མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བ་དམར་གསོད་བཏང་།

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་གཞུང་ཉེན་རྟོག་པས་ཞིན་ཅང་ཡུ་གུར་བའི་ཁྱིམ་ཚང་ཞིག་གི་མཐའ་བསྐོར་ནས་མེ་མདའ་བརྒྱབ་སྟེ་བུད་མེད་གཅིག་ཚུད་པའི་ཡུ་གུར་བ་དྲུག་དམར་གསོད་བཏང་ཡོད་འདུག

གཟའ་པ་སངས་ཉིན་ཨེ་ཤ་ཡའི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་པ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༡༩ ཉིན་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཟེར་བའི་ཧི་ཐན་ཉེན་རྟོག་པས་སུ་ཁུ་གྲོང་ཚོའི་ཁྱིམ་ཚང་ཞིག་ག་མཐའ་བསྐོར་ཏེ། གང་བྱུང་མེ་མདའ་བརྒྱབ་སྟེ། ཡུ་གར་བུད་མེད་གཅིག་ཚུད་པའི་ན་གཞོན་ ༦ བསད་ཡོད་པ་དང་། མི་ ༢ གྲོས་བྱོལ་བྱས་ཡོད་ཀྱང་གྲོང་པ་གཞན་ཞིག་ཏུ་འཛིན་བཟུང་ཐེབས་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་རྒྱ་ནག་གཞུང་ཕྱོགས་ནས་ཁང་པ་དེའི་ནང་གི་ཡུ་གུར་བ་དེ་དག་ནི་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པ་དང་། ཁོ་ཚོའི་ལག་ཏུ་འགད་རྫས་བཟུང་སྟེ་ཞིང་སྲིད་གཞུང་ལ་ཕར་རྒོལ་བྱེད་འཆར་ཡོད་སྐོར་འདུག

འདས་པོ་དེ་དག་ནི་རང་ལོ་ ༡༧ ནས་ ༢༥ བར་ཡིན་པ་དང་རྒྱ་གཞུང་གིས་ཁོ་ཚོའི་ཕུང་པོ་རྣམས་འགྱིག་ཤོག་ནག་པོའི་ནང་དུ་བླུགས་པ་དང་། འདས་པོའི་ནང་མི་ཚོས་ཕུང་པོ་རྣམས་ཕྱིར་ཁོ་ཚོར་རྩིས་སྤྲོད་དགོས་པ་དང་། ཁོ་ཚོས་སྲོལ་རྒྱུན་འདས་མཆོད་བྱ་རྒྱུའི་ས་གནས་སྲིད་གཞུང་ལ་རེ་འབོད་ཞུས་ཡོད་ཀྱང་། ས་གནས་དཔོན་རིགས་ཚོས་ཕུང་པོ་དགོས་ན་རྫོང་སྤྱི་བདེ་ལས་ཁང་ལ་སོང་ཞེས་བརྗོད་ཡོད་སྟབས། ནང་མི་ཚོས་དེ་ལས་ལྷག་པའི་ཆག་སྒོ་ཡོང་སྲིད་པར་ཞེད་སྣང་བྱས་ཏེ་ཕུང་པོ་རྩིས་ལེན་བྱེད་ཐུབ་མི་འདུག  

འཇར་མན་དུ་གནས་སྡོད་འཛམ་གླིང་ཡུ་གར་ལྷན་ཚོགས་ཀྱི་ཚོགས་མགྲིན་ཚབ་པ་ཏཱེ་ལི་ཞཱ་ཐེ་ཡིས། “རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཏེ་ད་ལྟ་དོན་རྐྱེན་དེའི་བྱུང་རྐྱེན་ལ་རྒྱུས་ལོན་བྱེད་ཐུབ་ཀྱི་མི་འདུག་ཀྱང་། ས་གནས་ཀྱི་གནས་ཚུལ་ཕྱིར་ཐོན་པ་ལྟར་ན། ཉེན་རྟོག་པས་སྡོད་ཁང་ཞིག་གི་མཐའ་སྐོར་སྐབས་ཡུ་གུར་བས་ཉེན་རྟོག་པར་མཉམ་འབྲེལ་མ་བྱས་སྟབས། ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་ཡུ་གར་བ་ཚོ་བསད་ཡོད་ཚུལ་བརྗོད་ཡོད་ཀྱང་། རྒྱ་གཞུང་གིས་ད་དུང་གནས་ཚུལ་དེའི་སྐོར་ཁྱབ་བསྒྲགས་བྱས་མི་འདུག” ཅེས་དང་། ཁོང་གིས་མུ་མཐུད་དུ། “རྒྱ་ནག་ ༥ ། ༡ དུས་ཆེན་སྔོན་ལ། ཞིན་ཅང་གི་ལྷོ་རྒྱུད་ཧི་ཐན་དང་ཁཱ་ཤི་གྷར་བྱང་རྒྱུད་ཝོ་ལོ་མུ་ཆིསོགས་ཀྱི་ཡུ་གར་མི་མང་རྣམས་གཙང་བཤེར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཝོ་ལོ་མུ་ཆི་ཡིས་འགག་སྒོ་ཇེ་བཙན་དུ་བཏང་སྟེ། ཡུ་གར་མི་རིགས་ཀྱི་ཅ་དངོས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག ས་གནས་ཡུ་གར་མི་རིགས་དང་རྒྱ་ནག་སྲིད་གཞུང་བར་འགལ་བ་གཏིང་ཟབ་ཏུ་འགྲོ་བཞིན་པའི་སྟེང་། ཉེ་ཆར་རྒྱ་གཞུང་གིས་འདི་ལྟར་དྲག་གནོད་བྱེད་པ་ནི་བློ་ཚབ་སྐྱེས་དགོས་པ་ཞིག་རེད།” ཅེས་སོགས་བརྗོད་འདུག

ད་ལོའི་ཕྱི་ཟླ་ ༣ ཚེས་ ༤ ཉིན། ཨ་རིའི་ཝ་ཤིན་ཌོན་དུ་ཡོད་པའི་ཡུ་གར་འགྲོ་བ་མིའི་ཐོབ་ཐང་ལས་འཆར་ (Uyghur Human Rights Project) ཚོགས་པས།  ༢༠༡༤ ལོའི་ཞི་ཅང་ས་ཁུལ་དུ་མི་ ༤༥༠ རྒྱ་གཞུང་གིས་དྲག་གནོན་ཁྲོད་དམར་གསོད་བཏང་ཡོད་པ་ཡོད་པ་དང་། ཡུ་གར་མི་རིགས་ལ་གནོད་སྐྱོན་ཐེབས་པའི་གྲངས་འབོར་རྒྱ་མི་རིགས་དང་བསྡུར་ན་ལྡབ་ ༣ ཡིན་ཚུལ་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡༠ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 1

  1. ཚ་བའི་སྐར་ཆེན། says:
    ལོ་ 11 སྔོན།

    ཞིང་(ཤིང་)ཅང་། སྤེལ་པ(བ)། ཁྱིམ་ཚང་ཞིག་ག(གི) ཡུ་གར་(གུར་) གྲོས་(བྲོས་)བྱོལ། ཞིང་(ཤང་)སྲིད་གཞུང་། ཡོད་སྐོར་(བརྗོད་)འདུག ཝོ་ལོ་མུ་ཆིསོགས་(ཨུ་རུ་མུ་ཆིངས་) ཝ་ཤིན་ཌོན་(ཊོན་) ཡོད་པ་ཡོད་པ་དང་། (ཡུ་གར། ཡུ་གར། ཡུ་གར)
    གནས་ཚུལ་བཀླགས་པ་ཡིན། གནས་ཚུལ་དུས་ཐོག་ཏུ་སྤེལ་བར་ཐུགས་རྗེ་ཆེ། འོན་ཀྱང་དག་ཆ་ལ་ཅུང་གཟབ་དགོས་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese