མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་གནས་བརྗེ་ལེན་གྱི་གྲོས་མཐུན་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་པ་ཀི་སི་ཐན་དང་ཨབ་གྷན་གཞུང་བར་གསང་གནས་བརྗེ་ལེན་གྱི་གྲོས་མཐུན་ཞིག་བཞག་པ་དེར་ཨབ་གྷན་གྲོས་ཚོགས་འཐུས་མི་ཚོས་སྐྱོན་བརྗོད་བྱས་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་མིག་དམར་ཉིན་པ་ཀི་སི་ཐན་སྲིད་བློན་མུ་ཤཱེ་རེབ་ཀྱིས་སྣེ་ཁྲིད་པའི་དམག་སྤྱི་ར་ཧེལ་ (Raheel Sharif) དང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་རེ་ཛི་ཝན་ (Rizwan Akhtar) བཅས་ཀྱིས་ཨབ་གྷན་ནང་རྒྱལ་དོན་སྐོར་སྐྱོད་བྱས་སྐབས། རྒྱལ་ཁབ་གཉིས་ཀྱི་གསང་བའི་ལས་ཁུངས་བར་གསང་གནས་བརྗེ་རེས་བྱ་རྒྱུའི་གྲོས་མཐུན་ཞིག་བཞག་ཡོད་སྟབས། ཟླ་འདིའི་ཚེས་ ༡༨ ཉིན་ཨབ་གྷན་གྱི་གྲོས་ཚོགས་ནང་འཐུས་མི་ཁག་གཅིག་གིས་གྲོས་མཐུན་དེ་རྒྱལ་ཁབ་ཀྱི་གསང་བ་གཞན་ལ་སྤྲོད་པའི་རང་ཕམ་གཞན་རྒྱལ་གྱི་ལས་ཀ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

ཉེ་ལམ་རྒྱ་གར་དང་ཨ་རི། ཨབ་གྷན་བཅས་ཐབས་ཇུས་མཁས་པ་ཚོས་པ་ཀི་སི་ཐན་གྱི་གསང་བའི་ལས་ཁུངས་ནི་ཨབ་གྷན་དང་པ་ཀི་སི་ཐན་ནང་དྲག་སྤྱོད་བྱ་འགུལ་སྤེལ་མཁན་པ་ཀི་སི་ཐན་གྱི་འཇིགས་ཚོགས་ཨཱ་ཁཱ་ཎེ་ཚོ་ཁག་ (Haqqani Network) དང་འབྲེལ་བ་དམ་པོ་ཡོད་པ་དང་། རྒྱལ་སྤྱིའི་གནད་དོན་ཆེད་ལས་མཁས་པ་ཚོས་སི་རི་ཡ་དང་ཨི་རག་གི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) དང་འབྲེལ་བ་བྱས་ཏེ། ཨབ་གྷན་རྒྱལ་སར་དྲག་འཛིང་ལས་འགུལ་སྤེལ་ནས་མི་གསོད་ཁྲག་སྦྱོར་བྱེད་མཁན་གྲས་ཡིན་པའི་གྲུབ་དོན་སྙན་ཐོ་བཏོན་ཡོད་པ་མ་ཟད། ཨབ་གྷན་གྱི་ཐབས་ཇུས་མཁས་པ་ཚོས་ཀྱང་བསམ་ཚུལ་སྤེལ་ཡོད་སྟབས། ཨབ་གྷན་གྲོས་ཚོགས་འཐུས་མི་ཚོས་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གིས་ཕན་ཐོགས་མེད་པའི་གྲོས་མཐུན་དེ་འཇོག་དགོས་དོན་གང་ཡིན་གསལ་བཤད་བྱེད་དགོས་པའི་རེ་འདུན་བཏོན་འདུག

ཨབ་གྷན་གསར་འཕྲིན་ཌོ་ལོ་ (Tolo News) ཞེས་པས་གྲོས་ཚོགས་འཐུས་མི་ར་མན་ (Rahman Rahmani) གྱིས་གྲོས་ཚོགས་ནང་བཤད་པའི་སྐད་ཆ་ལུང་འདྲེན་བྱས་པའི་ནང་ཁོས། ང་ཚོའི་རྒྱལ་ཁབ་ནང་པ་ཀི་སི་ཐན་གྱི་སྲིད་བློན་སླེབ་སྐབས་ཁྱེད་ཀྱིས་ངོ་ཚ་ཞེ་ཁྲེལ་གྱི་གསང་གནས་སྤེལ་རེས་གྲོས་མཐུན་ཞིག་བཞག་པ་དེས། ཁྱེད་ཀྱིས་ཁྱེད་རང་ལོང་བ་དང་ལྐུགས་པ་བཟོས་པ་ཞིག་རེད་ཅེས་དང་། གྲོས་ཚོགས་འཐུས་མི་སཱ་མེ་ (Mohammad Faisal Sami) ཡིས་གཞུང་གིས་གྲོས་མཐུན་དེ་མ་བཞག་སྔོན་ལ་བསམ་བློ་རྒྱ་ཆེར་བཏང་སྟེ་པ་ཀི་སི་ཐན་ཕམ་ཉེས་གཏོང་ཐུབ་པ་ཞིག་བཟོ་མི་ཐུབ་པ་གང་ཡིན་ནམ་ཞེས་བརྗོད་ཡོད་སྟབས། པ་ཀི་སི་ཐན་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཧཱ་སེབ་སི་ཌི་ཁེའུ་ (Haseeb Sediqi) ཡིས་ང་ཚོས་པ་ཀི་སི་ཐན་དང་གསང་གནས་བརྗེ་ལེན་གྱི་གྲོས་མཐུན་བཞག་པ་དེ་ནི་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྤྲོད་བྱས་པ་ཞིག་མིན་པར། འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་ཐབས་བྱས་པ་ཞིག་ཡིན་སྟབས། ངས་གྲོས་མཐུན་དེས་ཨབ་གྷན་ལ་ཕན་ཐོགས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་ཅེས་བརྗོད་འདུག

དེ་རིང་པ་ཀི་སི་ཐན་གྱི་སྐྱ་རེངས་ཐོག་མིང་བརྗོད་འདོད་མེད་པའི་མཐོ་རིམ་དཔོན་རིགས་ཤིག་གིས་བརྗོད་དོན། གསང་གནས་བརྗེ་ལེན་གྱི་གྲོས་མཐུན་དེ་ནི་ཨི་སེ་ལམ་མཱ་བྷ་ཋ་དང་ཀཱ་པུར་བར་ཡིད་ཆེད་སླེབ་ཆེད་ཀྱི་མཉམ་ལས་གྲོས་ཆོད་ཅིག་ཡིན་སྟབས། ཨབ་གྷན་གྱི་ཆབ་སྲིད་པ་ཚོས་སྐྱོན་བརྗོད་བྱས་ཚེ་ཕན་ལས་གནོད་པ་ཆེ་བ་བསྐྱལ་རྒྱུ་ཡིན་པར་བརྟེན། རང་ཕྱོགས་རྒྱལ་བ་དང་གཞན་ཕྱོགས་ཕམ་རྒྱུའི་ལྟ་ཕྱོགས་འཛིན་མི་རུང་ཅེས་དང་། པ་སི་ཐན་གྱི་དམག་སྤྱི་ཨ་སེམ་བྷ་ཇེ་ཝ་(Asim Bajwa) ཡིས་གསང་གནས་བརྗེ་ལེན་གྱི་གྲོས་མཐུན་དེ་ནི་རྒྱལ་ཁབ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ལས་པ་ཀི་སི་ཐན་གཅིག་པུར་ཡོད་པ་ཞིག་མིན་སྟབས། གལ་སྲིད་ཨབ་གྷན་ཆབ་སྲིད་པས་མུ་མཐུད་འགོག་རྒོལ་བྱས་ན་མཉམ་ལས་དེ་ཡག་པོ་འབྱུང་ཡོང་དཀའ་མོ་ཡིན་པར་བརྟེན། རྒྱལ་ཁབ་གཉིས་ཀྱིས་བསམ་གཞིགས་བྱེད་དགོས་པ་ཆགས་ཡོད་ཅེས་བརྗོད་ཡོད་སྟབས། ཨབ་གྷན་སྲིད་འཛིན་གྲི་མགྲིན་ཚབ་པ་ཨ་ཇེ་མལ་ (Ajmal Abidy) གྱིས་མཉམ་ལས་གྲོས་མཐུན་དེ་ནི་ཕན་ཚུན་བསམ་ཞིབ་བྱས་ནས་བཞག་པ་ཞིག་ཡིན་སྟབས། ཨབ་གྷན་ཆབ་སྲིད་པ་ཚོས་ག་རེ་བརྗོད་ཀྱང་ཐག་གཅོད་ལ་འགྱུར་བ་གང་ཡང་མེད་ཅེས་ལན་བརྒྱབ་འདུག

ཟླ་འདིའི་ཚེས་ ༡༨ ཉིན་ཧིན་རྡུ་སི་ཐན་དུས་བབ་དང་སྐྱ་རེངས་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། འདི་ལོའི་ཨབ་གྷན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཡོངས་ཆིག་སྒྲིལ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་སྟབས། ཨབ་གྷན་སྲིད་འཛིན་ཨ་ཤཱ་རེབ་གྷ་ནེ་ (Ashraf Ghani) པ་ཀི་སི་ཐན་ནང་བསྐྱོད་ནས་དམག་དོན་བཀོད་དོམ་ཁང་ལ་རྟོག་ཞིབ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་བྱས་ ཡོད་པ་མ་ཟད། ཨབ་གྷན་གྱི་དམག་མི་པ་ཀི་སི་ཐན་གྱི་དམག་སྦྱོང་ལྟེ་གནས་ཁང་ནང་སྦྱོང་བརྡར་གཏོང་རྒྱུ་ཐག་གཅོད་སོགས་བྱས་ཏེ། ཁ་ཆེའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་ཕྱིན་ཡོད་ཅེས་སོགས་བཀོད་འདུག

ཡང་པ་ཀི་སི་ཐན་གྱི་ཉིན་རེའི་ལྟ་སྤྱོད་ཅེས་པའི་ཐོག་རྩོམ་པ་པོ་ཨ་ལི་གྷེག་ཛ་ར་མན་གྱིས་ ༼ཏ་ལི་བྷན་གྱི་གཡུལ་ས་གཉིས་ཀྱི་འཐབ་རྩོད༽ཅེས་པའི་རྩོམ་ཡིག་ཅིག་བྲིས་ཏེ། ཁོས་ད་ལྟ་རྒྱལ་ཁབ་གཉིས་ནང་ཏ་ལི་བྷན་དང་དྲག་སྤྱོད་ཤོག་ཁག་གིས་འཇབ་རྒོལ་དང་མི་གསོད་ལས་འགུལ་རྩོམ་བཞིན་ཡོད་སྟབས། འཕྱར་གྲུ་མཉམ་འདེགས་བྱས་ནས་དྲག་སྤྱོད་པར་ཁ་གཏད་གཅོག་དགོས་ཀྱང་། ཨབ་གྷན་ཆབ་སྲིད་པས་འགོག་རྒོལ་བྱེད་བཞིན་ཡོད་པར་བརྟེན་བློ་སེམས་གཅིག་མཐུན་གྱི་མཉམ་ལས་ཡོང་རྒྱུ་ཁག་པོ་ཡིན་པ་མ་ཟད། འཇིགས་སྐུལ་རིང་ལུགས་པར་གོ་སྐབས་གསར་པ་དེ་འདྲ་བསྐྲུན་སྲིད་པ་ཞིག་ཀྱང་རེད་ཅེས་བྲིས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese