མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མི་མང་གི་གཞི་རྒྱ་ཆེ་བའི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

སི་ཁྲོན་ཞིང་ཆེན་ལིན་ཧྲི་རྫོང་ཐོག་ཏུ་མི་གྲངས་ཁྲི་ ༣ ཡས་མས་ཀྱིས་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ་ཉེན་རྟོག་པས་དྲག་གནོན་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་ཀང་ཨན་གྲོང་ཁྱེར་ལིན་ཧྲི་རྫོང་གི་ཁྲོམ་གཞུང་དུ། མི་གྲངས་ཁྲི་ ༣ ཡས་མས་ཀྱིས་ང་ཚོའི་ལྕགས་ལམ་ཕྱིར་སྤྲོད་ཅེས་པ་སོགས་ཀྱི་འཕྲེད་དར་དང་འབོད་ཚིག་བསྒྲགས་ཏེ། ལིན་ཧྲི་རྫོང་བརྒྱུད་དེ་ཏཱ་ཀྲུའུ་གྲོང་ཁྱེར་ནས་ཁྲུང་ཆིན་བར་ལྕགས་ལམ་རྒྱག་པའི་ལས་གཞིར་འགྱུར་བ་བཏང་བར་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པ་ ༣༠༠༠ ཙམ་བསླེབས་ཏེ་དྲག་གནོན་བྱས་པར་བརྟེན། ཁྲོམ་སྐོར་བ་དང་ཉེན་རྟོག་པའི་བར་དུ་འཁྲུག་འཛིང་ཤོར་ཏེ། ཉེན་རྟོག་པའི་རླངས་འཁོར་མང་པོ་བཅོམ་སྲེག་དང་། མི་མང་པོར་ཤི་རྨས་བྱུང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༧ ཉིན་ཡང་སླར་མི་གྲངས་ཁྲི་ ༢ ལྷག་འདུ་འཛོམས་ཀྱིས་ཁྲོམ་སྐོར་བྱས་པར་ཉེན་རྟོག་པས་དྲག་གནོན་བྱས་ཡོད་འདུག

ད་ལྟའི་ཆར་ལིན་ཧྲི་རྫོང་གི་སྲང་ལམ་གང་སར་ཉེན་རྟོག་པ་དང་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ་མ་ཟད། རྒྱ་ནག་ཉིན་རེའི་ཚགས་པར་ལྟ་བུའི་གཞུང་འབྲེལ་དྲ་བ་ཁག་ཅིག་ནས་ལིན་ཧྲི་རྫོང་དུ་མི་མང་ཉུང་ཤས་ཤིག་འདུ་ཚོགས་བྱས་སྐོར་བརྗོད་པ་ཙམ་ལས། བརྒྱུད་ལམ་གཞན་ཏུ་ཐོན་པའི་དེའི་སྐོར་གྱི་གནས་ཚུལ་ཚང་མ་སྲིད་གཞུང་གིས་ནག་གསུབ་གཏོང་བཞིན་ཡོད་སྟབས། མི་ག་ཚོད་འཛིན་བཟུང་དང་ཤི་རྨས་བྱུང་ཡོད་མེད་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ལིན་ཧྲི་རྫོང་གི་ཡུལ་མི་ཞིག་གིས། ཏཱ་ཡཱས་ལྕགས་ལམ་དང་ཐོག་ཏཱ་ཀྲུའུ་གྲོང་ཁྱེར་ནས་ཏཱ་ཀྲོ་དང་། ཏཱ་ཀྲོ་ནས་ལིན་ཧྲི། ལིན་ཧྲི་ནས་ཁྲུང་ཆིན་གྲོང་ཁྱེར་དུ་བཟོ་རྒྱུའི་འཆར་གཞི་ཡོད་ཀྱང་། ཉེ་སྔོན་ལིན་ཧྲི་རྫོང་བརྒྱུད་ནས་ལྕགས་ལམ་བཟོ་འཆར་མེད་པའི་གནས་ཚུལ་གོ་ཐོས་བྱུང་སྟབས། ལི་ཧྲི་མི་མང་གིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འགྲིམ་འགྲུལ་སྟབས་བདེའི་ཆེད་ངོ་རྒོལ་ཁྲོམ་སྐོར་བྱས་སྐོར་བརྗོད་འདུག་ལ། ཁྲོམ་སྐོར་ནང་ཞུགས་མཁན་ཚོས་སྤྱི་ཚོགས་གནས་འཕྲིན་ཁག་ཏུ། ངོ་རྒོལ་ཁྲོམ་སྐོར་གྱི་ཉིན་དང་པོར་མི་གྲངས་ ༨ རྐྱེན་འདས་སུ་བཏང་ཡོད་ལུགས་དང་། ཡང་བུད་མེད་ཅིག་དང་སློབ་ཕྲུག་བྱིས་པ་གཉིས་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་བསད་པ་དངོས་སུ་མཐོང་ཚུལ་དང་། དེ་བཞིན། ཐེངས་འདིའི་ཁྲོམ་སྐོར་ནང་ཉུང་མཐར་མི་གྲངས་ ༢༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

ཕྱི་ཚེས་ ༡༧ ཉིན་སི་ཁྲོན་ལྕགས་ལམ་འཛུགས་སྐྲུན་ཁང་གིས་དོན་ཚན་གསུམ་ཅན་གྱི་ཡོངས་ཁྱབ་བརྡ་ཐོ་ཞིག་སྤེལ་བའི་ནང་། ཏཱ་ཡཱས་ལྕགས་ལམ་གྱི་ལས་གཞི་དེ་ད་ལྟ་སྔོན་འགྲོའི་ཞིབ་འཇུག་གི་དུས་སྐབས་ཡིན་ཞིང་། ལས་གཞི་དེར་དུས་ཡུན་གང་འཚམ་རིང་པོ་འགོར་རྒྱུ་ཡིན་པ་མ་ཟད། ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་གཏན་འབེབས་ལས་འཆར་ནང་ད་དུང་ཚུད་མེད་ལ། མ་འོངས་པར་གཏན་འབེབས་ལས་འཆར་ནང་ཚུད་དེ་རྒྱལ་ཁབ་ཀྱི་ཆོག་མཆན་འཐོབ་པ་ཡིན་ན། གཞི་ནས་ལས་འཆར་དེ་མགོ་ག་དུས་འཛུགས་དང་མགོ་ཇི་ལྟར་འཛུགས། ཐིག་ལམ་ཁ་ཕྱོགས་སོགས་ཀྱི་ཐོག་གྲོས་སྡུར་བྱ་དགོས་པ་མ་ཟད། སི་ཁྲོན་ཞིང་ཆེན་སྲིད་གཞུང་དང་མི་མང་ནང་བསམ་ཚུལ་ཅི་ཡོད་ཞིབ་འཇུག་དགོས་སྟབས། མི་མང་གིས་ཁྲིམས་ལྟར་རེ་སྐུལ་བྱས་ཏེ་སྤྱི་ཚོགས་ཀྱི་ཞི་བདེ་བརྟན་བརླིང་སྲུང་སྐྱོབ་བྱས་ན། ད་གཟོད་ལས་གཞི་དེ་གང་མགྱོགས་ཀྱིས་ལག་བསྟར་བྱེད་ཐུབ་པས། ལྕགས་ལམ་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་ཀྱི་ཁོར་ཡུག་གང་ལེགས་སྐྲུན་དགོས་སྐོར་བརྗོད་འདུག

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལིན་ཧྲི་རྫོང་ནི་ཁྲུང་ཆིན་གྲོང་ཁྱེར་ནས་སྤྱི་ལེ་ ༦༠ ལྷག་གི་སར་ཡོད་པའི་སི་ཁྲོན་ཤར་ཕྱོགས་ཀྱི་ཆེས་མཐའ་འཁོབ་ཀྱི་རྫོང་ཞིག་ཡིན་ལ། རྫོང་དེར་མི་གྲངས་ས་ཡ་ ༢ ལྷག་ཡོད་པ་དང་། ཁྲུང་ཆིན་དང་ཞི་ཨན་བར་གྱི་འགྲུལ་བ་སྐྱེལ་འདྲེན་གྱི་ལྟེ་གནས་གལ་ཆེན་ཞིག་ཆགས་ཡོད་འདུག ཡིན་ནའང་། ཏཱ་ཡཱས་ལྕགས་ལམ་གྱི་ལས་གཞི་དེ་ཏུན་ཞོ་ཕིན་གྱི་ཕ་ཡུལ་ཀང་ཨན་གྲོང་ཁྱེར་དུ་ཁ་བསྒྱུར་བ་ཡིན་ན། སྤྱི་ལེ་ ༡༠༠ ཙམ་གྱིས་ལམ་ཐག་རིང་དུ་འགྲོ་རྒྱུ་ཡིན་པ་དང་། ཀང་ཨན་གྲོང་ཁྱེར་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༡༤ ལོར་གསར་དུ་བཟོས་པའི་ཁྲིན་ཏུའུ་ལྕགས་ལམ་ཡང་ཡོད་སྟབས། སྲིད་གཞུང་གི་བྱ་སྤྱོད་དེར་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ད་རེས་ཀྱི་ལས་འགུལ་དེ་ཉེ་བའི་ལོ་ཤས་ནང་རྒྱ་ནག་ནང་ལོགས་ཀྱི་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese