མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་སྐྱིད་སྒྲོལ་མར་ཨང་གཉིས་པ་ཐོབ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མ་ལགས་ཀྱིས་ཨེ་ཤ་ཡའི་ན་གཞོན་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་ ༢ པའི་བྱ་དགའ་བླངས་ཡོད་འདུག

རྒྱ་ནག་ལུས་རྩེད་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨེ་ཤ་ཡའི་རྒྱལ་ཁབ་ཁོ་ཊར(Qatar) གྱི་རྒྱལ་ས་ཌོ་ཧཱ་རུ། ཕྱི་ལོ་ ༢༠༡༥ ལོའི་ཨེ་ཤ་ཡའི་ན་གཞོན་མཆོང་རྒྱུག་འགྲན་ཚོགས་འཚོགས་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་རྨིད་ ༥༠༠༠ ཅན་གྱི་སྐྱེད་མའི་འདུར་རྒྱུག་འགྲན་སྡུར་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་བ་ཆོས་སྐྱིད་སྒྲོལ་མ་ལགས་མགྱོགས་ཚད་སྐར་མ་ ༢༤ དང་སྐར་ཆ་ ༨ ལས་མ་འགོར་བར་ཨང་གཉིས་པའི་རྒྱལ་ཁ་ཐོབ་ཡོད་པ་དང་། ཁོང་མོ་ནི་རྒྱལ་སྤྱིའི་རྒྱུག་འགྲན་ཁྲོད་ཨང་རིམ་ལེན་མཁན་གྱི་བོད་རིགས་བུ་མོ་གསུམ་པ་དེ་ཆགས་ཡོད་པ་རེད།

ཁོང་མོས་གསར་འགོད་པར་བརྗོད་རྒྱུར། ནམ་རྒྱུན་ང་བདུན་ཕྲག་རེའི་ནང་ཉུང་མཐར་སྤྱི་ལེ་ ༡༨༠ རེར་གོམ་བགྲོད་དུ་འགྲོ་ཡི་ཡོད་ལ། ཨེ་ཤ་ཡའི་ན་གཞོན་འགྲན་ཚོགས་ཀྱི་སྦྱོང་བརྡར་སྐབས། ཉིན་རེར་སྤྱི་ལེ་ ༣༠ རེར་གོམ་བགྲོད་དུ་ཕྱིན་པ་དང་། ང་རང་གཅིག་པུ་ཡིན་པས་ཁེར་རྐྱང་གི་ཚོར་བའང་བྱུང་། ཞེས་དང་། ཡང་ཁོང་མོས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་ཁོང་མོའི་རེ་བ་ཆེ་ཤོས་དེ་ཡིན་སྟབས། དཀའ་ངལ་ཅི་ཙམ་ཆེ་ནའང་འབད་བརྩོན་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་འདུག

རང་ལོ་ ༡༧ ཡིན་པའི་ཆོས་སྐྱིད་སྒྲོལ་མ་ལགས་ནི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ཡིན་ཞིང་། ཁོང་མོས་ཕྱི་ལོ་ ༢༠༡༤ ཟླ་ ༤ ནང་ཚོགས་པའི་སྐབས་ ༤ པའི་ལི་ལིན་བུམ་པའི་འགྲན་ཚོགས་སྐབས། སྤྱི་ལེ་ ༥ དང་ ༡༠ ཅན་གྱི་འགྲན་སྡུར་སོ་སོའི་ནང་ཨང་དང་པོ་བླངས་ཡོད་པ་དང་། དེ་བཞིན་ལོ་དེའི་ཕྱི་ ཟླ་ ༩ པའི་ནང་ཅི་ལིན་དུ་ཚོགས་པའི་རྒྱ་ནག་རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་གསུམ་པ་བླངས། ཡང་ལོ་དེའི་ཕྱི་ཟླ ༡༠ ནང་སྤེལ་བའི་ཡུལ་སྐོར་བུམ་པའི་རྒྱལ་སྤྱིའི་རྒྱུག་འགྲན་ནང་ཨང་དང་པོ་གསུམ་དང་ཨང་གཉིས་པ་གཅིག་བཅས་ཀྱི་བྱ་དགའ་ཐོབ་ཡོད་པ་ལྟར། ཁོང་མོ་ཕྱི་ལོ་ ༢༠༡༤ ལོའི་རྒྱ་ནག་གི་ཨོ་ལིན་ཕིག་གི་ཚད་མཐོའི་རྗེས་སྣོན་ལུས་རྩལ་པའི་འདུར་རྒྱུག་སྦྱོང་བརྡར་ཁྲོད་ཕུལ་བྱུང་གི་ས་བོན་དུ་བདམས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 3

  1. བོད་དགའ། says:
    ལོ་ 11 སྔོན།

    བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མར་རྟེན་འབྲེལ་ཞུ། ལུས་རྩལ་པ་གཉིས་ཀྱི་ནང་ནས་ཨང་ ༡༤༩ པ་དེ་ཡིན་པ་འདྲ།

    Reply
  2. ཤག་སྒང་པ། says:
    ལོ་ 11 སྔོན།

    འདུག་སེ་བལྟས་ན་གཡས་ཕྱོགས་དེ་ཡིན་བཟོ་འདུག ཆོས་སྐྱིད་སྒྲོལ་མ་སུ་ཡིན་མིན་དེ་གལ་ཆེ་ཤོས་སོང་། པར་འགྲེལ་མེད་པ་དེས་གསར་འགྱུར་གྱི་འཐུས་སྒོ་མ་ཚང་འདྲ་ཞིག་ཚོར་སོང་།

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    པར་ལ་འགྲེལ་བཤད་ཅིག་དགོས་ཀྱི་འདུག པར་རིས་སྟེང་དུ་བུ་མོ་གཉིས་འདུག་སྟབས། ཁོ་མོ་གང་ཡིན་ཤེས་ཐུབ་ཀྱི་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese