མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དཔལ་འབྱོར་ལྟེ་གནས་ཁག་ཅང་ཤོག་གི་ལག་ཆ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྟག་ལ་འཐབ་པའི་གོ་རིམ་ཁྲོད་། ཅང་ཙེ་མིན་དང་ཁོའི་ཁྱིམ་རྒྱུད་སོགས་དམིགས་འབེན་དུ་བཟུང་སྟེ་རྒྱ་ནག་གི་ཁ་པར་འབྲེལ་མཐུད་ལྷན་ཚོགས་དང་ཁ་པར་འབྲེལ་མཐུད་སྡེ་ཁག་སོགས་བདག་བཟུང་བྱས་ཡོད་པའི་ཧྲང་ཧེ་ཚོགས་ཁག་སྐོར་བཅོམ་བྱེད་བཞིན་ཡོད།

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་འགན་འཛིན་ཝང་ཆི་ཧྲན་གྱི་དྲུང་ཆེ་ཏོན་ཧོན་ (Dong Hong) དབུས་སྐོར་སྐྱོད་ཚོགས་ཆུང་བཅུ་གཉིས་པའི་ཚོགས་གཙོར་བསྐོས་རྗེས་ཀྱི་འགུལ་སྐྱོད་གཙོ་བོ་ཞིག་ནི། ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ནས་བཟུང་རྒྱ་ནག་དབུས་བརྡ་འཕྲིན་ཁ་པར་འབྲེལ་ལམ་མཉམ་འབྲེལ་ (中国移动通信集团公司) སོགས་ཀྱི་ཚོང་ལས་ལྟེ་བ་ཁག་ཏུ་སྐོར་སྐྱོད་བྱས་ཏེ། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་མཇུག་སྒྲིལ་ཡོད་པ་དེ་ཡིན་པ་དང་། འགུལ་སྐྱོད་དེའི་ཁྲོད་ཀྲུང་གོའི་བརྡ་འཕྲིན་མཉམ་འབྲེལ་གྱི་ས་གནས་ཁག་གི་དཔོན་རིགས་ ༥ ལ་ཞིབ་བཤེར་བྱས་ཡོད་འདུག

ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་བཀོད་པའི་ནང་། ཀྲུང་གོའི་ཁ་པར་འབྲེལ་ལམ་ལྷན་ཚོགས་ནི་ཅང་ཙེ་མིན་གྱི་བུ་ཆེ་བ་ཅང་མིན་ཧིན་གྱི་ཁེ་ཕན་ས་ཆ་ཡིན་པ་དང་། ཅང་མིན་ཧིན་ལ་རྒྱ་ནག་རུལ་སུངས་དང་པོའམ་གློག་འཕྲིན་རྒྱལ་བོ་ཞེས་འབོད་ཀྱིན་ཡོད་འདུག གློག་འཕྲིན་རྒྱལ་ཕྲན་དེའི་གྲུབ་ཆ་ནི་རྒྱ་ནག་དབུས་ཁ་པར་འབྲེལ་མཐུད་བརྒྱུད་ལམ་ (中国联通)དང་། རྒྱ་ནག་དྲ་འབྲེལ་བརྒྱུད་ལམ་ (中国网通)སོགས་ཡིན་འདུག

གཟའ་པ་སངས་ཉིན། ཏཱ་ཅི་ཡོན་གྱིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་དབུས་བརྡ་འཕྲིན་ཁ་པར་འབྲེལ་ལམ་ལྷན་ཚོགས་ནི་ཅང་ཙེ་མིན་ཁྱིམ་རྒྱུད་སྒེར་གྱིས་ཁེ་བཟང་ལེན་སའི་ཚོང་ལས་སྟེ་གནས་ཡིན་པ་གསང་བ་ཞིག་མིན་པར་ད་ལྟ་རྒྱ་ནག་ནང་ཡོངས་གྲགས་ཆགས་ཡོད་པ་དང་། གནས་ཚུལ་དེའི་ཐད་ཅང་མིན་ཧིན་གྱིས། གློག་འཕྲིན་རྒྱལ་ཕྲན་འདི་ནི་འཛམ་གླིང་སྟེང་ཆེས་དངུལ་གསོག་ཐུབ་སའི་ཚོང་ལས་ཡིན་པ་དང་། དེ་དག་ནི་ཅང་ཚང་གི་དངུལ་གྱི་ཁུག་མ་ལྟ་བུ་དེ་ཡིན་སྐོར་བརྗོད་ཡོད་འདུག

རེས་གཟའ་ལྷག་པའི་ཉིན་ཀོང་ཏུང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དྲ་བའི་སྟེང་། ཀྲུང་གོའི་ཁ་པར་བརྡ་འཕྲིན་ཀོང་ཏུང་ཡན་ལག་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཝིན་ནན་ཀྲན་ (Wen Nanzhan) ལ་ཞིབ་བཤེར་བྱེད་ཀྱིན་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། གནས་ཚུལ་དེའི་ནང་ཟླ་གཅིག་རིང་རྒྱ་ནག་ཁ་པར་བརྡ་འཕྲིན་གྱི་ས་གནས་མི་འདྲ་བ་ཁ་ཤས་ཀྱི་མཐོ་རིམ་དཔོན་རིགས་ཁག་ཅིག་བསྟུད་མུར་གོ་གནས་ནས་ལྷུང་ཡོད་སྐོར་བརྗོད་འདུག

ཕྱི་ཟླ་ ༤ ཚེས་ ༡༠ ཉིན་ཧྲན་ཞི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་དྲ་བའི་སྟེང་། རྒྱ་ནག་ཁ་པར་བརྡ་འཕྲིན་ཧྲན་ཞི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་དང་གཙོ་གཉེར་བ་མོའུ་ཅན་ཀྲོན་ (Miao Jianzhong)ལ་ཞིབ་བཤེར་བྱེད་བཞིན་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཕྱི་ཟླ་ ༤ པའི་ཚེས་ ༢༣ ཉིན་ཧུའུ་ནན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་དྲ་བའི་སྟེང་། རྒྱ་ནག་ཁ་པར་བརྡ་འཕྲིན་མཉམ་འབྲེལ་ཧུའུ་ནན་ཡན་ལག་ལས་ཁུངས་ཀྱི་ཏང་རྩ་འཛུགས་མགོ་གཙོ་ཟུར་བ་ཝང་ཅན་ཀིན་ (Wang Jiangen) ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་བྱས་འདུག

དེ་བཞིན། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་གྱི་དགོང་མོར་ཧྥོ་ཅན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲ་བའི་སྟེང་། ཧྥོ་ཅན་ཁ་པར་བརྡ་འཕྲིན་སྤྱི་གཉེར་བ་གཞོན་པ་ལིན་པད་ཅང་ (Lin Paijiang)ལ་གྱོད་དོན་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་ཁྱབ་བསྒྲགས་དང་། རེ་གཟའ་ཕུར་བུའི་ཉིན་ཚད་ཅིན་དུས་དེབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིན་ཁ་པར་བརྡ་འཕྲིན་སྤྱི་ཁྱབ་འགན་འཛིན་གཞོན་པ་ལིས་ཏཱ་ཁྲན་ (Li Dachuan)ཕྱི་ཟླ་ ༤ ཚེས་ ༢༣ ཡས་མས་ལ་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་པར་ཁྲིད་ཡོད་སྐོར་བཀོད་འདུག  

གཟའ་ལྷག་པའི་ཉིན། ཏཱ་ཅི་ཡོན་དྲ་བས་ཀྲུང་གོའི་བརྡ་འཕྲིན་གྱི་གནས་ཚུལ་སྐོར་གླེང་མོལ་བྱས་པའི་ནང་། ཀྲུང་གོའི་ཁ་པར་བརྡ་འཕྲིན་གྱི་སྐྱོན་ཚང་ལ་མུ་མཐུད་གོད་ཆག་འགྲོ་བཞིན་པ་ནི་ཅང་ཙི་མིན་གྱི་བུ་ཆེ་བ་ཅང་མིན་ཧིན་ཕྱི་ཤོལ་བྱེད་པའི་ས་ཆར་བརྡིབ་སྐྱོན་བྱུང་བ་ཞིག་ཡིན་པ་དང་། དེ་ནི་པེ་ཅིན་གཞུང་གིས་ཅང་མིན་ཧིན་གྱི་ཏང་གི་གཤོག་པ་ཚར་གཅོད་བྱས་པ་དང་ཅང་ཚང་གི་སྟོབས་ཤུགས་ལ་རྡུང་རྡེག་བཏང་པ་ཞིག་ཡིན་ཚུལ་བརྗོད་འདུག

༢༠༠༩ ལོའི་ལོ་མཇུག་ཏུ་རྒྱ་ནག་བརྡ་འཕྲིན་ཏང་གི་རྩ་འཛུགས་མགོ་གཙོ་ཀྲང་ཁྲོན་ཅང་ (Zhang Chunjiang) ལ་གྱོད་དོན་བྱུང་པ་ནས་བཟུང་། འདས་པའི་ལོ་གཉིས་ནང་རྒྱ་ནག་བརྡ་འཕྲིན་ལྟེ་གནས་ཁག་གི་མཐོ་རིམ་དཔོན་རིགས་དག་ལ་ཞིབ་བཤེར་གྱི་ཚད་གཞི་མཐོ་རུ་ཕྱིན་ཡོད་ཅིང་། དེའི་དཔེ་མཚོན་དག་ནི། ༢༠༠༩ ལོར་མི་ ༢ དང་།  ༢༠༡༠ ལོར་མི་ ༤། ༢༠༡༡ ལོར་མི་ ༣། ༢༠༡༢ ལོར་མི་ ༡། ༢༠༡༣ ལོར་མི་ ༤ ། ༢༠༡༤ ལོར་མི་ ༣ ། ད་ལོར་མི་ ༥ བཅས་ལ་ཞིབ་བཤེར་བྱས་ཡོད་འདུག

ཞི་ཅིན་ཕིན་ ༢༠༡༥ ལོར་ཅང་ཤོག་ཁག་གི་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་ལས་རིམ་གསར་བའི་ཁྲོད། ད་ལོའི་ཕྱི་ཟླ་ ༣ པའི་ཟླ་མགོ་ནས་བཟུང་རྒྱ་ནག་དབུས་སྐོར་སྐྱོད་ཐེངས་ཤིག་ལ་ཅང་ཙེ་མིན་ཁྱིམ་རྒྱུད་ཀྱི་རྒྱ་ནག་ཁ་པར་བརྡ་འཕྲིན་གཙོས་པའི་ལས་ཁུངས་ཁག་ ༢༦ ལ་སྐོར་སྐྱོད་བྱས་ཡོད་འདུག 

ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཧྲང་ཧེ་གྲོང་ཁྱེར་ནས་ ༢༠༡༥ ལོའི་སྐབས་དང་པོའི་སྐོར་སྐྱོད་ལས་བྱེད་ཀྱི་ཚོགས་འདུ་བསྐོངས་ཡོད་པ་དང་། ཟླ་ ༣ པའི་ཟླ་མཇུག་ནས་ཟླ་ ༥ བའི་ཟླ་མཇུག་བར་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན། གྲོང་ཁྱེར་ལྟ་རྟོག་ཨུ་ཡོན། ཧྲང་ཧེ་ཡི་གྲོང་ཁྱེར་འཛུགས་སྐྲུན་ལྷན་ཚོགས། གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ཨུ་ཡོན་སོགས་ཀྱི་ལས་ཁུངས་ ༡༠ ལ་སྐོར་སྐྱོད་བྱེད་འཆར་ཡོད་པ་དང་། དེའི་ཁྲོད་ལས་ཁུངས་མང་པོ་ཞིག་ནི་ཅང་ཙེ་མིན་གྱི་བུ་ཅང་མིན་ཧིན་དང་ཅང་མིན་ཁཱང་གཉིས་ཀྱིས་ཁེ་ལས་ཁག་ཆགས་ཡོད་འདུག

ཆབ་སྲིད་དཔྱད་ཞིབ་པ་ཞཱ་ཞོ་ཆང་གིས། ཞི་ཅིན་ཕིན་གྱིས་སྟག་ལ་འཐབ་སྟེ་ཅང་ཙེ་མིན་བཙིར་རྒྱུ་ལ་ཅང་ཙེ་མིན་མཐའ་འཁོར་དང་། ཁོའི་ཁྱིམ་མིར་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་དེས་རང་བཞིན་གྱིས་རུལ་སུངས་གཏེ་བོ་ཅང་མིན་ཧིན་དམིགས་འབེན་ཆགས་ཡོད་པ་དང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྒྱ་ནག་བརྡ་འཕྲིན་མཉམ་འབྲེལ་དང་། རྒྱ་ནག་ཁ་པར་བརྒྱུད་ལམ་སྡེ་ཁག་སོགས་ལ་སྐོར་སྐྱོད་བྱས་བའི་དམིགས་འབེན་ཡང་ཅང་ཙེ་མིན་ཆགས་ཡོད། དེ་བཞིན། ཝང་ཆི་ཧྲན་གྱིས་རང་ཉིད་ཀྱི་བློས་ཐུབ་ ཏོན་ཧོན་ལ་ལམ་སྟོན་བྱས་ཏེ། སྟག་ལ་འཐབ་པའི་ལས་དོན་ཁྲོད་ཅང་མིན་ཧིན་ལ་སྒོ་ལྕགས་རྒྱག་པ་དང་། ཅང་ཙེ་མིན་ལ་སྣོན་བཙིར་རྒྱག་རྒྱུ་སོགས་ཀྱི་ཐབས་ལམ་གོ་སྒྲིག་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་དཔལ་འབྱོར་སྲོག་རྩ་དག་ཅང་ཙེ་མིན་ཚབ་མཚོན་གྱི་ཁེ་ལས་ལྷན་ཚོགས་དག་གི་ལག་ཏུ་ཡོད་པ་དང་། ཅང་ཙེ་མིན་གྱིས་གཞུང་བཟུང་རྗེས་ལྐོག་ཟ་རུལ་སུངས་ཀྱིས་རྒྱལ་ཁབ་སྐྱོང་བའི་ཁྲོད་རྡོ་སྣུམ་དང་གློག་འཕྲིན། ལྕགས་ལམ། དཔལ་འབྱོར་སོགས་གྱི་ཁེ་ཕན་ཕུན་སུམ་ཚོགས་པ་ཡོད་པའི་རྒྱལ་ཁབ་ཀྱི་ཚོང་འབྲེལ་མང་ཆེ་བ་ཅང་ཙེ་མིན་གྱི་བློས་ཐུབ་ཁྱིམ་རྒྱུད་དག་གི་ལག་ཏུ་བཞག་ཡོད། དེ་ནི་ཅང་མིན་ཧིན། ཚིན་ཆིན་ཧོན། ཀྲུའུ་ཡོན་ཁཱང་། ལིའུ་ཡོན་ཧྲན་སོགས་ཡིན་ཞིང་། ཞི་ཅིན་ཕིན་དཔུང་ཁག་དང་ཅང་ཙེ་མིན་ལྷན་ཚོགས་གཉིས་ཀྱི་དམར་འཛིང་དྲག་པོའི་ཁྲོད། རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་དཔལ་འབྱོར་ལྟེ་གནས་ཁག་ཅང་ཤོག་གི་ལག་ཆ་ཡིན་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༠ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese