མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་ཆེན་གཉིས་པར་དྲན་གསོ་བྱེད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ ༧༠ འཁོར་བའི་དུས་སྟོན་རྒྱ་ཆེན་པོ་ཞིག་སྲུང་གཙི་བྱ་རྒྱུ་ཡིན་འདུག

ཁ་སང་རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ཕྱ་ཟླ་ ༩ ཚེས་ ༣ ཉིན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ། རྒྱ་ནག་གི་དམག་ཆེན་གཉིས་པའི་སྐབས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་མགྲོན་འབོད་ཞུས་ཏེ་གཞི་རྒྱ་ཆེ་བའི་མཛད་སྒོ་ཞིག་འཚོགས་རྒྱུ་ཡིན་པ་དང་། མཛད་སྒོའི་ཐོག་ཨུ་རུ་སུའི་དམག་དཔུང་གིས་དམག་རྩེད་རུ་སྒྲིག་གཏོང་རྒྱུ་ཡིན་སྐོར་ཕྱི་བསྒྲགས་བྱས་ཡོད་སྟབས། ད་ལྟ་རྒྱལ་སྤྱིའི་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཛད་སྒོ་དེར་མཉམ་ཞུགས་བྱ་མིན་གྱི་གླེང་སློང་འདྲ་མིན་བྱེད་བཞིན་ཡོད་འདུག

ཨུ་རུ་སུའི་བདེ་སྲུང་བློན་ཆེན་སར་གྷེ་ཤོ་གྷུ་ (Sergei Shoigu) ཡིས་རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་ (International Business Times) ཞེས་པའི་ཐོག “རྒྱ་ནག་བདེ་སྲུང་ལྷན་ཁང་གིས་འཛམ་གླིང་དམག་ཆེན་གཉིས་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་སྐབས། དུས་སྟོན་ཐོག་ང་ཚོའི་དམག་དཔུང་ལ་དམག་རྩེད་རུ་སྒྲིག་གཏོང་རྒྱུར་མགྲོན་འབོད་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མ་འོངས་པར་ཨུ་རུ་སུས་རྒྱལ་ཁབ་གཉིས་བར་དམག་དོན་ཀྱི་ལས་ཀ་གང་ཞིག་བྱས་ཀྱང་མཉམ་འདེགས་ཀྱི་ནུས་པ་འདོན་རྒྱུ་ཡིན།”ཞེས་དང་། རྒྱ་ནག་དམག་དོན་ལྷན་ཚོགས་ཀྱི་ཚོགས་གཞོན་ཧྥན་ཁྲང་ལུང་ (Fan Changlong) གིས་རོའུ་ཌར་དང་དབྱིན་ཡུལ་ཆ་འཕྲིན་ཐོག “ང་ཚོས་ད་ཐེངས་དུས་སྟོན་ཐོག་ཨུ་རུ་སུའི་དམག་སྤྱི་གདན་ཞུ་བྱ་རྒྱུ་མ་ཟད་ཨུ་རུ་སུའི་དམག་དཔུང་གིས་རྒྱ་ནག་དམག་དཔུང་དང་མཉམ་དུ་དམག་རྩེད་རུ་སྒྲིག་གཏོང་བཅུག་སྟེ། རྒྱལ་སྤྱིའི་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གང་འདྲ་ཡོད་མེད་གསལ་སྟོན་ཐུབ་པ་བྱ་རྒྱུ་ཡིན། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ཨུ་རུ་སུ་སྲིད་གཞུང་གིས་རྒྱལ་ས་མོ་སི་ཁཱོ་རུ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨུ་རུ་སུར་རྒྱལ་ཁ་ཐོབ་སྟེ་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་སྐབས་སྲིད་འཛིན་ཞི་ཅིན་ཕིན་སྐུ་མགྲོན་གཙོ་བོར་མགྲོན་འབོད་བྱས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་བར་ཐབས་ཇུས་དང་ཚོང་དོན་གྲོས་མཐུན་ཁག་ ༣༥ བཞག་པ་དེས་འབྲེལ་ལམ་གྱི་སྒོ་མོ་གསར་པ་ཞིག་ཕྱེ་པ་རེད།”ཅེས་བརྗོད་འདུག

དབྱིན་ཡུལ་གྱི་གྷར་ཌིན་དང་ཨེ་ཕེ་གསར་ལམ་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ད་ཐེངས་ཀྱི་དམག་རྩེད་རུ་སྒྲིག་དེ་ནི་ཞི་ཅིན་ཕིན་སྲིད་འཛིན་ཆགས་རྗེས་ཀྱི་དམག་དོན་འགྲེམས་སྟོན་ཞིག་ཡིན་པ་མ་ཟད། ཉི་ཧོང་གོང་དམག་གིས་རྒྱ་ནག་གི་དམག་དཔུང་དང་ཉེས་མེད་མི་སེར་ཁྲི་སྟོང་མང་པོ་དམར་གསོད་གཏོང་བར་བཤག་སྡོམ་བྱ་རྒྱུའི་དུས་ཚིགས་ཤིག་ཀྱང་ཆགས་ཡོད་སྟབས། རྒྱལ་སྤྱིའི་རྒྱལ་ཁབ་དང་མགོ་ཁྲིད་ཚོས་དོ་སྣང་ཆེ་ཤོས་བྱ་ཡུལ་གྱི་དུས་སྟོན་ཞིག་ཆགས་རྒྱུ་རེད། ཟླ་སྔོན་མའི་ནང་སྲིད་འཛིན་ཨོ་བྷ་མའི་ཨེ་ཤ་ཡའི་གནད་དོན་སློབ་སྟོན་པ་ཨི་ཝན་ (Evan Medeiros) གྱིས་རྒྱ་ནག་གཞུང་གིས་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ ༧༠ འཁོར་བའི་དུས་སྟོན་ཉིན་དམག་དཔུང་ཕོན་ཆེས་རྒྱས་ཤོམ་འགྲེམས་སྟོན་བྱ་རྒྱུ་ཐག་གཅོད་བྱས་པ་དེ་ནི། དཀའ་རྙོག་སེལ་ཐབས་བྱས་པ་ཡིན་ནམ་ཡང་ན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བྱ་སྤྱོད་ལ་གཤེ་གཤེ་གཏོང་གི་ཡོད་མེད་གང་ཡིན་ཤོད་ཐུབ་རྒྱུ་ཁག་པོ་རེད་ཅེས་བརྗོད་ཡོད་སྟབས། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧུའུ་ཁྲང་ཡིང་གིས་ཨ་རིས་གྲང་དམག་སྐབས་ཀྱི་ལྟ་ཕྱོགས་བཟུང་རྒྱུ་མཚམས་བཞག་སྟེ་རྒྱ་ནག་གི་དམག་དོན་སྒྲིག་འཛུགས་འཕེལ་རྒྱས་ཕྱིན་པར་རྒྱུ་མཚན་ལྡན་པའི་ཐོག་ནས་འགྲེལ་བཤད་རྒྱག་དགོས་པ་ལས་ཁག་དཀྲི་བཏགས་ན་ཕྱོགས་གཉིས་ཀར་ཕན་ཐོགས་གང་ཡང་མེད་ཅེས་བརྗོད་འདུག་ཅེས་སོགས་བཀོད་འདུག

དེ་རིང་རོའུ་ཌར་གསར་ལམ་གྱིས་རྒྱ་ནག་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ ༧༠ འཁོར་བའི་དུས་སྟོན་ཉིན། ཡུག་རེན་གནད་དོན་རྐྱེན་པས་ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དགྲ་བོར་འཛིན་བཞིན་ཡོད་པའི་ཨུ་རུ་སུར་བརྩི་མཐོང་བྱས་ཏེ། ཨུ་རུ་སུའི་དམག་དཔུང་གིས་དམག་རྩེད་རུ་སྒྲིག་གཏོང་རྒྱུ་ཐག་གཅོད་བྱས་ཡོད་སྟབས། དུས་སྟོན་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་གཏོང་རྒྱུ་ཕྱིར་འཐེན་བྱེད་སྲིད་པ་ཞིག་ཡིན་ཞེས་བཀོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 1

  1. གངས་ལྡོམ། says:
    ལོ་ 11 སྔོན།

    གཏེ་བོ་ཚང་ལ་ལས་རྒྱུ་མང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese