མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏམ་བརྗོད་རང་དབང་བཙན་འཕྲོག་དང་དེའི་དཀའ་རྙོག

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྗོར་རྗི་པ་ཁིར་(GEORGE PACKER) གྱིས་བརྩམས།

རེས་གཟའ་སྔོན་མའི་ཞོགས་པར། མིང་ལ་ཝ་ཤཱི་ཁིར.ར་ཧ་མན་(Washiqur Rahman) ཟེར་ཞིང་རང་ལོ་ཉེར་དྲུག་ལ་སོན་ཡང་ད་དུང་བྱིས་པའི་ངང་ཚུལ་ལས་མི་འདའ་བའི་བྷང་ལ་དྷེ་ཤཱི་བ་(Bangladeshi) ཞིག་རང་ཁྱིམ་ནས་ཐོན་ཏེ། ཁོ་རང་གི་ཕྱག་ལས་གནང་སའི“འགྲིམ་འགྲུལ་ལས་ཁུངས”ལ་བསྐྱོད་པའི་ལམ་བར་དུ། གློ་བུར་དུ་ལག་ཏུ་གྲི་འཐོག་པའི་མི་གསུམ་ཁོའི་ཐོག་ལ་རྒྱུགས་ཏེ་ཁོར་གྲི་བཙུགས་ནས་འཆི་ལམ་དུ་དེད་ཀྱང་། གདོང་པར་གྲིས་བཤུར་བས་རྐྱེན་གྱིས།ཡང་སྙིང་ཁོ་ཡུལ་མི་སུ་ཞིག་ཡིན་པ་གསལ་བོར་ཤེས་ཐབས་བྲལ་མོད། སྟབས་ལེགས་ནས་གནས་ཚུལ་དེ་ཉེ་འགྲམ་དུ་ཡོད་པའི་སློང་མོ་བ་གཉིས་ཀྱིས་མཐོང་ཡོད་སྟབས། རྗེས་སུ་མི་གསོད་པ་གསུམ་ལས་གཉིས་འཇུ་བཟུང་གིས་སྐོར་སྐྱོད་ཉེན་རྟོག་པའི་ལག་ཏུ་སྤྲད་པ་རེད། མ་རྡི་ར་ས་སློབ་ཆེན་(madrassa) སློབ་མ་ཡིན་པའི་མི་གསོད་པ་དེ་གཉིས་གཟའ་འཁོར་གཉིས་ཀྱི་སྔོན་ཏག་ཏག་ལ་ས་གནས་དེ་གར་ལས་བགོས་ཀྱིས་ཡོང་བ་ཞིག་ཡིན་སྟབས། ཁོ་བོ་ཅག་གིས་བསད་པའི་སྐྱེས་པ་དེ་ར་ཧ་མན་ཡིན་མིན་གསལ་བོ་ཞིག་ཤེས་མེད་སྐད། དེ་སྔོན་སློབ་གྲྭའི་དགེ་རྒན་གྱིས་ཁོ་ཚོར“ར་ཧ་མན་ཟེར་བ་དེ་ལྟ་ལོག་པ་ཞིག་རེད”ཅེས་ལབ་ཡོད་འདུག ཁོང་གཉིས་ཀྱིས་བརྗོད་ན་“ཁ་ཆེ་བའི་ཆོས་ལ་དད་མཁན་ཚང་མས་ཁོ་རང་བསད་ན་འགྲིག་པར་བསམ་ཡོད་པས། ངེད་གཉིས་ཀྱིས་ཁོ་བསད་པ་ཡིན”ཅེས་བརྗོད་འདུག མ་གཞི་མི་གསོད་པ་དེ་གཉི་གས་སྐུ་ཞབས་ར་ཧ་མན་གྱིས་ཁོ་རང་གི་མི་སྒེར་དྲ་ཚིགས་(blog) སྟེང་ཁ་ཆེ་ཆོས་ལུགས་པའི་མཁྲེགས་འཛིན་ཐེར་ཟུག་གི་ལྟ་བར་གནད་དུ་འཁེལ་བའི་སུན་འབྱིན་དྲག་པོ་བྱས་ཡོད་པའི་ཆེད་རྩོམ་མང་པོ་སྤེལ་ཡོད་པ་དག་མཐོང་མི་འདུག་ལ། ཐ་ན་མི་སྒེར་དྲ་ཚིགས་ཟེར་བ་དེ་དོན་དམ་ཅི་ཞིག་ཡིན་མིན་ཡང་ཧ་ལམ་ཧ་གོ་ཡི་མེད་བཟོ་རེད།

སྐུ་ཞབས་ར་ཧ་མན་ནི་ “བྷང་ལ་དྷེ་ཤཱིའི་བསམ་བློའི་རང་དབང་རྩོམ་པ་པོའི” གྲས་ཀྱི་གཅིག་ཡིན་ཞིང་། ཁོ་ལྐོག་གསོད་མ་ཐེབས་པའི་ཉིན་འགའི་སྔོན་ལ་ཁོས་ངོ་དེབ་(Facebook) སྟེང་གི་རང་ཉིད་ཀྱི་འདྲ་པར་དེ་ལྕམ་ཨེ་བེ་ཇེ་ཊི.རའོ་(Avijit Roy) ལགས་ཀྱི་འདྲ་པར་ལ་བརྗེས་སྤེལ་བྱས་ཡོད་པ་དང་། ཁོ་མོ“ཨ་རིའི་རྒྱལ་ཁོངས་སུ་གཏོགས་པའི་མི་སེར” ཞིག་ཡིན་ཞིང་ “བྷང་ལ་དྷེ་ཤཱིའི་གཏམ་བརྗོད་རང་དབང” གི་གླེང་སྟེགས་དྲ་ཚིགས་གསར་འཛུགས་མཁན་དང“མི་ཆོས་རིང་ལུགས་དོན་གཉེར་བ” བཅས་ཀྱང་ཡིན་འདུག

ཕྱི་ཟླ་གཉིས་པར་སྐུ་ཞབས་ར་ཧ་མན་ཡུལ་དེའི་རྡ་ཀ་གཙུག་ལག་སློབ་ཆེན་(Dhaka University) དུ་བསྐྱོད་ནས་ཁོང་གི་བརྩམས་ཆོས་ <<དད་འདུན་གྱི་དུག་འབུ་>> < > ཞེས་པ་དཔེ་བསྐྲུན་དབུ་འབྱེད་མཛད་སྒོ་བསྡུས་ཤིང་། དེར་བཞུགས་ཀྱི་ལྕམ་རའོ་ལགས་ཀྱིས་རྩོམ་མཁན་ཁོ་དང་ཁོའི་དགའ་མ་ར་ཧྥི་རྡ.ཨ་ཧ་མི་རྡི་(Rafida Ahmed) གཉིས་སྲུང་སྐྱོབ་གནང་སྐབས། སྟབས་མ་ལེགས་པར་ཁོ་མོ་གར་འོང་ཆ་མ་འཚལ་བའི་མི་གསོད་པ་གསུམ་གྱི་གྲི་ཁ་ནས་དམར་གསོད་ཐེབས་པ་རེད། མཐར་ཉེན་རྟོག་མི་སྣ་དང་དེར་འདུས་ཚོགས་བཞུགས་ལྷན་རྒྱས་རྣམས་སླེབས་དུས། ཁོ་མོའི་མགོ་ལ་གྲིས་བསྣུན་པ་དང་ལག་མཛུབ་གཏུབས་ནས་བསད་འདུག་ཅིང་། མི་གསོད་པ་སྔར་ནས་བྲོས་ཤོར་ཚར་ཡོད་འདུག འདས་པའི་ཟླ་དུ་མའི་རིང་ལ་ངོ་དེབ་འཕྲིན་ལམ་བརྒྱུད་ནས་ལྕམ་རའོ་ལགས་ལ་ཁ་ཆེ་ཆོས་ལུགས་པས་ཁ་རྡུང་དྲག་པོ་བཏང་ཞིང་། ཉེ་བའི་ལོ་འགའ་ཞིག་རིང“བྷང་ལ་དྷི་ཤཱིའི་བསམ་བློའི་རང་དབང་བརྩོན་ལེན་པ” ཚོར་ཀླ་ཀློ་བའི་འཇིགས་སྐུལ་ལྐོག་གསོད་ཐེངས་མང་ཐེབས་ཀྱང་། ཉེན་རྟོག་བདེ་སྲུང་མི་སྣས་ཉེས་དོན་ཕྱིར་བསྒྲགས་པ་ཙམ་མ་གཏོགས། སྲིད་གཞུང་གིས་ཁོ་ཚོའི་བདེ་དོན་འགན་སྲུང་གང་ཡང་བྱེད་འདུན་མེད་ཚོད་རེད།

ཉིན་རྟག་པར་བྷང་ལ་དྷེ་ཤཱར་ཡུལ་མི་རང་ཉིད་ཀྱིས་བསླངས་པའི་ནང་འགལ་དང་སྲིད་འགྱུར་གྱི་རླུང་འཚུབ། ཡང་ན་རང་བྱུང་གི་གོད་ཆག་སོགས་ཆེས་སྐྱི་གཡའ་ཞིང་འཇིགས་ཡེར་བའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་དང་འབྱུང་གི་ཡོད་ཀྱང་། དེ་ལ་ནི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་ལས་རིགས་གང་གིས་ཀྱང་སྣང་དོགས་ཙམ་ཡང་བྱེད་མཁན་མི་འདུག

དེ་ལྟར་ཆོས་ལུགས་གྲུབ་མཐའ་ཙམ་ཁ་ལ་ཁྱེར་བའི་གཟུ་ལམ་པ་ཚོས་མི་གསོད་ཀྱི་སྦྱོར་བ་ལག་ལེན་བསྟར་ཡོང་དུས། སྐྱབས་མེད་མགོན་མེད་དུ་གྱར་བའི་ཡུལ་མི་ཚོ་འཇིགས་དངངས་ཀྱི་ཀློང་དུ་ཞི་མཐུན་ཞོད་འཇགས་ཀྱི་འཚོ་གནས་ཤིག་གཞར་ཡང་མེད་ཀྱང་། ད་དུང་བྷང་ལ་དྷེ་ཤཱི་འདྲ་བའི་སྲིད་གཞུང་གཞན་ཡོད་དོ་ཅོག་ལྐོག་ཟ་རུལ་སུངས།དཀར་ནག་གོ་ལྡོག སྡར་མ་ཝ་བྲོས་ཀྱི་རྣམ་རྟུལ་ཞུགས་འཛིན་གྱིན་ཡོད། གཅིག་བྱས་ན། མ་གཞི་ནས་ལྕམ་རའོ་ལགས་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ཤིག་གི་ཁོངས་མི་ཡིན་པའི་ཆ་ནས། ཕོ་མཆོག་མོ་དམན་དང་རིགས་རུས་དབྱེ་འབྱེད་ལ་གོམས་པའི་བྷང་ལ་དྷེ་ཤཱི་བས་ཁོ་མོའི་འདས་རྐྱེན་ནི་རང་སྡུག་རང་ཉོས་ཤིག་ཏུ་འདོད་ཀྱང་སྲིད་ལ། སྐུ་ཞབས་ར་ཧ་མན་དང་ལྕམ་རའོ་ལགས་གཉིས་གཞན་མི་ག་གེ་མོ་ཞིག་གིས་བསད་བཞག་ལྟ་བའི་གོ་ཐོས་ཙམ་མ་གཏོགས། ཁོང་གཉིས་ཡ་ང་བག་ཚ་མེད་པར་ཀླ་ཀློ་བས་དམར་གསོད་བཏང་བར་སུས་ཀྱང་དོ་ཁུར་ནམ་ཡང་མི་བྱེད། སྤྱིར་མི་གསོད་དོན་རྐྱེན་འདི་རིགས་ཚང་མས་ཡིན་ཤག་ཤག་ཏུ་བརྩི་ཡི་འདུག་ཀྱང་། དོན་ལ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་དོན་དང་འབྲལ་བའི་ཚེ་སྲོག་གི་ཉེན་ཚབས་ཤིག་ཅི་ལ་མིན།

མི་བུའི་བདེན་དོན་ལ་ནི་བསམ་བློའི་རང་དབང་གི་རིན་ཐང་ལྟ་ཅི། ཐ་ན་རང་དང་ལྟ་འདུན་མི་གཅིག་པའི་མི་ཀུན་ཀྱི་འཁྲིས་སུ་འགྲེངས་ཏེ། ཁ་ནས་གཏམ་བརྗོད་རང་དབང་དང་བསམ་བློ་རང་དབང་གླེང་གིན། དོན་ལ་ནང་འགལ་དབྱེན་དཀྲུག་ཁོ་ན་སློང་བ་མ་གཏོགས། འཛམ་གླིང་སྤྱི་ཚོགས་བྱིངས་ཀྱི་བསམ་པའི་འདུ་ཤེས་སུ་གྲུབ་པའི་མི་བུའི་ཁེ་དབང་དག་(འདིར་གཙོ་བོ་གཏམ་བརྗོད་རང་དབང་དང་བསམ་བློའི་རང་དབང་ལ་གོ) འགན་སྲུང་བྱེད་རྒྱུ་ཁག་པོ་ཆགས་ཡོད། ཕྱི་ཟླ་དང་པོར་ཧྥ་རན་སིའི་ཟུར་ཟའི་དུས་དེབ་(Charlie Hebdo) སྟེང་སྤེལ་བའི་མི་མང་སྡེབ་གསོད་ཀྱི་དོན་རྐྱེན་དེའི་རྗེས་སུ། རབ་བཏགས་རི་མོ་མཁན་ཚོས་ཁ་ཆེ་བའི་སྟོན་པ་དང་ཁ་ཆེ་བའི་ཆོས་ལུགས་ཀྱི་དཀའ་རྙོག་ལ་ཐེ་གཏོགས་བྱས་ཏེ་བཟོད་བསྲན་གུ་ཡངས་མི་གཏོང་བའི་སྤྱོད་ཚུལ་དེས་ནི་གཏམ་བརྗོད་རང་དབང་དོན་གཉེར་བ་ཚོ་རྦད་དེ་ཧ་ལས་ཧང་སངས་སུ་བཅུག་ཡོད།

དོན་ལ་ཁོ་ཚོས་འདི་ལྟར་དཀྲོག་རྐྱེན་སློང་དོན་ག་རེ་ཡིན་ནམ། ཕྱི་ལོ་ ༡༧༩༡ ཟླ་ ༡༢ ཚེས་ ༡༥ ཉིན།  “ཨ་རིའི་རྩ་ཁྲིམས་བཟོ་བཅོས་ཀྱི་ཁྲིམས་གཞི་དང་པོ” ཟེར་བ་དང་(First Amendment) དང་། ཕྱི་ལོ་ ༡༩༠༥ ལོར། “ཧྥ་རན་སིའི་དད་མོས་རང་དབང་གི་ཁྲིམས་གཞི” (republican tradition of laïcité) ཟེར་བ་སོགས་གང་ཡང་བརྩིས་མེད་རྡོག་བརྫིས་བཏང་ནས། མི་ཆོས་རིག་གནས་ཀྱི་གནས་བབ་ཤིན་ཏུ་སྐྱོ་ཁར། ལྷ་ཆོས་རིག་གནས་ཀྱི་དབང་ཤེད་ཇེ་ཆར་རྒྱས་པའི་འཛམ་གླིང་རྒྱལ་ཁབ་ཁག་ཏུ་བསམ་བློའི་རང་དབང་གླེང་མཁན་རེ་གཉིས་ལས་མེད་པའི་དུས་སྐབས་འདི་འདྲ་ཞིག་ལ། བསམ་བློའི་རང་དབང་རྩོད་ལེན་གནང་མཁན་ཚོ་ལོག་ལྟ་མཁན་ཞིག་ཏུ་མི་འདོད་རང་དབང་ཅི། གཞན་ཡང་ཁོ་ཚོའི་རྒྱབ་ཏུ་གཏམ་བརྗོད་རང་དབང་བརྩོན་ལེན་གནང་བའི་དཔུང་སྡེ་མེད་པ་དང་། ཡོད་ཀྱང་མི་སྨྲ་བའི་བརྟུལ་ཞུགས་བཟུང་བའི་དབང་གིས།ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སིར་(Paris) སྡོད་པའི་ཁོ་རང་ཚོའི་ཆོས་ལུགས་མི་སྣའི་བདེ་དོན་འགན་སྲུང་མ་གཏོགས།གཏམ་བརྗོད་རང་དབང་བརྩོན་ལེན་པ་ཚོར་ཐེབས་པའི་འཇིགས་སྐུལ་ལྐོག་གསོད་ཀྱི་བྱུང་རྐྱེན་ནི་སྣང་མེད་རྒྱ་ཡན་དུ་བཏང་བ་ཡིན་ཤག་ཏུ་ཚང་མས་འདོ་ངེས་རེད་ལ། ཐ་ན་བྷང་ལ་དྷི་ཤཱི་རྒྱལ་ནང་གི་སྐྱུག་བྲོ་བའི་སྐྱོ་གར་ཁྲོད་དུ། ཨོ་ཁི་ལ་ཧོ་མ་གཙུག་ལག་སློབ་ཆེན་ (Oklahoma University) གྱི་སློབ་མ་ཚོས་མི་རིགས་རིང་ལུགས་ཀྱི་བསྟོད་གླུ་ལེན་བཞིན་པ་གཟུགས་མཐོང་བརྙན་པར་དུ་བླངས་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཏེ། ཁོ་རང་ཚོ་སྤྱི་ཚོགས་སྒྲིག་འཛུགས་ཁག་ནས་ཕྱིར་འཕུད་གཏོང་གི་ཡོད་པར་ཡ་ལན་སྤྲད་པའི་སྣང་བརྙན་དེ་ནི། གཅིག་ནས་ཁྲིམས་འགལ་ཡིན་ཡང་སྲིད་ཅིང་། མ་གཞི་བྷང་ལ་དྷེ་ཤཱིའི་མི་སྒེར་དྲ་ཚིགས་བཟོ་མཁན་ཚོས་བརྒྱུད་ལམ་ཁག་ཏུ་མི་ཆོས་རིང་ལུགས་ཀྱི་བསམ་བློའི་རང་དབང་བརྩོན་ལེན་གནང་བ་དེས་སྔར་མེད་འཁོན་འཛིང་གི་ཁོར་ཡུག་ཅིག་གསར་དུ་བསྐྲུན་པ་དང་། དེ་ལ་དེར་བརྟེན་གྱིས། སྤྱིར་ན་ཕ་རོལ་བོར་བརྩི་འཇོག་ཡི་རངས་གནང་མཁན་ཞིག་ཡིན་རུང་། མི་ཉིད་ཀྱི་བསམ་བློའི་རང་དབང་གི་ཆེད་དུ། དགྲར་འཛིན་འཁོན་འཛིང་གི་དབང་དུ་གྱུར་ཏེ་རང་སེམས་ནས་བརྡོལ་བའི་ཁྲོ་སྡང་གི་ཚིག་རྩུབ་སྨྲ་བ་དང་། མི་རང་ཉིད་ཀྱི་ཁེ་དབང་ལ་བརྡབ་གསིག་གཏོང་མཁན་ཚོར་ཕྱིར་རྒོལ་སློག་པའི་བློ་སྤོབས་ཇེ་ཆེར་སྐྱེད་འོང་གི་ཡོད།

ར་ཧ་མན་སྒེར་གྱི་དྲ་ཚིགས་སྟེང། སྨྱུག་ཁ་འཇམ་པོའི་སྒོ་ནས་ཕ་རོལ་བོའི་སྙིང་ལ་འཁུ་བའི་སྐྱོན་བརྗོད་ཐེར་འདོན་མཛད་དེ། རང་རྒྱལ་དུ་རང་ཉིད་འདྲ་བུའི་མི་སེར་བྱིངས་རྙོག་ཟིང་གི་སྤྱི་ཚོགས་ཁྲོད་འཚོ་སྡོད་དཀའ་བར་བརྗོད་ཅིང་། དཀའ་ཁག་དེ་ཁོ་རང་མི་གཅིག་གི་སྨྱུ་གུར་བརྟེན་ནས་སེལ་ཐུབ་པ་ཞིག་ཡིན་ནམ་ཞེ་ན། ལར་ནས་མ་ཡིན་ཏེ། “ངས་ནི་དམག་འཁྲུག་གི་ནག་ཉེས་དང་ཁ་ཆེ་བའི་མཁྲེགས་འཛིན་ཐེར་ཟུག་གི་ལྟ་བ། མེས་རྒྱལ་དང་སྲིད་དོན་སོགས་གང་ཡང་འབྲི་བྱར་མི་འཛིན་ལ། རྩོམ་འབྲི་ཙམ་གྱིས་ནི་བསམ་བློའི་གསར་བརྗེ་མི་ནུས་ཀྱང་། ང་རང་གི་བྲིས་རྩོམ་དག་རང་སེམས་གསོ་བའི་ཟིན་ཐོ་ཙམ་ཡིན་པ་ལས། ངས་རྩོམ་འབྲིར་བརྟེན་ནས་མི་སེམས་ལ་རྨ་ཁ་བཟོ་བའམ། མེས་རྒྱལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། སྲིད་འབྱོར་རིག་གསུམ་ཡར་རྒྱས་ལ་གཏོར་བརླག་བྱེད་པ་སོགས་ནམ་ཡང་མ་ཡིན་ཏེ། ངས་ནི་ཕ་རོལ་བོ་སུ་ལའང་མི་འཚེ་མི་གནོད་པའི་བརྗོད་བྱ་ཁོ་ན་འབྲི་བྱའི་གདམ་ཀར་བཏང་ཡོད། ”ཟེར།

དེ་ལྟ་དེ་ལྟར་ཁོས་བཤད་པ་ལྟར། ཁོ་རང་གྲངས་ཉུང་མི་རིགས་ཤིག་ལ་ཁྲོ་སྡང་སློང་བའི་རྩོད་རྙོག་ཟློག་མེད་ཅིག་གི་ཀློང་དུ་ཚུད་པ་མ་གཏོགས། ཁོང་གི་ལྗགས་རྩོམ་ཁག་ཏུ་རང་བྱུང་སྐྱེས་དངོས་དང་ཤེས་ཡོན་སློབ་གསོ། གློག་བརྙན་དང་མཛའ་དུངས། ཡང་ན་རང་གི་རང་རྣམ་སོགས་བརྗོད་བྱ་གཙོ་བོར་བཟུང་འདུག

ཕྱིས་སུ་ཁོ་ན་རེ། “བདག་གིས་བརྗོད་བྱ་བརྗོད་བྱེད་གང་དུ་སྲིད་གཞུང་དང་ཆབ་སྲིད་ཚོགས་པ། ཆོས་ལུགས་མི་སྣ་དང་མི་སེར་དཀྱུས་མ། ཡང་ན་རང་ཉིད་ལ་གློ་ཉེ་མི་ཉེ་བའི་ཚོགས་སྤྱིའི་རང་དབང་དང་བདེ་སྐྱིད་བཅས་ལ་དགག་རྒྱག་སུན་འབྱིན་བྱས་འདུག་གམ། གལ་ཏེ་ཡོད་ན་ནི་དེའི་དཔང་བོ་སུ་ལ་གང་ཞིག་ཡོད་པ་ང་ལ་སྟོན་ཞིག”

རྒྱལ་སྤྱིའི་གསར་འགོད་ལས་མི་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ཇོལ.སེ་མོན་(Joel Simon) ལགས་ཀྱིས་ཁོང་གི་བརྩམས་ཆོས་<<ཞིབ་བཤེར་བརྒྱུད་ལམ་གསར་བ་>> (The New Censorship) ཞེས་པའི་ནང་བརྗོད་དོན། “དེང་འདིར་མི་སྒེར་དྲ་ཚིགས་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བསྐྲུན་པ་དེས་ང་ཚོར་རྒྱལ་སྤྱིའི་སྟེང་དངོས་བྱུང་གསར་གནས་ཇི་འདྲའི་མོད་པོ་ཞིག་སྒེར་གཅོད་སྲིད་གཞུང་གི་སྟེང་འཛིན་འོག་ཡོད་པ་ངེས་ཤེས་སུ་བཅུག”ཅེས་དང་། ཡང་ཁོང་གིས“གསར་འགོད་རང་དབང་ཉམས་རྒུད་དུ་ཕྱིན་པ་དང་། གསར་འགོད་པར་ཐེབས་པའི་འཇིགས་སྐུལ་དྲག་གནོན་གྱི་གནས་བབ་ཧ་ལམ་ལོ་རྒྱུས་རང་བཞིན་ཞིག་ཆགས་བསྡད་ཡོད”ཟེར།

རྒྱ་ནག་དང་ཨེ་རེ་ཊིརེ་ཡ།(Eritrea) ཨེ་ཇེབ་(Egypt) དང་ཏིར་ཀི་(Turkey) གཙོས་རྒྱལ་ཁབ་འགའ་ཞིག་ནང་རང་དབང་གསར་གནས་བརྒྱུད་ལམ་ཁག་སྟངས་འཛིན་ནན་ཏན་བྱེད་པའི་གནས་སྟངས་ཧ་ཅང་ཡིད་སྐྱོ་བའི་གནས་སུ་ལྷུང་མོད། (སྟོང་ལོ་བཅུ་བཞི་ནས་བརྩིས་ཏེ་གོང་སྨྲས་རྒྱལ་ཁབ་འདི་དག་འཛམ་གླིང་སྟེང་གི་རང་དབང་གི་གསར་འགོད་པ་འཇུ་བཟུང་བཙོན་འཇུག་བྱེད་མཁན་མང་ཤོས་དག་ཆགས་ཡོད) འོན་ཀྱང་རང་དབང་གི་གསར་འགོད་པར་རྡུང་རྡེག་དམར་གསོད་གཏོང་བའི་རྒྱལ་ཁབ་ཁག་ནི་དཀྱིལ་ཤར་ཡུལ་གྲུ་(Middle East) དང་ལྷོ་ཨེ་ཤ་ཡ།(South Asia) དེ་བཞིན་མེ་ཁི་སི་ཁོ་(Mexico) བཅས་ཡིན་ཞིང་།པ་ཀི་སི་ཐན་(Pakistan) དང་། དེ་མིན་ཁ་ཆེ་རྒྱལ་ཁབ་འགའ་ཞིག་ཏུ་རྒྱལ་ནང་གི་རྩ་ཁྲིམས་བཤིག་ཅིང་སྲིད་འགྱུར་གྱི་ཟིང་ཆ་བསླངས་ཏེ་ཡོད་ཚད་ལྷ་ཆོས་རིང་ལུགས་ཀྱི་དབང་དུ་ཚུད་ཀྱང་། མི་ཆོས་རིང་ལུགས་ཀྱི་བློ་སྤོབས་ད་དུང་ཉམས་མེད་དུ་གནས་ལ། ཁ་ཆེ་དྲག་སྤྱོད་པ་ཚོས་ག་ས་གང་དུ་མི་རིགས་རིང་ལུགས་ཁ་རུ་འཁྱེར་ནས་རྒྱལ་སྤྱིའི་རང་དབང་གསར་འགོད་པ་ཚོ་དམར་གསོད་གཏོང་གི་ཡོད།

ཡིན་ན་ཡང་ཕྱོགས་གཞན་ཞིག་ནས། འཇིགས་སྐུལ་བཙོན་འཇུག་ལས་ལྷག་པའི་ཉེན་འཚབ་གཞན་ཞིག་ནི་མེས་རྒྱལ་ནང་ཁུལ་དུ་རྒྱུག་ཆེ་བའི་མི་སྒེར་ཞིབ་བཤེར་བརྒྱུད་ལམ་དང་འབྲེལ་བའི་གཏམ་བརྗོད་རང་དབང་ཡོངས་སུ་ཕྲོགས་པ་དེ་རེད་ལ། དེ་ཡང་སྒེར་གཅོད་སྲིད་གཞུང་དང་དྲག་སྤྱོད་རིང་ལུགས་པ་ཚོས་ཕ་རོལ་བོར་གང་འདོད་དུ་འཇིགས་སྐུལ་རྡུང་རྡེག་མི་ཆོག་པའི་སྒུལ་ཤུགས་ཤིག་ཏུ་གྱུར་ཅིང་། ལར་མི་སྒེར་ཞིབ་བཤེར་བརྒྱུད་ལམ་ནི་སྤྱི་ཚོགས་གང་དེའི་ཉེས་མེད་མི་དམངས་ལ་གཞན་གྱི་འཇིགས་སྐུལ་རྡུང་རྡེག་མི་འཐེབས་པའི་རང་དབང་གླེང་སྟེགས་མེད་མི་རུང་བ་ཞིག་ཡིན།

ཨུ་རུ་སུའི་རྒྱལ་ནང་དུ་སྲིན་འཛིན་ཕི་ཌན་(Vladimir Putin) ནི་དབང་ཤེད་སྒེར་གཅོད་པ་འཁྲུལ་མེད་ཅིག་ཡིན་ཞིང་། དེ་ལྟའི་སྤྱི་ཚོགས་ཁོར་ཡུག་ན་ཕྱི་གསལ་ནང་གསལ་གྱི་སྲིད་བྱུས་ཤིག་གཞར་ཡང་མེད་ཕྱིན། ཤེས་ལྡན་མི་སྣ་ཚོ་གཉའ་ཆག་སྤུས་བཙུགས་ཀྱིས་དུས་ནམ་ཡང་གསལ་ཁ་མེད་ཅིང་སྒེར་གཅོད་སྟངས་འཛིན་ཆེ་བའི་མེས་རྒྱལ་གྱི་ཁྲིམས་སྲོལ་ཐད་ལ་རྩོད་གླེང་བརྩོན་ལེན་མི་གནང་བའི་གྲ་སྒྲིག་ཨང་གསར་ཡོད་བཟོ་འདུག་སྟེ། ཨུ་རུ་སུའི་གློག་བརྙན་སྒྲིག་བཟོ་མཁན་ཞིག་གིས་ངེད་ཅག་ནེའུ་ཡོག་དུས་བབ་གསར་ལམ་དུ་མིག་སྔར་ཁོང་གིས་བསྒྱུར་བསྐྲུན་གནང་བའི་གློག་བརྙན་ཞིག་སྲིད་གཞུང་གིས་བཀག་སྡོམ་ཕྱིར་འཐེན་བྱས་པའི་གནས་སྟངས་བརྗོད་དོན། “ང་ཚོས་ཅི་ནས་ཀྱང་དཀའ་རྙོག་འདི་རིགས་དག་སེལ་བྱས་ན། རྒྱལ་ཁབ་ཀྱི་སྲིད་ཇུས་གནས་བབ་ཇེ་ལེགས་སུ་འགྲོ་བར་འདོད”ཅེས་ཟེར།

ཨུ་རུ་སུའི་རྒྱལ་ནང་དུ། དེང་གི་རྒྱལ་ཞེན་རིང་ལུགས་ཀྱི་རླབས་རྒྱུན་འོག རྒྱ་གར་སྲིད་བློན་མུ་ཌེ་ (Narendra Modi) དང་ཏིར་ཀའི་སྲིད་བློན་ཨར་ཏོ་གན་(Recep Tayyip Erdogan) ལྟར། ཨུ་རུ་སུའི་སྲིད་འཛིན་ཕི་ཌན་གྱི་སྲིད་ཇུས་ནི་སྤྱི་དམངས་བྱིངས་གཞོགས་གཅིག་ཏུ་བཅད་ནས་གཏམ་བརྗོད་རང་དབང་དམ་དྲག་གི་སྲིད་ཇུས་ལག་བསྟར་དང་དེ་ལ་ཚང་མས་བརྩི་སྲུང་དང་ལེན་གནང་དགོས་པ་དང་། རྒྱ་གར་རྒྱལ་ནང་དུ། ཁྲིམས་སྲོལ་གཞིར་བཟུང་གིས་དཔེ་བསྐྲུན་རང་དབང་ཐད་ལ་དཀའ་རྙོག་སུན་བཙིར་གཏོང་གི་ཡོད་དེ། ཕྱི་ལོ་སྔོན་མར་འཛམ་གླིང་དཔེ་སྐྲུན་ཁང་ཆེ་ཤོས་རྒྱ་གར་ཕེན་གྷོན་ (Penguin) དཔེ་སྐྲུན་ཁང་གིས་རྩོད་གླེང་ཆེ་བའི”ལོ་རྒྱུས་ཀྱི་འདམ་ག” (An Alternative History) རྩོམ་མཁན་སྐུ་ཞབས་དྷོ་ནེ་གྷར་(Wendy Doniger) ལགས་ཀྱི་བརྩམས་ཆོས་ཕྱིར་བསྡུ་དང་ཁོང་ལ་སུན་བཙིར་གཏོང་བའི་བརྒྱུད་སྐུལ་དང་ལེན་བྱས་པར་མ་ཟད། ཕེན་གྷོན་དཔེ་སྐྲུན་ཁང་གིས“འཛམ་གླིང་གི་ཆོས་ལུགས་གྲུབ་མཐའ”གང་ཡིན་ཡང་། ང་ཚོས་དེ་ལ་བརྩི་བཀུར་བྱེད་ཀྱིན་ཡོད་པའི་བསྒྲགས་གཏམ་སྤེལ་རུང་། སྤྱིར་བསམ་པའི་འཁྱེར་སོ་དང་ཀུན་སློང་ལེགས་པོ་བདོག་མཁན་ཞིག་གིས།ཤེས་རིག་རང་དབང་ཐད་ལ་དཀའ་རྙོག་འདི་འདྲ་བཟོ་མི་སྲིད།

གཏམ་བརྗོད་རང་དབང་ཉུང་བའི་དུས་སྐབས་འདི་འདྲར། མི་སྒེར་ཞིབ་བཤེར་བརྒྱུད་ལམ་ནི་དཀའ་རྙོག་དེ་ལ་འགོག་རྒོལ་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན། གལ་ཏེ་ཁྱོད་ཀྱིས་རང་གི་བསམ་ཕྱོགས་གང་དེས་ཕ་རོལ་བོའི་རྣ་བ་གཙེས་པར་དོགས་ཚེ། ཁྱོད་ཀྱིས་རང་དབང་གི་བསམ་བློ་ཇི་ལྟར་གཏོང་དགོས་པའང་མི་ཤེས་ཤིང་། དེ་ལྟའི་རེ་དོགས་ཀྱི་ལྟ་ཚུལ་དེས་ནི་ཁྱོད་རང་གི་བསམ་ཚུལ་ཡོད་ཚད་ཤུལ་མེད་བཟོས་འགྲོ་བ་རེད།

གོང་སྨྲས་ཀྱི་རང་དབང་རྩོམ་པ་པོ་དེ་གཉིས་དེ་རིང་གི་ང་ཚོས་ལས་ཀྱང་འཇིགས་ཉེན་ཆེ་རུང་། ཁོང་གཉིས་རང་དབང་གི་མི་རུ་གཞེས་ཤིང་། ཁོང་གཉིས་རང་དབང་གི་མི་རུ་བཀྲོངས་པ་རེད།

 

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese