མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཁག་གིས་ཕན་ཚུན་གྱི་གཞུང་ལུགས་ལ་སློབ་སྦྱོང་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་རྒྱུད་སྟོད་གྲྭ་ཚང་དུ་བཀའ་ཆོས་དབུ་འཛུགས་གནང་བའི་ཐོག བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚོའི་འབྱུང་ཁུངས་གཅིག་ཡིན་བསམ་པའི་ཐོག་ནས་ཕན་ཚུན་གཅིག་གིས་གཅིག་གི་གཞུང་ལ་གོ་བསྡུར་དང་གཞུང་ཕན་ཚུན་སློབ་སྦྱོང་བྱས་ན་ཞེ་དྲགས་ཡག་པོ་རེད་ཅེས་ཞེན་སྐུལ་གནང་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་། ༧གོང་ས་མཆོག་དྷ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ཏེ། ཉིན་བཞིའི་རིང་གི་གསུང་ཆོས་དེ་དབུ་འཛུགས་གནང་ཡོད་པ་དང་། ད་རེབ་ཀྱི་གསུང་ཆོས་སྟེང་རྒྱལ་ཁབ་འདྲ་མིན་ ༤༧ ནས་ཕེབས་པའི་ཆོས་ཞུ་བ་དང་། བོད་པའི་གྲྭ་བཙུན་སྔགས་གསུམ་དང་དྷ་རམ་ས་ལ་ཁུལ་གྱི་མི་མང་བཅས་མི་ ༥༠༠༠ ལྷག་མཛོམས་འདུག

༧གོང་ས་མཆོག་གིས་ཐོག་མར་རྒྱུད་སྟོད་རྭ་མོ་ཆེ་གཙུག་ལག་ཁང་དུ་གནས་གཟིགས་མཛད་རྗེས། རྒྱུད་སྟོད་གྲྭ་ཚང་གིས་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་ཆོས་ཞུ་རྣམས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་སོང་། ཉིན་གུང་ཆུ་ཚོད་ ༡༢།༣༠ སྟེང་༧གོང་ས་མཆོག་གིས་གསུང་ཆོས་དངོས་སུ་དབུ་འཛུགས་གནང་སོང་ལ། ཐེངས་འདིའི་གསུང་ཆོས་ནི་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་བསྡུས་དོན་དང་། རྟེན་འབྲེལ་བསྟོད་པ། ལམ་གཙོ་རྣམ་གསུམ་སོགས་ཡིན་འདུག

༧གོང་ས་མཆོག་གིས་གསུང་ཆོས་ཀྱི་སྔོན་འགྲོར་བཀའ་སློབ་གནང་དོན། བར་སྐབས་ཤིག་ནས་སྟོད་རྒྱུད་གྲྭ་ཚང་གིས་བཀའ་ཆོས་ཁག་ཁ་ཤས་ཤིག་བྱུང་ཐུབ་ན་ཟེར་ནས་རེ་སྐུལ་གནང་སོང་། བཀའ་ཆོས་མང་པོ་ཞིག་ཉི་མ་མང་པོ་འབྲེལ་ནས་སོང་ན་ཐང་ཆད་གི་རེད། ད་ལྟའི་བར་སྐབས་བོད་མིར་དཀའ་ངལ་ཏོག་ཙམ་ཡོད་དུས་ངས་ད་ལྟ་ཨེམ་ཆི་རིགས་གཅིག་རྐང་འཛིན་དེ་འདྲ་བསྟན་བསྡད་ཡོད་རེད། ཁ་སང་མཇར་མིན་གྱི་ཨེམ་ཆི་ཞིག་ཡོད། དམིགས་བསལ་གྱིས་མཁས་པ་དེ་འདྲ་རེད། ཁོ་རང་གིས་ཞིབ་འཇུག་བྱས་དེ་མུད་པའི་གནས་སྟངས་ལ་བལྟས་ཏེ་ཚུར་ཡག་པོ་ཞེ་དྲགས་འདུག་ཟེར། དེ་ནས་ཁོ་རང་གིས་རྩེད་མོ་འདྲ་གཅིག་རེད་ལ་དངོས་གནས་འདྲ་གཅིག་ཀྱང་རེད། དབྱིན་ཇིའི་ཚིག་ལས་ eighteen ཟེར་པ་དང་ eighty ཟེར་བ་གཉིས་འདྲ་བོ་ཡོད། ཁོས་ང་ལ་ཁྱེད་རང་ལོ་ eighteen མ་རེད། ལོ་བཅོ་བརྒྱད་མ་རེད། eighty ། ཁྱེད་རང་ལོ་བརྒྱད་ཅུ་རེད། ཞེ་དྲགས་གཞོན་གཞོན་རེད་བསམ་རྒྱུ་ཡོད་པ་མ་རེད། ལུས་པོ་ག་ལེར་མར་བཀུག་འགྲོ་གི་ཡོད་རེད་ཟེར། དེ་དངོས་གནས་བདེན་པ་རེད། དེས་ངའི་སེམས་ལ་ཞེ་དྲགས་ཕན་སོང་། དེར་བརྟེན། དེ་འདྲ་ཡིན་དུས་ཡུན་རིང་པོ་འདྲ་ཞིག་བྱེད་དགོས་བྱུང་ན་ཏོག་ཙམ་ཐང་ཆད་ཀི་འདུག ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། རྒྱུད་སྟོད་སྨད་ཀྱི་མཁན་པོ་དང་དགེ་མདུན་པ་ཁྱེད་རང་ཚོ་གཙོ་བོར་གྱུར་བའི་ང་ཚོའི་བོད་རིགས་ཚོ་དང་། ཕ་མེས་ནས་སངས་རྒྱས་པའི་ཆོས་ལ་འཆད་རྩོད་གནང་མཁན་རྒྱ་ཡི་ཆོས་གྲོགས། བོད་ལ་སངས་རྒྱས་ཆོས་མ་དར་གོང་ནས་རྒྱ་ནག་ལ་སངས་རྒྱས་པའི་ཆོས་དར་ཡོད་པ་དང་། དེའི་འབྱུང་ཁུངས་དེ་ཐང་བཙུན་བླ་མ་རྒྱ་གར་ལ་ཕེབས་ནས་དཔལ་ནལེནྡ་ལ་ཞུགས་ནས་ནལེནྡ་ཡི་སྐབས་དེར་ཡོངས་སུ་གྲགས་བསྡད་མཁན་ཞིག་དེ་གནས་བརྟན་ཆོས་སྐྱོང་ཡིན་པ་རེད། དེ་ནས་གཙོ་བོ་མར་བརྒྱུད་པ་ཞིག་ཡིན་ས་རེད། དེ་བྱས་ནས་གང་ལྟར་སློབ་ཕྲུག་གི་རྗེས་འབྲང་ཆགས་བསྡད་ཡོད་པ་རེད་། དེ་ནས་ནལེནྡ་ཡི་ཆོས་བརྒྱུད་ཆགས་ཡོད་པ་རེད། གང་ལྟར་ང་ཚོ་གཅིག་པ་ཆགས་འདུག རྒྱ་ནག་ནས་མར་ཀོ་རི་ཡ་དང་ཝེ་ཐི་ནམ། ཉི་ཧོང་སོགས་ཡུལ་གྲུ་དེ་དག་ཚང་མར་ནལེནྡ་ཡི་ཆོས་བརྒྱུད་གཅིག་གྱུར་ཆགས་འདུག ང་རང་ཚོ་ཚོང་མ་སངས་རྒྱས་པའི་ཆོས་པ་ཡིན་ཟེར་བསྡད་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་ག་འདྲ་ཞིག་རེད་ལབ་ན་མགོ་ཕུར་ཕུར་བྱས་ནས་སྡོད་རྒྱུ་རེད། ང་ཧི་མ་ལ་ཡའི་རི་རྒྱུད་དེ་འདྲར་ཕྱིན་པའི་སྐབས་ལ། རླངས་འཁོར་འཁྱུག་ཙམ་འཁྱུག་ཙམ་བཀག་སྟེ། སངས་རྒྱས་པའི་ཆོས་ག་རེ་རེད་ལབ་ན། མང་ཆེ་བས་སངས་རྒྱས་ཆོས་དགེ་འདུན་ལ་སྐྱབས་སུ་མཆི་བོ་ཟེར་བ་དེ་རེད་ཟེར། ད་སངས་རྒྱས་ཆོས་དགེ་འདུན་ཟེར་བ་དེ་ག་འདྲ་ཞིག་རེད་ཅེས་དྲིས་ན། བཤད་ཤེས་མཁན་མི་འདུག དེ་ནས་སྐབས་རེར་ངས་ང་ཚོའི་སངས་རྒྱས་དང་ཚང་པ་དང་ཁྱབ་འཇུག དབང་ཕྱུག་དེ་ཚོ་གཅིག་པ་རེད་དམ་ཞེས་དྲིས་ན་གཅིག་པ་རེད་ཟེར་གྱིན་འདུག དེ་གང་ལྟར་མ་ཤེས་པའི་རྟགས་རེད། ཆོས་སློབ་སྦྱོང་ཞེ་དྲགས་མི་བྱེད་པར་དད་པ་རང་གི་ཐོག་ནས་འགྲོ་སྡོད་མཁན་རེད། ངས་ནམ་རྒྱུན་འདི་ལྟར་ཤོད་བསྡད་ཡོད། ང་ཚོའི་སངས་རྒྱས་པའི་ཆོས་བྱེད་མཁན་ཚོ་དུས་རབས་ཉེར་གཅིག་པའི་སངས་རྒྱས་པའི་ཆོས་པ་ཞིག་བྱ་དགོས་པ་རེད་ཟེར་གྱིན་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། དེ་རིང་ཁ་སང་འཛམ་གླིང་འདི་གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་སོ་སོའི་ཕ་མེས་ཀྱི་ཆོས་དེ་ཡང་དད་པ་གཅིག་པའི་ཐོག་ནས་འགྲོ་བ་མ་ཡིན་པར། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ག་རེ་ཡིན་པ་ཤེས་པ་བྱས་ཏེ། སངས་རྒྱས་པའི་ཆོས་ཉམས་ལེན་དུས་རབས་ཉི་ཤུ་རྩ་གཅིག་པའི་སངས་རྒྱས་པའི་ཆོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། གཞན། ང་རང་ཚོའི་སྔ་མའི་ལུགས་སྲོལ་བཞིན་ཕྱིན་པ་ཡིན་ན་གནད་འགག་ལ་ཐུག་ན་ཞེ་དྲགས་རང་མེད་པའི་བཟོ་འདྲ་ཞིག་འདུག དེ་འདྲ་ཡིན་དུས་ང་རང་ཚོས་བསླབས་པ་སློབ་གཉེར་བྱ་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་རེད།

རྒྱ་ཡི་ཆོས་གྲགས་མང་པོ་ཞིག་ཡོད་པ་རེད། ད་ཁྱེད་རང་ཚོ་ཡིན་ན་སྦྱོང་བརྩོན་བྱེད་རྒྱུ་དཔེ་གལ་ཆེན་པོ་རེད། སོ་སོ་རང་ཉིད་ཀྱི་ཉམས་ལེན་བྱེད་པར་ཆ་བཞག་ན་ཡང་། སངས་རྒྱས་པའི་ཆོས་ཀྱི་ཐབས་དང་ཤེས་རབ་ཀྱི་འགྲོ་སྟངས་ཤེས་པའི་ཐོག་ནས་ཉམས་ལེན་བྱས་པ་ཡིན་ན། དད་པ་དེ་ཡང་རྒྱུ་མཚན་ལྡན་པའི་དད་པ་ཞིག་ཆགས་ཀྱི་ཡོད་སྟབས། ཤེས་ནས་དད་པ་ཐོབ་པ་ཡིན་དུས་དད་པ་བརྟན་པོ་ཡོང་གི་རེད། ཅེས་གསུངས་སོང་།

བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་ཚང་མ་དཔལ་ནལེནྡ་ནའི་ཆོས་བརྒྱུད་གཅིག་པ་ཡིན་སྟབས། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚོའི་འབྱུང་ཁུངས་གཅིག་ཡིན་བསམ་པའི་ཐོག་ནས་ཕན་ཚུན་གཅིག་གིས་གཅིག་གི་གཞུང་གོ་བསྡུར་དང་། གཞུང་ཕན་ཚུན་བལྟས་ན་ཞེ་དྲགས་ཡག་པོ་རེད། ལུང་རིག་གིས་གཏན་ལ་ཕབ་པ་མ་ཡིན་པར་སོ་སོའི་ཉམས་ལེན་གྱིས་ཡར་བགྲིང་ནས་བློ་གཟུ་བོར་གནས་པ་གལ་ཆེན་པོ་རེད། ཆོས་ལུགས་དད་པ་རང་དབང་རེད། གལ་སྲིད་ཆོས་བྱས་པ་ཡིན་ན་དོ་སྣང་ཡག་པོ་བྱས་ཏེ་གནད་འགག་ག་རེ་ཡིན་མིན་ཤེས་དགོས། ཞེས་སོགས་གསུངས་སོང་།  

ང་ཚོ་བཙན་བྱོལ་པ་ཆགས་ནས་ལོ་ངོ་ལྔ་བཅུ་ལྷག་རེད། ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བ་བྱེད་པ་ཐབས་སྐྱོ་བོ་ཡིན་ཡང་། སྔོན་མ་སྨད་རྒྱུད་པ་ཚོ་རྒྱ་གར་ལྷོ་ཕྱོགས་ལ་ཕེབས་པ་རེད། སྟོད་རྒྱུད་པ་ཚོར་རྐང་པ་འཛུགས་ས་མེད་པར་ཕར་ཕྱིན་ཚུར་ཕྱིན་བྱས་ཏེ་བསྡད་ཀྱང་། རྗེས་སུ་ས་ཆ་འདི་རག་སྟེ་ད་ལྟ་ཡག་པོ་ཞེ་བོ་ཆགས་འདུག གང་ལྟར་ལྷ་སའི་ར་མོ་ཆེ་ལས་འདི་ཡག་པོ་ཆགས་འདུག ལྷ་སའི་ར་མོ་ཆེ་འདི་འདྲ་རང་ཡོད་པ་རེད། ཅེས་བཞད་མོ་དང་ཅེས་གསུངས་སོང་།

ཡང་ཁོང་གིས། ང་ཚོའི་བོད་པ་ཡོད་པ་དེ་ཚོ་བཙན་བྱོལ་བ་ཆགས་ནས་མཐུད་རྐྱེན་འཛོམས་པ་ཞིག་དང་། སོ་སོས་སློབ་སྦྱོང་མ་བྱས་ན་མ་གཏོགས་སློབ་སྦྱོང་བྱས་ན་དངོས་ནས་མཐུད་རྐྱེན་ཡག་ཐག་གཅོད་ཡོད་པའི་བཟོ་འདྲ་བོ་ཞིག་རེད། དེ་ནས་རིམ་མཞིན་ཚན་རིག་པ་དང་ང་ཚོས་ཕན་ཚུན་ངོ་ཤེས་ནས་བགྲོ་གླེང་མང་པོ་བྱས་ཡོང་སྐབས། རྣམ་དཔྱོད་ལྡན་པ་ཚོ་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་ལ་ཡིད་འཕྲོག་འགྲོ་བཞིན་འདུག དེ་ནས་རིམ་བཞིན་དངོས་ཡོད་གནས་ཚུལ་གཤིབ་བསྡུར་བྱས་ཡོང་དུས་སངས་རྒྱས་པའི་ཆོས་ལུགས་ཟེར་བ་འདི་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་མཐོང་འདུག རིག་པས་དཔྱད་ཡོང་དུས་དངོས་དོན་བཞག་ཐུབ་པ་ཞིག་ཆགས་ཡོད་སྟབས། ཆོས་མཁས་མི་ལེན་མཁན་ཞིག་ཡིན་ནའང་རྣམ་དཔྱོད་འཕེལ་བར་ཕན་ཐོགས་ཡོད་པ་ཞིག་རེད། སྤྱིར་འཛམ་གླིང་ན་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མར་བྱམས་བརྩེ་བསླབ་བྱ་རྒྱག་མཁན་གཅིག་པ་རེད། བྱམས་བརྩེ་ཡར་རྒྱས་གཏོང་བའི་ཐབས་ལམ་དེ་ལྟ་གྲུབ་ཀྱི་སྟེང་ནས་ཡོང་གི་ཡོད་པ་རེད། ལྟ་གྲུབ་ཀྱི་ཆ་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཤུགས་ཆེན་པོ་ཆགས་ཡོད་ཀྱང་། འཇིག་རྟེན་བཀོད་པོ་ཚོར་ལྟ་གྲུབ་ཀྱི་ཆ་ནས་འགྲེལ་བཤད་རྒྱག་རྒྱུ་ཞེ་དྲགས་མེད་པ་ཆགས་ཡོད། ཅེས་གསུངས་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ། 

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༨ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 3

  1. བདེ་རྒྱལ། says:
    ལོ་ 11 སྔོན།

    ད་ལྟའི་བར་སྐབས་བོད་མིར་དཀའ་ངལ་ཏོག་ཙམ་ཡོད་དུས་ངས་ད་ལྟ་ཨེམ་ཆི་རིགས་གཅིག་རྐང་འཛིན་དེ་འདྲ་བསྟན་བསྡད་ཡོད་རེད།
    ཚིག་འདི་ནོར་མེད་འགྲོ་གསར་འགོད་པ་ལགས། བོད་མི་མིན་པར་པུས་མོ་ཡིན་འགྲོ

    Reply
  2. ཤར་མདའ། says:
    ལོ་ 11 སྔོན།

    ༸གོང་ས་མཆོག་གིས་དུས་རྟག་ཏུ་ས་དགེ་བཀའ་རྙིང་ཇོ་ནང་བཅས་པ་ཕན་ཚུན་མཐུན་ལམ་དགོས་པ་དང་ཕན་ཚུན་ཆོས་བརྒྱུད་ཚོས་ལྟ་གྲུབ་སྐོར་ཡིན་ན་རེད་ཕན་ཚུན་བགྲོ་གླེང་གནང་ནས་མཐུན་ལམ་བཟོ་དགོས་སྐོར་བཀའ་གང་མང་ཞིག་གནང་དང་གནང་བཞིན་པ་རེད། ཡིན་ཡང་ད་དུང་ཆོས་བརྒྱུད་ཕན་ཚུན་བར་ང་ཆེ་ང་དྲག་གིས་གཅིག་གིས་གཅིག་ལ་གུས་ཞབས་མེད་པ་མ་ཟད་ད་དུང་ཐབས་སྐྱོ་མང་པོ་མཐོང་རྒྱུ་ཡོད་ལྟར་རེད། 

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་ བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་ཚང་མ་དཔལ་ནལེནྡ་ནའི་ཆོས་བརྒྱུད་གཅིག་པ་ཡིན་སྟབས།
    བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚོའི་འབྱུང་ཁུངས་གཅིག་ཡིན་བསམ་པའི་ཐོག་ནས་ཕན་ཚུན་གཅིག་གིས་གཅིག་གི་གཞུང་གོ་བསྡུར་དང་། གཞུང་ཕན་ཚུན་བལྟས་ན་ཞེ་དྲགས་ཡག་པོ་རེད། ་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese