་སྐྱོར་བྱེད་ཡུལ་པད་ཨིན་ཕེ་ནི་རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་འགན་འཛིན་ཟུར་བ་ཀྲུའུ་ཡོན་ཁཱང་གི་མི་ཡིན་ཞིང་། ༢༠༡༡ ལོར་ཁོས་ཀྲུའུ་ཡོན་ཁཱང་དང་འགྲོགས་ནས་ས་ཆ་ཁ་ཤས་ལ་སྐོར་སྐྱོད་བྱས་ཡོད་པ་དང་། ༢༠༠༧ ལོར་ཀྲུའུ་ཡོན་ཁཱང་ཡུན་ནན་ལ་སྐོར་སྐྱོད་བྱེད་སྐབས་ཀྱང་པད་ཨིན་ཕེ་དང་སྐབས་དེའི་ཞིང་ཆེན་འགན་འཛིན་ཆིན་ཀན་རོན་ (Qing Guanrong)དཔུང་རོགས་གཡས་གཡོན་དུ་ཁྲིད་ཡོད་འདུག

ཆིན་ཀན་རོན་གྱི་གོ་གནས་ལྷུང་རྗེས་བརྒྱུད་ལམ་ཁག་ཏུ་མི་དམངས་རྩ་འཛུགས་ཚོགས་འདུའི་སྐབས་ཀྲུའུ་ཡོན་ཁཱང་དང་ཆིན་ཀན་རོན་གཉིས་གད་མོ་དགོད་བཞིན་པའི་པར་ཞིག་བཀྲམས་ཡོད་པ་དེས་ཁོ་གཉིས་ལ་འབྲེལ་བ་ཡག་པོ་ཡོད་པ་བསྟན་ཡོད་ཅིང་། པད་ཨིན་ཕེ་ཡང་དེ་སྔའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་གྱི་རྗེས་སུ་ཁྱི་བཞིན་རྒྱུག་མཁན་ཞིག་ཡིན་འདུག ཀྲུའུ་ཡོན་ཁཱང་གིས་མཚོ་སྔོན་དང་ཡུན་ནན་གྱི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོར་དམ་དྲག་བྱས་སྐབས། “ཡུན་ནན་ཞིང་ཆེན་ཆོས་འཁོར་རྩ་རླུང་འགྱུར་བའི་རྟེན་གཞི” 〝云南省法轮功转化基地〞ནི་པད་ཨིན་ཕེ་ཡི་སྐབས་སུ་ལག་བསྟེར་བྱས་པ་ཞིག་ཡིན་འདུག

རྒྱ་ནག་གི་དམག་མིའི་སྨན་ཁང་ཚོས་དབང་བོ་སྤོ་འཛུགས་ལས་དོན་ཁྲོད་ཀྱི་དབང་པོ་མང་ཆེ་བ་སྲོག་ཆད་བཙོན་པ་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོའི་དབང་བོ་གསོན་བཀོག་བྱས་པ་ཞིག་ཡིན་པ་དང་། ད་རེབ་ཝང་ཐན་ཁྲའོ་ལ་ཞིབ་བཤེར་བྱས་པ་དེའང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོའི་གྱོད་དོན་དང་འབྲེལ་བ་ཡོད་པ་ཆགས་སྲིད་སྐོར་བརྗོད་འདུག 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༦ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese