མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་ཐོག་ཏུ་ལྷག་པའི་འབར་མའི་ཡུལ་གྱར་བ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་ཡུལ་གྱར་བ་སྟོང་ཕྲག་མང་པོ་མཚོ་ཐོག་བརྒྱུད་ཐའེ་ལན་ཌི་དང་མཱ་ལེ་ཞི་ཡ་སོགས་ཀྱི་ནང་སྐྱབས་བཅོལ་དུ་ཕྱིན་ཏེ་ལམ་བར་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་ཡུལ་གྱར་བ་བསྡད་ཡོད་པའི་གྲུ་གཟེངས་ཤིག་ཟླ་ ༣ རིང་ཨིན་ཌཱ་མིན་རྒྱ་མཚོའི་(Andaman Sea)ཐོག་འགྲུལ་བཞུད་བྱས་པ་བརྒྱུད། ཉེ་སྔོན་ཐའེ་ལན་ཌའི་མཚོ་འགྲམ་དུ་བསླེབས་ཡོད་ཀྱང་། ཐའེ་ལན་ཌི་གཞུང་གིས་རྒྱལ་ཁོངས་སུ་འཛུལ་དུ་མ་བཅུག་པར་མཚོ་ཐོག་ཏུ་ལྷག་བསྡད་ཡོད་པ་དང་། འགྲུལ་སྐྱེལ་གྲུ་གཟེངས་དེའི་ནང་བུད་མེད་ ༥༠ དང་བྱིས་པ་ ༨༤ བཅས་ཚུད་པའི་འབར་མའི་ཡུལ་གྱར་བ་ ༣༥༠ ཡོད་ཅིང་། བཟའ་བཏུང་ཆད་དེ་མི་ ༡༠ མུ་གེས་ཤི་ཡོད་འདུག ད་ལྟའི་ཆར་ཐའེ་ལན་ཌའི་མཚོ་དམག་གིས་ཁོ་ཚོར་ཟ་མ་དང་ཆུ། སྨན་བཅས་ཀྱིས་རོགས་རམ་གང་འཚམ་བྱེད་ཀྱི་ཡོད་ཀྱང་། ཁོ་ཚོ་གང་མགྱོགས་ཀྱིས་ཐའེ་ལན་ཌིའི་མཚོ་འགྲམ་ནས་ཐོན་དགོས་ཚུལ་བརྗོད་ཀྱི་ཡོད་འདུག

མཚོ་ཐོག་ཏུ་ལྷག་པའི་ཡུལ་གྱར་བ་དེ་ཚོས་བྷི་བྷི་སིའི་གསར་འགོད་པར། ཁོ་ཚོ་སྡོད་སའི་གྲུ་གཟེངས་དེ་ཐའེ་ལན་ཌའི་གྲུ་གཟེངས་ཤིག་ཡིན་ལ། གྲུ་བ་དང་གྲུ་དཔོན་ཚང་མ་ཐའེ་ལན་ཌའི་མི་ཡིན་པ་དང་། མཚོ་ཐོག་ཏུ་འགྲུལ་བཞུད་ཟླ་ ༢ བྱས་རྗེས། གྲུ་དཔོན་དང་གྲུ་བ་ཚོས་གྲུ་གཟེངས་གཞན་ཞིག་གོ་སྒྲིག་བྱ་རྒྱུར་ཁ་གཡར་ཏེ་བྲོས་ཟིན་པ་མ་ཟད། ཁོ་ཚོ་འགྲོ་ཁར་གྲུ་གཟེངས་ཀྱི་སྒུལ་བྱེད་འཕྲུལ་འཁོར་ཁ་ཤས་ཀྱང་ཁྱེར་ཕྱིན་སྟབས། ད་ལྟ་གྲུ་གཟེངས་འགྲུལ་སྐྱོད་བྱེད་མི་ཐུབ་པ་དང་། བདུན་ཕྲག་གཅིག་ཙམ་ནས་བཟུང་ཟ་མ་དང་འཐུང་ཆུ་གཙང་མ་མ་རག་པའི་རྐྱེན་གྱིས་མི་གྲངས་ ༡༠ མུ་གེས་ཤི་བ་དང་། ཁ་ཤས་ཀྱིས་གཅིན་པ་འཐུང་ནས་རང་སྲོག་སྐྱོབ་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཡུལ་གྱར་བ་དེ་ཚོའི་ནང་ནས་མི་མང་ཆེ་བ་འབར་མའི་རོ་ཧན་ཡཱ་ (Rohingya)མི་རིགས་ཡིན་ཞིང་། འབར་མའི་ནུབ་ཁུལ་གྱི་ར་ཧིན་(Rakhine State)ཞེས་པའི་མངའ་སྡེའི་ནང་གནས་སྡོད་ཡོད་ལ། འབར་མའི་ནང་གྲངས་ཉུང་མི་རིགས་ ༡༠༠ ལྷག་ཡོད་པའི་ནང་ནས་ཁ་ཆེའི་ཆོས་ལུགས་འཛིན་པའི་གྲངས་ཉུང་མི་རིགས་ཤིག་ཡིན་འདུག ཁོ་ཚོ་ལོ་ངོ་ ༡༠༠༠ ལྷག་གི་ཡར་སྔོན་ནས་འབར་མའི་ནང་གནས་སྡོད་བྱས་ཡོད་པའི་ཨ་རབ་ཀྱི་ཁ་ཆེའི་ཚོང་པ་ཚོའི་མི་རྒྱུད་ཡིན་པའི་བཤད་སྲོལ་ཡོད་ཀྱང་། ཕྱི་ལོ་ ༡༩༧༨ ལོ་ནས་བཟུང་འབར་མ་གཞུང་གིས་རོ་ཧན་ཡཱའི་མི་མང་ལ་སྤྱི་མང་གི་དཔང་ཡིག་སྤྲད་མེད་པ་མ་ཟད། ཕྱི་ལོ་ ༡༩༨༢ ལོར་སྤྱི་མང་གི་བཅའ་ཁྲིམས་བསྐྱར་བཅོས་སྐབས། རོ་ཧན་ཡཱ་མི་མང་འབར་མའི་ནང་ཁྲིམས་འགལ་གྱིས་གནས་སྡོད་བྱས་ཡོད་པར་ངོས་འཛིན་བྱས་སྟབས། རོ་ཧན་ཡཱའི་མི་མང་པོས་འཚོ་གནས་ཀྱི་ཆེད་དུ་སོ་སོའི་སྐྱེས་ཁོངས་ཡང་སྦེད་གསང་བྱེད་དགོས་བྱུང་བ་མ་ཟད། དབྱེ་འབྱེད་ཀྱི་དཀའ་སྡུག་དང་མནར་གཅོད་མང་པོ་མྱངས་བར་བརྟེན། ཕྱི་ལོ་ ༡༩༧༨ ནས་ ༡༩༧༩ ནང་རོ་ཧན་ཡཱའི་མི་ཧ་ཅང་མང་པོ་བྷང་ལ་ཌེ་ཤི་ནང་བཙན་བྱོལ་དུ་འགྲོ་དགོས་བྱུང་། ཡིན་ནའང་། ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་བྷང་ལ་ཌེ་ཤི་གཞུང་གིས་ཁོ་ཚོར་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་མཚམས་བཞག་པ་རེད། ཕྱི་ལོ་ ༡༩༨༩ ལོར་འབར་མ་གཞུང་གིས་རོ་ཧན་ཡཱ་ཁ་ཆེའི་མི་རིགས་གནས་སྡོད་ཀྱི་ས་ཁུལ་དུ། ནང་པ་གནས་སྡོད་བྱེད་སའི་ལྟེ་གནས་གསར་འཛུགས་བྱས་པར་བརྟེན། རོ་ཧན་ཡཱའི་མི་མང་རྣམས་རང་གནས་སུ་སྡོད་མ་ཐུབ་པར་མཚོ་ཐོག་བརྒྱུད་དེ། མཱ་ལེ་ཞི་ཡ་དང་ཐའེ་ལན་ཌི། ཧིན་རྡུ་ཉི་ཞེ་ཡ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།

ཉེ་སྔོན་ཐའེ་ལན་ཌིའི་ལྷོ་ཕྱོགས་ཀྱི་མི་ཚོང་འདྲེན་ལྟེ་གནས་ཤིག་གི་ཉེ་འཁོར་ནས་རོ་ཁང་ཞིག་རྙེད་པ་དང་། དེའི་ནང་ཕུང་པོ་ ༣༢ བཅུག་ཡོད་པ་ཤེས་རྟོགས་བྱུང་རྗེས། ཐའེ་ལན་ཌི་དང་མཱ་ལེ་ཞི་ཡ་གཞུང་གིས་རྒྱལ་ཁོངས་སུ་སིམ་འཛུལ་བྱེད་མཁན་ཚོར་སྔར་ལས་དམ་དྲག་བྱེད་མགོ་བརྩམས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཐའེ་ལན་ཌའི་སྲིད་བློན་བྷར་ཡུ་( Prayut Chan-o-cha )ཡིས། ཉིན་གྲངས་ ༡༠ ནང་རྒྱལ་ཁོངས་ཀྱི་མི་ཚོང་འདྲེན་ལྟེ་གནས་ཡོད་ཚད་མེད་པར་བཟོ་དགོས་པའི་བཀའ་ཁྱབ་བཏང་བ་ལྟར། ཉེན་རྟོག་ཕྱོགས་ནས་རྟོག་ཞིབ་ཉེན་རྟོག་རུ་ཁག་ཆེད་འཛུགས་ཀྱིས་ཞིབ་བཤེར་བྱས་ཏེ། ཐའེ་ལན་ཌི་ནས་ཡིན་པའི་ཉེས་ཅན་ ༣ དང་འབར་མའི་མི་གཅིག་བཅས་འཛིན་བཟུང་བྱས་ཡོད་ལ། གཞུང་ཕྱོགས་ནས་ཆེད་དམིགས་ཀྱིས་དོགས་ཡོད་ཉེས་ཅན་ ༡༠ འཛིན་བཟུང་དགོས་པའི་བཀོད་ཁྱབ་ཡང་བཏང་ཡོད་འདུག

རྒྱལ་སྤྱིའི་སྐྱབས་བཅོལ་ལྷན་ཁང་སོགས་ཀྱིས་ཞིབ་འཇུག་བྱས་ཏེ་བརྗོད་པ་ལྟར་ན། བྷང་ལ་ཌེ་ཤི་དང་འབར་མ་ནས་ཡོང་བའི་ཡུལ་གྱར་བ་ ༨༠༠༠ ཙམ་ཨིན་ཌཱ་མིན་དང་མཱ་ལཱ་ཀ་རྒྱ་མཚོའི་(Malacca sea)ཐོག་ལྷག་སྟེ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། འདས་པའི་ལོ་ ༣ ནང་འབར་མའི་དང་བྷང་ལ་ཌེ་ཞི་གཉིས་ནས་ཁྱོན་ཡུལ་མི་ཁྲི་ ༡༦ ཙམ་མཚོ་ཐོག་བརྒྱུད་ཐའེ་ལན་ཌའི་མཚོ་འགྲམ་དུ་བསླེབས་ཡོད་པ་དང་། མཚོ་ཐོག་གི་འགྲུལ་བཞུད་ཁྲོད་ཡུལ་གྱར་བ་མང་པོ་རྐྱེན་འདས་དང་ལྟོགས་ཤི། མནར་གཅོད་འོག་ཚེ་སྲོག་ཤོར་གྱི་ཡོད་འདུག གཞན་ཡང་། མི་ནག་ཚོང་བྱེད་མཁན་ཚོས་ཡུལ་གྱར་བ་དེ་དག་གི་ཁྱིམ་མི་གཉེན་ཉེ་བཙན་འཁྲིད་བྱས་ཏེ། མི་རེར་ཉུང་མཐར་ཨ་སྒོར་ ༣༠༠༠ མ་སྤྲད་ན་ཕྱིར་མི་སྤྲོད་པར་གཡོག་པོར་ཉར་བ་དང་། བུད་མེད་མང་པོར་བཙན་གཡེབ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་བུད་མེད་མང་པོ་ལྐོག་ཚོང་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese