མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

པེ་ཅིན་གྱིས་བོད་བརྟན་ལྷིང་མིན་པ་མོན་རྟ་དབང་ལ་འབྲེལ་བ་ཡོད་པར་འདོད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་བློན་ན་རེན་ཌི་ར་མུ་དྷེ་རྒྱ་ནག་ལ་གཟིགས་སྐོར་དུ་བསྐྱོད་པ་དང་བསྟུན་ཏེ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་གར་གྱི་གསར་ལམ་(BS)ཞེས་པའི་སྟེང་། གསར་འགོད་པ་ཨ་ཇེ་ཞུ་ཁི་ལས་ (Ajai Shukla) ཡིས། རྒྱ་ནག་ཁྲིན་ཏུའུ་རུ་ཡོད་པའི་སི་ཁྲོན་སློབ་གྲྭ་ཆེན་མོ་(Sichuan University)ཡི་སློབ་དཔོན་ལྷོ་ཨེ་ཤ་ཡའི་ཆེད་མཁས་པ་སྐུ་ཞབས་ཀྲུང་ལེ་ (Zhang Li) ལགས་སུ་བཅར་འདྲི་ཞུས་པ་ཞིག་འདིར་བཀོད་ཡོད།

དྲི་བ། སྐུ་ཞབས་མུ་དྷེ་དང་ཞི་ཅིན་ཕིན་གཉིས་སྲིད་སྟེགས་སུ་བུད་པ་ནས། ཁྱེད་ཀྱིས་རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གླེང་སེལ་བའི་བྱེད་ཐབས་འདྲ་མཐོང་བྱུང་ངམ།

ལན། དེ་མཐོང་གི་འདུག འདས་པའི་ལོ་ངོ་འགའ་ཞིག་རིང་ (དམིགས་བསལ་ཀྱིས་དེང་གི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ལི་ཁི་ཆང་གཉིས་ཀྱི་སྲིད་དབང་སྐབས་སུ།) རྒྱ་ནག་ལ་མཚོན་ན་རྒྱ་གར་ནི་སྔར་བས་རྩ་འགངས་ཆེན་པོ་ཆགས་ཡོད་དུས། ཕྱོགས་གཉིས་ཀས་ཉོ་འཚོང་མ་འཇོག་དང་ནུས་ཤུགས་ཐོན་སྐྱེད། རྒྱལ་ཁོངས་འཛུགས་སྐྲུན་སོགས་གཙོས། དཀའ་རྙོག་མང་བོའི་ཐད་ལ་འབྲེལ་ལམ་གསར་དུ་འཛུགས་ཐབས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།

དྲི་བ། དབང་ཤུགས་ལྡན་པའི་སྲིད་འཛིན་གསར་བ་ཞི་ཅིན་ཕིན་དང་མུ་དྷེ་གཉིས་ཀྱི་འབྲེལ་ལམ་གསར་བར་བརྟེན་ནས་རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གླེང་འདུམ་ཐུབ་བམ།

ལན། དབང་ཤུགས་དང་ལྡན་པའི་སྲིད་འཛིན་འདི་གཉིས་ཀྱི་སྲིད་དབང་འོག་ཏུ། མཐའ་མཚམས་རྩོད་གླེང་འདུམ་ཐབས་སུ་སྔར་བས་རེ་ལྟོས་བྱེད་པ་ལ་རྒྱུ་མཚན་ཁྱོན་ནས་མེད་པ་མ་ཡིན་ལ། ངས་བལྟས་ན། སྤྱིར་རྒྱ་ནག་གི་ལངས་ཕྱོགས་གསར་བར་འགྱུར་བ་གཏོང་སྲིད་མོད། འོན་ཀྱང་ཕྱོགས་གཉིས་ཀའི་དམིགས་བསལ་སྐུ་ཚབ་སྔ་རྗེས་སུ་ཐེངས་ ༡༨ ལ་ཐུག་འཕྲད་ཀྱིས་ཞི་གྲོས་གནང་རུང་། ང་ཚོས་མཐོང་གསལ་ལྟར། མཐའ་མཚམས་རྩོད་གླེང་གི་གནད་དོན་རང་སོར་ལྷག་བསྡད་ཡོད་པ་རེད།

དྲི་བ། རྩོད་གླེང་འདི་རྒྱ་ནག་གིས་ཤོད་ཀྱིན་པའི་མོན་རྟ་དབང་དང་འབྲེལ་བ་ཞིག་ཡིན་ནམ།

ལན། རྒྱ་ནག་གིས་ལྷོ་རྒྱུད་ཀྱི་བོད་ [རྒྱ་གར་གྱིས་ཨ་རུ་ན་ཅལ་ [Arunachal] དང་རྒྱ་ནག་གིས་ལྷོ་བོད་ཅེས་འབོད] ཟེར་བ་དེ་དུས་ནམ་ཡང་མཚམས་བཞག་མྱོང་ཡོད་པ་མ་རེད་ལ། པེ་ཅིན་གཞུང་གིས་མོན་རྟ་དབང་ནི་མཐའ་མཚམས་ཀྱི་མངའ་ཁོངས་རྩོད་གླེང་ཆེ་ཤོས་ཤིག་ཏུ་འདོད་ཅིང་། མ་གཞི་རྒྱ་ནག་གིས་ཤར་རྒྱུད་ས་ཁུལ་དུ་མཐའ་མཚམས་རྩོད་གླེང་ཡོད་པ་ཤེས་ཀྱི་ཡོད་ལ། ཡང་རྒྱ་གར་གཞུང་གིས་ནུབ་རྒྱུད་ས་ཁུལ་ནི་རང་རྒྱལ་གྱི་ཆ་ཤས་བསྙོན་མེད་དུ་བཞེད་ཅིང་། རྒྱ་ནག་གིས་ཨ་ཁི་སེ་ཆན་ (Aksai Chin) གྱི་ཆ་ཤས་འགའ་ཞིག་ཁོ་རང་གི་མངའ་ཁོངས་སུ་བཅད་པར་ཡིད་ཆེས་བྱེད་ཀྱིན་པ་དེ་ཆེད་མཁས་པ་ཁོ་ནས་རྟོགས་པ་ཞིག་རེད། ཡིན་ན་ཡང་མཐའ་ཁུལ་འདི་གོང་སྨོས་རྒྱ་ནག་གིས་རྟོགས་པའི་ཤར་རྒྱུད་ས་ཁུལ་དང་ཡེ་ནས་མི་འདྲ་ན། རྒྱ་ནག་གཞུང་གིས་རྟག་པར་མཐའ་མཚམས་དེ་རང་རྒྱལ་གྱི་མངའ་ཁོངས་སུ་བཞེད་ཀྱིན་ཡོད།

དྲི་བ། རྒྱ་ནག་ལ་མཚོན་ན་མོན་རྟ་དབང་དེ་འདྲའི་གལ་ཆེན་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ།

ལན། ངས་བལྟས་ན། འདས་པའི་ལོ་ངོ་བཅུ་ཕྲག་རིང་། རྒྱ་ནག་གཞུང་གིས་མཐའ་མཚམས་རྩོད་གླེང་དེ་བོད་དང་དམིགས་བསལ་གྱིས་མོན་རྟ་དབང་དུ་སྦྲེལ་ཐབས་སུ་འབད་བརྩོན་བྱས་ཡོད་པ་དང་། རྒྱ་ནག་གི་སེམས་ཁྲལ་ཞིག་ནི་བོད་བརྟན་ལྷིང་མིན་པ་དེ་ཡིན་དུས། བོད་དང་མཐའ་མཚམས་ས་ཁུལ་ཁག ལྷག་པར་དུ་མོན་རྟ་དབང་ལ་མཚོན་ན་གནའ་དེང་གི་རིག་གནས་ལོ་རྒྱུས་དང་ཡུལ་སྲོལ་གོམས་ལུགས་གང་གི་ཆ་ནས་ཀྱང་། ཁོ་ཚོ་ཕན་ཚུན་ལ་བརྟེན་ཅིང་འབྲེལ་ཡོད་པ་མ་ཟད། ལོ་རྒྱུས་རང་བཞིན་གྱི་འབྲེལ་ལམ་འདི་དུས་རབས་མང་པོར་སྲིད་དོན་རང་བཞིན་དང་སྲིད་དབང་ཁྱབ་ཁོངས་ཀྱི་རྩོད་རྙོག་ཏུ་གྱུར་ཡོད་པ་རེད།

དྲི་བ། དེས་ན། མོན་རྟ་དབང་ནི་མཐའ་མཚམས་རྩོད་གླེང་ཞིག་ཏུ་ལྷག་བསྡད་ཡོད་དུས། ཐ་ན་ཤར་རྒྱུད་མཐའ་མཚམས་མེག་མ་ཧོན་ས་ཐིག་ (McMahon Line) ཡང་དེ་ལྟར་ཡིན་ནམ།

ལན། རྒྱ་ནག་གཞུང་གིས་མ་མེག་མ་ཧོན་ས་ཐིག་ནི་རང་རྒྱལ་གྱི་མངའ་ཁོངས་སུ་བཞེད་མྱོང་ཡོད་པ་མ་རེད། ཕྱི་ལོ་ ༡༩༥༠ ལོ་ནས་བཟུང་ (སྲིད་བློན་ནེ་རོ་དང་ཀྲུའུ་ཨན་ལེ་གཉིས་ཀྱིས་གྲོས་མོལ་གནང་བ་བརྒྱུད) རྒྱ་ནག་གིས་ང་ཚོས་ཤར་ནུབ་མཐའ་ཁུལ་གཉིས་བརྗེ་ཚོང་བྱེད་ཆོག་ཅེས་བཤད་པ་རེད། [ཨ་ཁི་སེ་ཆན་རྒྱ་ནག་གི་མངའ་ཁོངས་དང་ཨ་རུ་ན་ཅལ་རྒྱ་གར་གྱི་མངའ་ཁོངས་སུ་བརྗེ་ལེན་བྱེད་པར་གོ] ཡིན་ན་ཡང་དེང་སྐབས་རྒྱ་ནག་གིས་ང་ཚོས་མཐའ་ཁུལ་འདི་གཉིས་ཀྱི་ཆ་ཤས་ཆུང་ཆུང་ཞིག་མ་གཏོགས། དེའི་རྩ་འགེངས་ཆེ་བའི་མངའ་ཁུལ་བརྗེ་ལེན་བྱེད་ཀྱི་མིན་ཞེས་ཟེར་ལ། མ་གཞི་དེའི་དོན་མོན་རྟ་དབང་ལ་གོ་ཡི་ཡོད་པ་དང་། མོན་རྟ་དབང་ནི་མཐའ་མཚམས་རྩོད་གླེང་གི་ཆ་ཤས་སུ་མི་གཏོགས་ནའང་། བོད་དོན་རྩོད་རྙོག་གི་ཆ་ཤས་ཤིག་ལས་ནམ་ཡང་འབྲལ་ཐབས་ཡོད་པ་མ་རེད། རྒྱ་ནག་གིས་མོན་རྟ་དབང་རྩོད་གླེང་གི་ཐད་ལ་བསམ་གཞིག་བྱེད་དུས། རང་བཞིན་གྱིས་བོད་དོན་ལའང་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། གཅིག་བྱས་ན་རྒྱ་ནག་གིས་མོན་རྟ་དབང་ལ་བརྟེན་ནས་བོད་བརྟན་ལྷིང་བཟོ་སྲིད་ལ། འདི་ནི་བྱེད་ཐབས་གསར་བ་ཞིག་ཀྱང་ཆགས་ཡོད།

དྲི་བ། བསམ་ཕྱོགས་ཅི་འདྲར་བརྟེན་ནས་འགྱུར་ལྡོག་ཐེབས་པ་ཡིན་ནམ།

ལན། དེ་ཡང་ཕྱི་ལོ་ ༢༠༠༥ ལོར་རྒྱ་དཀར་ནག་གིས་ [སྲིད་དོན་གྲོས་ཆིངས] མཐའ་མཚམས་རྩོད་གླེང་གི་གྲོས་ཆིངས་ལ་མིང་རྟགས་བཀོད་རྗེས། རྒྱ་ནག་གཞུང་གིས་ཁོ་རང་ཚོའི་བསམ་ཕྱོགས་ལ་འགྱུར་བ་གཏོང་དགོས་པར་འདུག་བསམས་པ་དང་། དམིགས་བསལ་མོན་རྟ་དབང་རྩོད་གླེང་གི་ཐད་ནས་དེ་ལྟར་འདོད་པ་ཡིན་སྲིད། མཐའ་མཚམས་ཀྱི་དཀའ་རྙོག་དང་ལྷག་པར་ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ ལོའི་ཨོ་རྩལ་འགྲན་ཚོགས་སྐབས་སུ། བོད་བརྟན་ལྷིང་མིན་པའི་དཀའ་རྙོག་དང་དེའི་རྒྱུ་མཚན། ཡང་ན་མོན་རྟ་དབང་དང་། ད་དུང་རྒྱུ་རྐྱེན་གཞན་གང་མང་གི་དབང་གིས། རྒྱ་ནག་གིས་བོད་བརྟན་ལྷིང་ཐད་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་དུས། རྒྱ་ནག་གིས་བོད་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་དེ་བོད་ནང་གཅིག་པུའི་གནད་དོན་ཞིག་མ་ཡིན་པར། དེ་ཕྱི་ཕྱོགས་ཀྱི་ཤན་ཤུགས་གང་མང་ཞིག་དང་འབྲེལ་བ་ཡོད་པར་ཡིད་ཆེས་བྱེད་ཅིང་། དེ་ཡང་ཨ་རི་དང་ཡུ་རོབ་ལྟ་བུའི་ནུབ་གླིང་རྒྱལ་ཁབ་ཁག་དང་རྒྱ་གར་ནང་ལོག་བཅས་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་ཤན་ཤུགས་རེད། དེར་བརྟེན། མོན་རྟ་དབང་གི་གནས་བབ་དེ་ཧ་ཅང་རྩོད་རྙོག་ཆེན་པོ་ཆགས་བསྡད་ཡོད་ལ། ཏཱ་ལའི་བླ་མ་རྒྱ་གར་ནང་སྡོད་པའི་རྒྱུ་མཚན་ལ་བརྟེན་ནས། རྒྱ་དཀར་ནག་གི་འབྲེལ་ལམ་རྩ་བ་ནས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་རེད།

དྲི་བ། དེས་ན། བོད་དོན་ཐག་མ་ཆོད་བར་དུ། རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གླེང་ཡང་འདུམ་ཐབས་མེད་པ་ཡིན་ནམ།

ལན། ངས་གོང་དུ་བཤད་པ་ལྟར། བོད་དོན་དང་མཐའ་མཚམས་རྩོད་གླེང་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་འབྲེལ་བསྡད་ཡོད་དུས། རྒྱ་དཀར་ནག་གཉིས་བར་གྱི་ཐད་ཀ་ཐད་སོའི་འབྲེལ་ལམ་འདི། འདས་པའི་ངོ་ལོ་བཅུ་ཕྲག་རིང་གི་འགྱུར་ལྡོག་གསར་བ་ཞིག་ཡིན་ཞིང་། གཅིག་བྱས་ན་རྒྱ་ནག་ལ་བོད་ཀྱི་གནད་དོན་ཐད་ནས་ད་དུང་རེ་དོགས་མོད་པོ་ཞིག་ཡོད་ངེས། རྒྱ་ནག་གི་བཤད་སྟངས་ལྟར་ན། ༡༩༥༩ ལོར་རྒྱ་གར་གྱིས་ལྷ་སར་བྱུང་བའི་བོད་མིའི་སྒེར་ལངས་ལས་འགུལ་ནང་ཐེ་གཏོགས་བྱས་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༡༩༥༤ ལོར་བོད་རྒྱའི་འབྲེལ་ལམ་གྲོས་ཆིངས་ [ཚོང་འབྲེལ་གྲོས་ཆིངས] ལ་མིང་རྟགས་བཀོད་ནས་ལོ་ངོ་ ༥ འགོར་རྗེས། རྒྱ་ནང་དུ་བོད་མིའི་སྒེར་ལངས་ལས་འགུལ་བྱུང་བ་རེད་ལ། ༢༠༠༥ ལོའི་གྲོས་ཆིངས་ཀྱི་རྗེས་སུའང་བོད་ཁུལ་དུ་སླར་ཡང་སྟོང་ལོ་བརྒྱད་པའི་བོད་མིའི་སྒེར་ལངས་ལས་འགུལ་བྱུང་བ་རེད། ཡིན་ན་ཡང་ད་ཐེངས་ང་རང་མི་སྒེར་གྱི་ངོས་ནས་བལྟས་ན། རྒྱལ་ཁབ་ཕན་ཚུན་བར་གོ་བ་ཅི་ཞིག་ལོག་ཡོད་ཚོད་འདུག་པས། རྒྱ་དཀར་ནག་གི་འབྲེལ་ལམ་དེ་ཧ་ཅང་རྙོག་འཛིང་ཅན་ཞིག་རེད། སྤྱིར་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ནས་ཐེབས་པའི་ལྡོག་ཕྱོགས་ཀྱི་ཤན་ཤུགས་གཉིས་ཡོད་པར་སྙམ་ཏེ། གཅིག ཨ་རི་དང་ཡུ་རོབ་གཙོས་ཕྱི་གླིང་རྒྱལ་ཁབ་ཁག་དང་། གཉིས། རྒྱ་གར་ནང་ཚུགས་པའི་བཙན་བྱོལ་བོད་གཞུང་ཡིན་དུས། ལྡི་ལི་སྲིད་གཞུང་གིས་ང་ཚོས་བཙན་བྱོལ་བོད་གཞུང་ལ་རྒྱ་ནག་གི་ཁ་གཏད་དུ་འགྲེང་བའི་ཆབ་སྲིད་ལས་འགུལ་གང་ཡང་སྤེལ་དུ་མི་འཇུག་ཅེས་སོགས་བཤད་པ་དེ་དངོས་གནས་གོ་བ་མི་ལོན་པ་ཞིག་རེད།

དྲི་བ། དེས་ན། མཐའ་མཚམས་རྩོད་གླེང་འདི་ཏཱ་ལའི་བླ་མ་ཕྱིར་ལྷ་སར་ལོག་ཡོང་རག་བར་དུ་བསྒུག་སྡོད་དགོས་པ་ཡིན་ནམ།

ལན། ངས་བལྟས་ན། མཐའ་མཚམས་རྩོད་གླེང་འདི་ཐད་ཀར་ཏཱ་ལའི་བླ་མར་འབྲེལ་བ་ཡོད་དུས། ང་ཚོས་འདི་ལྟར་དུ་བསམ་ཆོག གལ་ཏེ་བོད་འདི་སྔར་བས་བརྟན་ལྷིང་ཆགས་པ་དང་། རྒྱ་ནག་གཞུང་གིས་སླ་མོ་བདེ་མོར་རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གླེང་སྐོར་ལ་གྲོས་མོལ་གནང་གི་རེད། རྒྱ་ནག་ལ་མཚོན་ནས་བཤད་ན། རྒྱ་གར་གྱི་རེ་འདུན་ལྟར་དུ་མཐའ་མཚམས་རྩོད་གླེང་འདུམ་པ་ལས་བོད་དོན་ཐག་གཅོད་རྒྱུ་དེ་ཧ་ཅང་རྩ་འགངས་ཆེན་པོ་རེད།

དྲི་བ། པ་ཀི་སི་ཐན་ནང་ཁུལ་སྡེ་གཟར་གྱི་རྐྱེན་པས། པེ་ཅིང་གཞུང་གིས་རྒྱ་ནག་དང་པ་ཀི་སི་ཐན་རྒྱལ་ཁབ་གཉིས་དབར་གྱི་ཚོང་དོན་འབྲེལ་ལམ་དེ་མུ་མཐུད་རྒྱུན་འཁྱོངས་ཐུབ་པར་ཡིད་ཆེས་གནང་གི་ཡོད་དམ།

ལན། ཕྱི་ལོ་ ༢༠༠༦ ལོར་དམག་སྤྱི་ཆེན་མོ་མུ་ཤཱར་ར་ཧྥི་ (Musharraf) རྒྱལ་འཚམས་གཟིགས་སྐོར་དུ་སླེབས་པ་ནས་བཟུང་། པ་ཀི་སི་ཐན་དང་པེ་ཅིང་གཞུང་གཉིས་ནས་ཨ་རབ་ཀྱི་ (Arabian) ལྷོ་རྒྱུད་གྲུ་ཁ་གཱ་ཝ་ཌར་ (Gwadar) ནས་ཤིན་ཅང་བརྒྱུད་དེ། མཚོ་ཐོག་ཚོང་འབྲེལ་ཡར་རྒྱས་གཏོང་བའི་གྲོས་འཆར་བཏོན་ཡོད་ནའང་། ལས་དོན་འདི་མ་འགྲུབ་སྔོན་དུ། རྒྱ་ནག་གིས་དཀའ་རྙོག་གང་མང་ཞིག་གི་གདོང་བསུ་དགོས་པ་བསྙོན་མེད་རེད་ལ། རྒྱལ་ནང་གི་རྩོད་ཉོག་ཅི་འདྲ་རྒོད་རུང་། མཚོ་ཐོག་ཚོང་འབྲེལ་ཐད་ནས་རྒྱ་ནག་ལ་མཚོན་ན། པ་ཀི་སི་ཐན་ནི་ཧ་ཅང་གལ་པོ་ཆེ་ཆགས་ཡོད། ཨོ་རེད། ཚོང་དོན་འདི་ད་དུང་རྒྱ་གར་དང་ཡང་འབྲེལ་བ་ཡོད་པ་ངས་ཤེས་ཡོད་དེ། རྒྱ་ནག་གིས་བལྟས་ན། ཨ་རི་དང་རྒྱ་གར་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་ཟབ་མོ་འདུག་སྟབས། རྒྱ་ནག་གི་དཔལ་འབྱོར་དབྱེ་ཞིབ་པ་ཚོས། གཅིག་བྱས་ན་ནམ་ཉི་མ་ཞིག་ལ་རྒྱ་གར་འདི་ཨ་རིའི་ཕྱོགས་སུ་འཁོར་ཏེ། རྒྱ་ནག་ལ་རྒྱབ་གཏོད་སྲིད་པར་ཞེད་སྣང་སྐྱེ་བཞིན་ཡོད་མོད། པེ་ཅིན་གཞུང་གིས་རྒྱ་གར་གྱིས་བདམས་ཟིན་པའི་ཚོང་དོན་འབྲེལ་ལམ་ཐད་ལ་དཔྱད་ཞིབ་གནང་དགོས་མིན་ལ་གསལ་ཁ་ཅི་ཡང་མེད།

དྲི་བ། འཇིགས་སྐུལ་རིང་ལུགས་པས་ཤིན་ཅང་ནང་བརྒྱུད་སྐུལ་གཏོང་མཚམས་འཇོག་རྒྱུར། རྒྱ་ནག་གིས་པ་ཀི་སི་ཐན་ཐོག་དྲག་གནོན་བྱ་སྲིད་དམ།

ལན། ཤིན་ཅང་ནང་རྟག་པར་དྲག་སྤྱོད་པས་ཟིང་འཁྲུག་སློང་གི་ཡོད་པ་མ་ཟད། ད་དུང་བརྙན་འཕྲིན་བརྒྱུད་ལམ་ནས་དྲག་སྤྱོད་པ་ཐུན་མོང་གི་འཇིགས་སྐུལ་དང་བརྒྱུད་སྐུལ་གཏོང་གི་ཡོད་ཀྱང་། ང་ཚོས་བརྒྱུད་ལམ་ཁག་གི་སྒོ་ཕྱེས་ཏེ། པ་ཀི་སི་ཐན་དང་ལྷན་དུ་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་རྙོག་ལ་གྲོས་མོལ་བྱེད་པ་ལས་དྲག་གནོན་བྱ་མི་སྲིད་དེ། རྒྱུ་མཚན་རྒྱ་ནག་ལ་མཚོན་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་གལ་ཆེན་པོ་ཡིན། ལས་དོན་ལེགས་ཉེས་གང་ཡིན་རུང་། དེ་ལ་ཚད་ཐིག་ཅིག་ངེས་པར་དུ་ཡོད་དགོས་པ་ང་ཚོས་གསལ་བོར་རྟོགས་ཡོང་ལ། རྒྱ་ནག་གིས་ཨ་རབ་ལྷོ་རྒྱུད་གྲུ་ཁ་གཱ་ཝ་ཌར་རུ་མི་སེར་དང་ཚོང་ཟོག་མ་གཏོགས་དམག་དཔུང་འཇོག་འཆར་ཡོད་པ་མ་རེད་ལ། ཉེ་ལམ་ད་དུང་མཚོ་ཐོག་ཚོང་ལམ་བདེ་འཇགས་མིན་པ་དང་ཉོ་འཚོང་ཁེ་གཉེར་གྱི་ལས་འཆར་ལ་གསལ་ཁ་གང་ཡང་མི་འདུག

པ་ཀི་སི་ཐན་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་བསམ་ཤེས་གུ་ཡངས་དང་དམིགས་རྒྱང་རིང་པོའི་སྒོ་ནས་གཱ་ཝ་ཌར་གྲུ་ཁའི་ཉོ་འཚོང་ཁེ་ལས་ལ་གྲུབ་འབྲས་ཡག་པོ་འཐོབ་པའི་རེ་འདུན་འཆང་ཡོད་པ་རེད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist