མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་མཆོད་འབུལ་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་ནང་པའི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ་དང་སངས་རྒྱས་པ་མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཉིན་དང་བསྟུན་ཏེ། གཟའ་ཟླ་བའི་ཉིན་རྒྱལ་ས་ལྡི་ལིར་བལ་ཡུལ་གྱི་ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་བ་དག་གི་ཆེད་དུ་རྒྱལ་སྤྱི་རང་བཞིན་གྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེན་པོ་ཞིག་གནང་རྒྱུའི་གསལ་བསྒྲགས་བྱས་འདུག

ཁ་སང་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༤ ཉིན་རྒྱལ་ས་ལྡི་ལིའི་ཌལ་ཁཱ་ཌོ་ར་རྩེད་ཐང་ (Talkatora stadium) དུ། རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་དང་རྒྱལ་སྤྱིའི་ནང་བསྟན་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་དང་བསྟུན་ཏེ། རྒྱ་གར་གཞུང་གིས་བལ་ཡུལ་གྱི་ས་འགུལ་ཁྲོད་རྐྱེན་འདས་སུ་སོང་བ་དག་གི་ཆེད་དུ་རྒྱལ་སྤྱི་རང་བཞིན་གྱི་གདུང་སེམས་མཉམ་སྐྱེད་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེན་པོ་ཞིག་འཚོགས་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་གར་དབུས་ནང་སྲིད་བློན་ཆེན་གཞོན་པ་ཀེ་རན་རེ་ཇི་ཇུ་ (Kiren Rijiju) མཆོག་གིས་བརྙན་འཕྲིན་བརྒྱུད་ལམ་ (IBNLive) ཞེས་པའི་ཐོག་བརྗོད་དོན། “ད་ཐེངས་ཀྱི་གདུང་སེམས་མཉམ་སྐྱེད་མཆོད་འབུལ་སྨོན་ལམ་དེ་ནི་རྒྱལ་སྤྱིའི་ནང་བསྟན་མཐུན་ཚོགས་དང་། སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་གིས་རྒྱ་གར་གྱི་གནའ་རབས་རིག་གཞུང་བཟང་པོ་དག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་དང་འབྲེལ་ཏེ་བལ་ཡུལ་གྱི་ས་འགུལ་ཁྲོད་རྐྱེན་འདས་སོང་བའི་བལ་པོ་དང་བོད་རིགས་ཚོར་གདུང་སེམས་མཉམ་སྐྱེད་ཞུ་ཆེད་གོ་སྒྲིག་བྱས་པ་ཞིག་ཡིན།”ཞེས་དང་། ཁོང་གིས་མུ་མཐུད་དུ། “ཁ་ཆེ་བ་ཚོས་མེ་ཁཱ་ (Mecca) དང་། ཡེ་ཤུ་བ་ཚོས་བྷེ་ཋ་ལེ་ཧམ་ (Bethlehem) གནས་གཙོ་བོར་བརྩི་བཞིན་ཡོད་པ་ལྟར། ནང་པ་ཚོས་རྒྱ་གར་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་སྟོན་ཡུལ་གྱི་གནས་གཙོ་བོར་ངོས་འཛིན་བྱས་ཏེ་རྒྱུན་ཆད་མེད་པར་གནས་སྐོར་ལ་ཡོང་བཞིན་ཡོད་སྟབས། ལོ་ལྟར་རྒྱ་གར་གཞུང་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་དེ་སྲུང་གཙི་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

རྒྱ་གར་དུས་བབ་དང་ཛི་བརྙན་འཕྲིན་བརྒྱུད་ལམ་ (Zee news) ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ༡༩༥༦ ལོར་སྲིད་བློན་ནེ་རུའི་གཞུང་གིས་གནས་མཆོག་རྡོར་རྗེ་གདན་དུ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་ནས་ལོ་ངོ་ ༢༥༠༠ འཁོར་བ་དང་། ༢༠༠༧ ལོར་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༥༠ འཁོར་བའི་དུས་དྲན་གཉིས་ལས་ད་བར་གཞུང་ཕྱོགས་ཀྱིས་སྲུང་གཙི་ཞུས་མེད་ཀྱང་། འདི་ལོ་ནཱ་རེན་ཌ་མུ་དྷེས་སྣེ་ཁྲིད་པའི་རྒྱ་གར་གཞུང་གིས་ལོ་ལྟར་ཟླ་ ༥ ཚེས་ ༤ ཉིན་ཏེ་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་དུས་ཆེན་སུམ་འཛོམས་གྱི་ཉིན་མོ་སྲུང་གཙི་ཞུ་རྒྱུ་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། ཐེངས་འདིའི་དུས་སྟོན་ཐོག་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་དང་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་བློན་ཆེན་བློན་ཆེན་མཱ་ཧེ་ཤི་ཤར་མཱ་(Mahesh Sharma)། རྒྱ་གར་གྲོས་ཚོགས་འཐུས་མི་དང་ཕྱི་རྒྱལ་གྱི་གཞུང་ཚབ་པ། དེ་བཞིན་རིགས་གཅིག་མཁས་དབང་དང་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་བའི་གྲྭ་བཙུན་སོགས་མཉམ་ཞུགས་བྱ་རྒྱུ་ཡིན་འདུག་ཅེས་སོགས་བཀོད་འདུག

དེ་རིང་ཀེ་རན་རེ་ཇི་ཇུ་ (Kiren Rijiju) མཆོག་གིས་རྒྱ་གར་དུས་བབ་ཐོག “སངས་རྒྱས་བཅོམ་ལྡན་འདས་ནི་རྒྱ་གར་གྱིས་འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེ་ཤོས་ཤིག་ཡིན་སྟབས། རྒྱ་གར་གཞུང་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་དེར་མཛད་པ་འཕྲིན་ལས་གྲངས་ལས་འདས་པ་བསྐྱངས་ཏེ། གདུལ་བྱ་མང་པོ་ཐར་བའི་ལམ་ལ་འཁྲིད་གནང་མཛད་པ་མ་ཟད། ད་ལྟའང་ཁོང་གིས་གསུངས་པའི་བཀའ་དང་བསྟན་བཅོས་ཀྱིས་རྗེས་འཇུག་པ་གྲངས་མང་ལ་ཕན་བདེ་སྐྲུན་བཞིན་ཡོད་སྟབས། ད་ལྟ་རྒྱ་གར་གཞུང་གིས་ཁོང་གི་མཛད་རྗེས་ལ་ངོས་འཛིན་ཞུ་དགོས་པ་ཆགས་ཡོད།”ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཁག་གཅིག་གིས། རྒྱ་གར་བྷེ་ཇེ་པུ་གཞུང་གིས་རྒྱ་གར་གྱི་རྩ་ཁྲིམས་ཟིན་བྲིས་གནང་མཁན་ཌོག་ཌར་ཨེམ་བྷེ་ཋ་ཁཱར་གྱི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་མ་ཟད། ད་ཐེངས་ནང་པའི་དུས་ཆེན་སུམ་འཛོམས་དེ་སྲུང་གཙི་བྱ་རྒྱུའི་་ཐག་གཅོད་བྱས་པ་དེ་ནི། ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་བཟུང་སྟེ་མ་འོངས་པར་མུ་མཐུད་བྷེ་ཇེ་པུ་ལ་འོས་འཐོབ་ཐབས་ཀྱི་ལམ་ཁ་བཟོ་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 1

  1. ལྷ་སའི་བུ། says:
    ལོ་ 11 སྔོན།

    ཆབ་སྲིད་ཀྱི་གནད་དོན་ག་རེ་ཡིན་མིན་མ་ཤེས་ཀྱང་འཛམ་གླིང་འདི་འཚེ་མེད་ཞི་བའི་ལམ་ལ་འགྲོ་རྒྱུའི་རེ་བ་ཕྲན་བུ་འདུག་ག། བཀྲ་ཤིས། དོན་འགྲུབ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese