མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་འཕེལ་རྒྱས་ལ་བཀག་འགོག

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

CCE ཡིས་ཤེས་ཡོན་འཕེལ་རྒྱས་ལ་བཀག་འགོག་ཐེབས་ཀྱིན་འདུག

རྩོམ་པ་པོ།Vibha Sharma  རྡོ་མེ་འབུད་ཀྱིས་བསྒྱུར།

CBSE ཡི་ཤེས་ཡོན་བཅའ་ཁྲིམས་འདི་ནི་སྤྱི་ལོ་ ༢༠༠༩ ལོ་ནས་ཤེས་ཡོན་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པ་དང་མཉམ་དུ་མགོ་བརྩམས་ཏེ་དར་ཁྱབ་བྱས་དང་བྱེད་བཞིན་པ་ཞིག་ཡིན་ཡང་། བཅའ་ཁྲིམས་གསར་བ་འདིས་བསྒྲུབ་བྱ་གཙོ་བོ་སློབ་ཕྲུག་ཚོའི་ཡིག་རྒྱུགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་མནོ་བསམ་ལ་བརྗེ་ལེན་བྱེད་པ་དང་འདྲ། སྒྲོམ་གཞི་འདིའི་ནང་དུ་སློབ་མའི་ལོ་གཅིག་གི་ཤེས་ཡོན་གནས་ཚད་དེ་ཡིག་རྒྱུགས་ཐེངས་དྲུག་སྟེ། བཀོད་འདོད་ཞིབ་འཇུག་བཞི་དང་ཡིག་རྒྱུགས་གཉིས་ཀྱིས་ཚད་འཇལ་བར་མ་གྲོས་བསམ་པ་གཅིག་མཐུན་གྱི་སྣང་བ་ཞིག་རེད།

ཁ་སྐོང་འདི་ནས་སློབ་ཕྲུག་ཚོས་རེ་ལྟོས་བྱེད་ས་ནི་ཁོང་ཚོས་ལས་གཞི་འདྲ་མིན་གྱིས་བསྩལ་བའི་ངར་ཤུགས་ཏེ། ལས་འཁུར་དང་བྱེད་སྒོའི་དུས་སྐབས་ཀྱིས་ཤེས་ཡོན་དངོས་ཀྱི་སློབ་ཐུན་ལ་ནར་འགྱང་གཏོང་གི་ཡོད། ལོ་ངོ་ལྔ་ལས་མང་བའི་ཁ་སང་དེ་རིང་གི་སྒྲོམ་གཞི་སྟེ་སྒྲོམ་གཞི་འདི་ནི་ལག་ལེན་བསྟར་ནས་དོ་ཕོག་ལ་གདོང་ཐུག་ནས་སྤགས་པ་བཤུ་བའི་ཚད་དུ་སླེབས་ཡོད། སྐབས་དེ་དུས་ནས་དང་པོ་བསྒྲུབ་བྱ་འདི་ནི་སྤྱིར་བཏང་གི་ལས་ཀ་ཞིག་དང་ཡིག་རྒྱུགས་ཞེད་སྣང་སྐྱེས་པའི་ཚོར་བ་སླ་རུ་བཏང་བ་ཞིག་ཡིན་མོད། དོན་དངོས་ལ་བསམ་བློ་ཞིག་བཏང་ན། ཡིག་རྒྱུགས་ཀྱི་ཞེད་སྣང་དེ་གཅིག་མཚུས་སུ་ཡོང་གི་ཡོད་དེ། བདུན་ཕྲག་རེ་ལ་ལོ་གཅིག་གི་ཡིག་རྒྱུགས་ཀྱི་ཚོར་སྣང་དེ་བརྒལ་དགོས་པས་རེད།

བྱེད་སྒོ་མང་པོ།

ཁ་སང་དེ་རིང་གི་ང་ཚོའི་ཤེས་ཡོན་སྒྲོམ་གཞི་ནི། བྱེད་སྒོ་ཡིས་སླ་རུ་བཟོས་པའི་རྩ་བ་འདིས་ཤེས་ཡོན་ལ་ཁ་ལོ་བསྒྱུར་ཞིང་། ང་ཚོས་སློབ་ཕྲུག་ཚོའི་དམིགས་ཡུལ་ལ་མཁོ་བའི་རིན་ཐང་ཅན་གྱི་ཤེས་ཡོན་ཆ་ཚང་བ་ཞིག་བཟོ་བར་ངོས་འཛིན་གནང་གི་ཡོད། གང་ལྟར། འགྲེལ་བཤད་གཅིག་ཞུས་ན་ཧ་ལམ་སློབ་སྦྱོང་གི་བརྒྱ་ཆ་ ༣༠ ནི་ལས་རིགས་ཀྱི་ངོ་བོ་ལ་སྐྱབས་བཅོལ་བ་དང་། ཡང་ན་གཞན་དག་? དེ་དག་ནི་ཡིག་རྒྱུགས་དང་། བཀོད་འདོད་ཞིབ་འཇུག འཛིན་གྲྭའི་ཡིག་རྒྱུགས། དེ་ནས་ཡིག་རྒྱུགས་ཀྱི་ཆེད་དུ་བསྐྱར་སྦྱོང་ཡིག་རྒྱུགས། འཆད་རྩལ་ཡིག་རྒྱུགས་དང་ཀློག་རྩལ་ཡིག་རྒྱུགས། སྤྱི་ཚོགས་ཤེས་བྱའི་ཡིག་རྒྱུགས་སོགས་རེད། དངོས་གནས་བྱས་ན་རྫོགས་མཐའ་མེད་པའི་ཐོ་འགོད་བྱ་རྒྱུ་ཞིག་ཡོད་པ་རེད།

དངོས་ཡོད་ལག་ལེན་གྱི་ཐོག་ནས་བསླབ་རྒྱུ་དང་སྦྱངས་རྒྱུའི་དུས་ཚོད་ག་ཚོད་མང་པོ་ཞིག་ཆུ་ཚོད་རེའུ་མིག་དང་མཉམ་དུ་ཤོར་འགྲོ་བཞིན་ཡོད། དེར་མ་ཟད་དེ་དང་མཉམ་དུ་སློབ་ཕྲུག་ཚོའི་འཚོ་བའི་ནང་དུ་མང་དྲགས་པའི་ཡིག་རྒྱུགས་དག་དང་ཚབས་ཆེ་ལུགས་ཀྱི་ཡིག་རྒྱུགས་ཀྱི་བཀའ་རྒྱ་ཞིག་སྔ་ས་ནས་གསལ་བོ་བཟོས་ཚར་ཡོད། གཅིག་བྱས་ན། རྒྱུ་མཚན་འོས་འཚམ་གྱི་སྒོ་ནས་སློབ་ཕྲུག་ཚོས་སོ་སོའི་དུས་ཚོད་ལེགས་ཤོས་དེ་ལག་བསྟར་བྱ་བར་ཁུངས་སྐྱེལ་ར་སྤྲོད་བྱེད་པར་རེ་བའི་ཁེངས་ཡོད་སྲིད་མོད། སློབ་ཕྲུག་ཁ་ཤས་ཀྱི་སེམས་ནང་ཡི་གེ་འདྲ་མིན་འདྲ་བཤུས་བྱེད་དགོས་སྟབས། སེམས་ལ་གནོན་ཤུགས་འཕར་མ་ཞིག་ཡོང་གི་ཡོད་པ་དང་། དེར་མ་ཟད་དགོས་པའི་དུས་ཚོད་དེ་ “འདྲ་བཤུས” དང་། “ཚོར་མེད” ཀྱི་སྤྱོད་ལམ་ལ་ཕྱོགས་པར་སྐུལ་མ་བཏང་བར་ཚོར་སྣང་མང་བོ་སྐྱེད་བཞིན་ཡོད།

འཛིན་གྲྭ་བཅུ་བའི་སློབ་མ་ཤི་རོ་ཊྲི་(shiruti)ཡིས་བཤད་པ་ལྟར་ན། དགོས་ངེས་ཀྱི་གྲངས་ཚད་རིགས་འཕར་སྣོན་བྱས་ཡོད་མོད། འོན་ཀྱང་། བྱེད་སྒོ་རེ་རེའི་སྤུས་ཀའི་ཚད་ཉེན་ཁ་མཐོན་པོར་སྐྱེལ་ཡོད་པ་རེད། སྔོན་མ་འཛིན་གྲྭ་བཅུ་བའི་ཡིག་རྒྱུགས་ཟེར་ནས་འགྲན་ཟླ་བྲལ་བ་དང་གུས་རྩི་བྱེད་དགོས་པ་ཞིག་ཡོད་མོད། དུས་ད་ལྟ་དེ་ནི་ལས་སླ་རུ་བཟོས་ནས་སློབ་གྲྭ་གཞན་པ་ཞིག་གི་ཡིག་རྒྱུགས་དང་འདྲ་སྟབས། ཧ་ཅང་གི་དོ་གལ་ཆེན་པོ་དང་ཚབས་ཆེན་པོ་ལ་བརྩི་ཡི་མེད། སློབ་ཕྲུག་ཁོང་ཚོའི་མི་ཚེ་ནང་གི་འགྲན་རྩོད་ཆེ་ཤོས་ཡིན་པར་རློན་པའི་དུས་སྐབས་དེ་གློ་བུར་དུ་གློག་གཟིམ་བྱེད་ཀྱི་ཡོ་ཆས་ལྟར་འཛིན་གྲྭ་བཅུ་བའི་གོ་གནས་དེ་ཁོང་ཚོར་རེག་གིན་ཡོད། སློབ་ཕྲུག་མང་ཆེ་ཤོས་ཤིག་གིས་ cce ཡིས་བློ་རིག་རྣོ་བའི་སློབ་ཕྲུག་དང་། སློབ་ཕྲུག་དཀྱུས་མ་དང་མཉམ་དུ་གོ་རིམ་གཅིག་བཟོ་བཞིན་ཡོད་པས་སྒྲོམ་གཞི་འདི་དྲང་བདེན་མ་རེད་ཅེས་གནད་དོན་འགའ་གླེང་གིན་ཡོད། དེ་བཞིན་འདི་བ་ན་ཁྱད་དུ་འཕགས་པ་ལ་སྐུལ་སློང་གནང་མཁན་མེད་ལ། ལས་ཀར་ཨུ་ཚུགས་དང་ཧུར་ཐག་བྱས་ན་གསོལ་རས་སམ་བྱ་དགའ་གནང་བའི་ལམ་ཁ་ཡང་མེད་དོ།།

གྲངས་ཀ་མང་ལ་ནང་སྙིང་ཉུང་བ།

ལས་འཁུར་དང་ལས་འཆར་གྱི་བྱེད་སྒོ་སྣ་ཚོགས་འདིས་གསར་གཏོད་ཀྱི་འཕེལ་རྒྱས་ལ་བཀའ་མངགས་ཀྱིས་ཤེས་རྟོགས་ཡོད་ན། ཁོ་རང་གི་སྟེང་ནས་བསམ་བློ་བཏང་ན་ཐབས་ཤེས་ཡག་ཤོས་ཤིག་ཡིན་མོད། འོན་ཀྱང་འདི་འདྲ་བའི་བྱེད་སྒོ་མང་དྲགས་པས་སློབ་ཕྲུག་དང་དགེ་རྒན་ཚོའི་རྩ་བའི་རྨང་གཞི་བརྟན་པོ་བཟོ་རྒྱུའི་དུས་ཚོད་མང་ཆེ་ཤོས་ཆུད་ཟོས་སུ་འགྲོ་བཞིན་ཡོད། གལ་སྲིད་སློབ་ཕྲུག་ཅིག་གིས་བདུན་ཕྲག་གཅིག་ལ་བརྗོད་བྱ་བྱེ་བྲག་པ་ཞིག་མ་ཚང་བ་མེད་པར་ཧ་གོ་བར་བཟོ་ཡ་ཡིན་ཟེར་ན། སློབ་ཕྲུག་དེས་ལས་སླ་བོའི་ངང་ནས་སྒྲུབ་ཐུབ་ཀྱི་མ་རེད། འདི་ལ་གཅིག་བྱས་ན་ཡིག་རྒྱུགས་གཏང་དགོས་ཀྱི་རེད། གཅིག་བྱས་ན་ལས་འཆར་གྱི་སྙན་ཐོ་ཞིག་ཁོའམ་མོ་ཡི་དམིགས་གཏད་ཀྱི་འགྲན་སེམས་ལ་ཉར་ཚགས་བྱ་དགོས་ཀྱི་རེད།

དེར་བརྟེན། སློབ་སྦྱོང་ཟེར་བ་དེ་སོ་སོ་རང་ངོས་ནས་གོམ་པ་རྒྱག་དགོས་ཀྱི་རེད་མ་གཏོགས། སློབ་སྦྱོང་གིས་གནས་ལུགས་རྟོགས་དགོས་པ་དེ་རྨི་ལམ་མཐུག་པོ་ཞིག་རེད། བྱང་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ཏུ་ཤུགས་རྐྱེན་ཚབས་ཆེ་ཤོས་དེ་ཐེབས་ཀྱིན་འདུག སློབ་དུས་གཅིག་གི་རྗེས་སུ་སློབ་ཕྲུག་ཚོར་གུང་གསེང་གི་དུས་ཚོད་ནི། བདུན་ཕྲག་གཉིས་ནས་གསུམ་ཡོད་མེད་ཙམ་ཡིན་ལ། དེ་ནས་སློབ་དུས་གསར་བ་ཞིག་གི་མགོ་འཛུགས་ཀྱིན་ཡོད། སློབ་དུས་གསར་བ་མགོ་བཙུགས་ནས་བདུན་ཕྲག་གཉིས་ཀྱིི་ནང་དུ་(FA)ཟེར་བའི་ཡིག་རྒྱུགས་ཀྱི་ཤོག་ལེབ་རེའུ་མིག་ཅིག་བདུན་ཕྲག་རེ་རེར་གཏོང་མགོ་འཛུགས་དགོས་ཀྱི་ཡོད། དགེ་རྒན་དང་སློབ་ཕྲུག་ཚོས་སློབ་ཚན་དང་པོ་དང་གཉིས་པ་ལ་འཐབ་རྩོད་དམ་འབད་པ་བྱས་ཏེ་སྙིང་བསྡུས་ཤིག་(FA)དང་པོ་དེའི་ཕྱི་ལྐོགས་གཡོག་དགོས་ཀྱི་ཡོད།

ལས་ཀ་འདི་འགྲོ་བཞིན་པའི་སྐབས་དེར་ཡང་བྱེད་སྒོ་གཞན་ཞིག་གི་མགོ་བསླང་ནས་ཡོང་གིན་ཡོད། དེ་ནས་བདུན་ཕྲག་གཉིས་གསུམ་གྱི་རྗེས་སུ་དབྱར་ཁའི་གུང་གསེང་མགོ་འཛུགས་ཀྱི་ཡོད་མོད། གུང་གསེང་དེ་ནི་སློབ་ཕྲུག་ཚོར་ལྷོད་ལྷོད་ཀྱི་གུང་གསེང་ཞིག་མ་རེད། རི་སྤུངས་བའི་གུང་གསེང་གི་ནང་ལས་དེ་དག་ནི་(FA)ཟེར་བའི་ཡིག་རྒྱུགས་ཀྱི་ཤོག་ལེབ་རེའུ་མིག་གཞན་པ་ཞིག་གི་རལ་གྲི་དེའི་རྗེས་སུ་(SA)ཟེར་བའི་ཡིག་རྒྱུགས་དང་པོ་དེ་ཡིན། གཅིག་བྱས་ན་(CCE)ཟེར་བའི་ཤེས་ཡོན་གྱི་ཐབས་ལམ་འདིས་དོང་རྙི་འདི་འདྲ་ཞིག་གི་ལམ་ཁ་འབྱུང་བར་རེ་བ་བྱས་མེད་ཀྱང་སྲིད། གཅིག་བྱས་ན་དེ་ནི་ཤོག་བུའི་སྟེང་གི་ཡིད་དབང་འཕྲོག་པའི་གྲོས་གཞི་ཞིག་ཡིན་སྲིད་མོད་། འོན་ཀྱང་ལག་ལེན་གྱི་སྦྱངས་པ་ཐེབས་པ་ཞིག་མ་རེད། གང་ལྟར་དེ་ནི་སློབ་ཕྲུག་ཚོར་བེད་མེད་ཀྱི་ཤེས་ཡོན་ལྷག་མ་ཞིག་དང་། ཁོང་ཚོའི་ལྷན་སྐྱེས་ཀྱིས་འཚོལ་ཞིབ་བྱས་པའི་སློབ་སྦྱོང་གི་ལམ་ཁ་དེ་མི་ཚེ་གང་བོར་སྒོ་ལྕགས་རྒྱག་མཁན་ཞིག་རེད་དོ།

 

བསྒྱུར་མཆན།  རྩོམ་ཡིག་འདི་ནི་ ༢༠༡༥ ལོའི་ཟླ་ ༥ བའི་ཚེས་ ༡༧ ཉིན་གྱི་རྒྱ་གར་གྱི་ཚགས་ཤོག་ The Sunday Tribune ཟེར་བ་ནས་བསྒྱུར་ཞིང་། འདི་བོད་བསྒྱུར་བྱེད་དོན་ནི། ཁ་སང་དེ་རིང་འུ་ཚང་གི་ཤེས་ཡོན་ཕྱོགས་སྟོན་གྱི་སྐྱབས་གནས་(SBSE)འདི་ཡང་སྐྱོན་གྱིས་དྲི་མ་མ་གོས་པ་ཞིག་མ་ཡིན་ཏེ། རྒྱ་གར་མཁས་པའི་གྲོས་ནའང་གླེང་ཚིག་རེ་ཡོད་པས་ན། འུ་ཚོའི་སྐུ་ངོ་ཚོས་གཞན་གྱི་ཟེར་སྒྲོས་རྗེས་སུ་བསྙེགས་རྐྱང་མི་བྱ་བར་རང་ཚིགས་ཀྱི་བསམ་བློ་ཞིག་དགོས་ཀྱི་འདུག་ཟེར་བ་དེ་ཡིན་མོད།  འོན་ཀྱང་མི་ཁ་ཤས་ཀྱིས་རྩོམ་ཡིག་འདི་ནི་འགྲན་བསྡུར་ལ་བློ་སེམས་མྱོས་མཁན་ཞིག་གིས་བྲིས་པ་རེད་ཅེས་ཀྱང་གསུང་སྲིད་མོད། རྒྱལ་ཁ་དགོས་ན་འགྲན་བསྡུར་དགོས་པ་ནི་ནམ་ལངས་ཉི་ཤར་གྱི་དཔེར་ཡིན་པས་ན། ཁ་ཡོད་ལག་ཡོད་ཀྱི་ལག་ལེན་དུ་བསྟར་དཀའ་བའི་མིང་ཚིག་སྐམ་པོ་སྙིང་རྗེ་དང་བྱམས་སེམས། ད་དུང་རང་ལས་གཞན་གཅེས་སོགས་གནས་སྐབས་ཀྱི་བཞག་ན་བཟང་ངོ་།།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese