མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོཊ་ཡོད་ཉེས་ཅན་ཞིག་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གཞུང་ཉེན་རྟོག་པས་མི་གསོད་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག མགོ་ལོག་དར་ལག་རྫོང་ཁོངས་ནས་མི་ཞིག་ལ་མེ་མདས་བརྒྱབ་སྟེ་དམར་གསོད་བཏང་ཡོད་འདུག

རྒྱ་ནག་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་ ༤ པ་ཙམ་ལ། མཚོ་སྔོན་ཉེན་རྟོག་པས་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ནས་བྱུང་བའི་མི་གསོད་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག མིང་ལ་བློ་ག་གེ་མོ་ཟེར་བ་ཞིག་དམར་གསོད་བཏང་ཡོད་པ་དང་། ཁོ་བོ་སྡོད་སར་སྔོག་བཤེར་བྱས་པ་བརྒྱུད་མེ་མདའ་རིང་ཐུང་ ༣ དང་མདེའུ་ ༥༡༢། གྲི་སོགས་ཡོད་པ་ལག་སོན་བྱུང་ཡོད་སྟབས། ད་ལྟའི་ཆར་ཉེན་རྟོག་ཕྱོགས་ནས་ཁོ་བོའི་མཚོན་ཆ་དེ་དག་གི་ཡོངས་ཁུངས་སོགས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཉེན་རྟོག་ཕྱོགས་ནས་དོགས་ཡོད་ཉེས་ཅན་དེ་བོད་རིགས་ཡིན་མིན་གསལ་བོ་བརྗོད་མེད་ཀྱང་། ཁོ་བོ་མགོ་ལོག་ཁུལ་དར་ལག་རྫོང་འབོ་སྤ་གྲོང་ཚོ་ནས་ཡིན་པ་དང་། ཁོ་བོ་དང་དར་ལག་རྫོང་གསང་རུ་མ་གྲོང་ཚོའི་ཕྱུག་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་མིང་ལ་སྐར་ག་གེ་མོ་ཟེར་བ་ཞིག་གི་བར་རྩོད་གཞི་ཡོད་སྟབས། ཕྱི་ལོ་ ༢༠༠༩ ཟླ ༥ ཚེས་ ༢༠ ཉིན་བློ་མིང་ཅན་དེ་དང་ཁོ་བོའི་ལག་རོགས་གསུམ་གྱིས་སྐར་མིང་ཅན་དེར་མེ་མདས་བརྒྱབ་སྟེ་བསད་པ་མ་ཟད། ཁོ་བོའི་བཟའ་ཟླ་ལའང་རྨས་སྐྱོན་བཟོས་ཡོད་སྟབས། དེ་ནས་བཟུང་བློ་མིང་ཅན་དེས་དགྲ་བོས་འཁོན་ལན་སློག་པར་དོགས་ཟོན་བྱས་ཏེ་རྒྱུན་དུ་མེ་མདའ་ཉར་བ་མ་ཟད། གྲོང་ཚོའི་ནང་དང་འབྲོག་ས་རུ་མི་མང་ལ་དོན་མེད་བརྙས་བཅོས་བྱས་ཏེ། མང་ཚོགས་ནང་འཁོན་སེམས་ཆེན་པོ་བསླངས་ཡོད་འདུག མི་གསོད་དོན་རྐྱེན་དེ་བྱུང་རྗེས། ཉེན་རྟོག་པས་ཁོ་བོའི་ལག་རོགས་ ༣ འཛིན་བཟུང་བྱས་ཡོད་ཀྱང་། ཁོ་བོ་བྲོས་བྱོལ་དུ་ཕྱིན་ནས་འཛིན་བཟུང་བྱེད་ཐུབ་མེད་སྐོར་བསྒྲགས་འདུག

ཡང་ཉེན་རྟོག་པས་ཟླ་འདིའི་ཕྱི་ཚེས་ ༢ ཉིན་དོགས་ཡོད་ཉེས་ཅན་དེ་མགོ་ལོག་དར་ལག་རྫོང་འབོ་སྤ་གྲོང་ཚོའི་ནང་གབ་སྡོད་བྱས་ཡོད་པ་ཤེས་རྟོགས་བྱུང་སྟབས། འཕྲལ་དུ་འཛིན་བཟུང་རུ་ཁག་བཙུགས་ཏེ་ཡུལ་དངོས་སུ་ཕྱིན་སྐབས། དོགས་ཡོད་ཉེས་ཅན་གྱིས་མེ་མདའ་བཟུང་སྟེ་སྦག་སྦག་ཅིག་བཞོན་ནས་རི་ལ་བྲོས་པ་མ་ཟད། ཉེན་རྟོག་པར་འཐབ་འཛིང་བྱས་ཏེ་ཉེན་རྟོག་རླངས་འཁོར་ལ་མདེའུ་མང་པོ་ཕོག་ཡོད་པ་མ་ཟད། ཉེན་རྟོག་པ་ཞིག་གི་རྐང་པར་རྨས་སྐྱོན་བཟོས་ཡོད་ལུགས་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤

མཆན། 1

  1. ཤར་མདའ། says:
    ལོ་ 11 སྔོན།

    ཤར་མདའ། རྒྱ་ནག་དམར་གཞུས་གིས་གནས་ཚུལ་ཅི་འདྲ་ཡིན་རུང་དྲན་བདེན་འདྲ་མཉམ་ཞིག་བྱེད་ཀྱི་མེད་ཙང་འདི་ཡང་དོན་གནད་ཅི་ཞིག་ཡིན་སུ་ཞིག་གིས་བརྗོད་ཐུབ་པ་ཞིག་མ་རེད་གང་ཡིན་ཟེར་ན་ད་བར་བོད་མདོ་དབུས་ཁམས་གསུམ་ན་མེ་མདའ་འཛིན་མཁན་བོད་མི་ཞིག་ཡིན་པ་ཡིན་ན་རྒྱ་སྒོར་ཁྲི་ཚོ་མང་པོས་ཉེས་ཆད་གཅོད་པ་མ་ཟད་བཙོན་ཁང་དུ་བཅུགས་ཀྱི་ཡོད་པ་ཤེས་གསལ་རེད་དེ་འདྲ་ཡིན་དུས་འདི་འདྲ་མ་མདའ་གསུམ་ཡོད་ཚུལ་བཤད་ན་དེ་བདེན་གཏམ་ཞིག་ཏུ་ངོས་འཛིན་བྱེད་ཐུབ་པ་ཞིག་མ་རེད། འདི་ཚོས་བཤད་ནོ་ཡིད་ཆེས་བྱེད་འོས་པ་ཞིག་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese