མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་འབྲེལ་ལམ་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དཔལ་འབྱོར་དབྱེ་ཞིབ་པ་མོ་ཌེས། (R.C. Mody)

ཟླ་ ༥ ཚེས་ ༡༤ ཉིན་སྲིད་བློན་མོ་ཌེ་རྒྱ་ནག་ནང་ཉིན་གསུམ་གཟིགས་སྐོར་དུ་བསྐྱོད་པ་དེ་རྒྱ་དཀར་ནག་གཉིས་བར་གྱི་ཡུན་རིང་གི་ལོ་རྒྱུས་ལྡན་པའི་འབྲེལ་ལམ་ཞིག་ཡིན་ཞིང་། དེ་ཡང་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གི་སྲིད་བློན་ཀྲུའུ་ཨན་ལེ་ཆེས་ཐོག་མར་རྒྱ་གར་ནང་གཟིགས་སྐོར་དུ་བསླེབས་པ་དང་། ཕྱོགས་གཉིས་ཀྱི་རྒྱལ་དོན་གྲོས་ཆིངས་ལ་མིང་རྟགས་བཀོད་ནས་རྒྱ་དཀར་ནག་གི་ འབྲེལ་ལམ་སྔར་བས་མཐོར་འདེགས་གཏོང་རྒྱུའི་ཁ་གཡང་བསྒྲགས་པ་རེད།

དེར་མ་ཟད་ཕྱོགས་གཅིག་ནས་རེབ་དེའི་གཟིགས་སྐོར་ནི་ཚོང་དོན་གྲོས་མོལ་ཞིག་ཀྱང་ཡིན་སྟབས། སྐབས་དེ་ནས་བཟུང་ཀྲུའུ་ཨན་ལེ་ནི་རྒྱ་གར་གཞུང་དམངས་གཉིས་ལ་མཚོན་ན། མི་སྣ་རྒྱུས་ཡོད་ཅིག་ཏུ་གྱུར། ཡིན་ན་ཡང་ཕྱིས་སུ་རྒྱ་ནག་གིས་བློ་བུར་དུ་རྒྱ་གར་གྱི་མཐའ་མཚམས་མངའ་ཁུལ་ཁག་ལ་ཅི་སྙམ་པར་བཙན་འཛུལ་བྱེད་མགོ་བརྩམས་པ་ནས། དགོད་བྲོ་བའི་སྲིད་དོན་ཟློས་གར་དེ་མཇུག་བསྒྲིལ་ཞིང་། ལྷག་པར་ཕྱི་ལོ་ ༡༩༥༩ ལོའི་བོད་མིའི་སྒེར་ལངས་ལས་འགུལ་ལ་བརྟེན་ནས་ཏཱ་ལའི་བླ་མ་རྒྱ་གར་ནང་སྐྱབས་བཅོལ་དུ་བསླེབས་རྗེས། རྒྱ་དཀར་ནག་གི་འབྲེལ་ལམ་སྔར་བས་ཇེ་སྡུག་ཏུ་ཕྱིན། རྒྱ་ནག་གཞུང་གིས་དེ་སྔའི་གྲོས་ཆིངས་དང་ཁ་གཡང་སྣང་མེད་རྒྱ་ཡན་དུ་བཏང་བར་རྒྱ་གར་མི་དམངས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱས་པ་རེད།

རྒྱལ་ཁབ་གཉིས་བར་གྱི་ཚབས་ཆེ་བའི་འཁོན་འཛིང་དེའི་རྐྱེན་པས། ཀྲུའུ་ཨན་ལེ་ཁོ་རང་མི་སྒེར་གྱི་ངོས་ནས་སླར་ཡང་རྒྱ་གར་ནང་སྐོར་སྐྱོད་གནང་རེ་ཡོད་ལུགས་ཕྱིར་བསྒྲགས་བྱས་པ་དང་། རྒྱ་གར་གཞུང་དམངས་གཉིས་ནས་རེབ་དེའི་ཁོང་གི་རྒྱལ་དོན་གཟིགས་སྐོར་གྱི་རེ་འདུན་ལ་ནི་ཅི་སྙམ་དུ་བལྟས་ཀྱང་། ད་དུང་གཞུང་དམངས་རེ་འགའ་ཞིག་གི་མིག་ལམ་དུ་རེ་བའི་འོད་ཟེར་ཡང་འཕྲོས་མྱོང་།

གང་ལྟར་ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༡༨ ཉིན་ཀྲུའུ་ཨན་ལེ་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་བ་རེད། བདག་གིས་ནམ་རྒྱུན་འདི་ལྟར་དུ་སྙམ། ང་ཡང་རང་གི་བུ་ཆུང་དང་ལྷན་དུ། རེབ་དེར་གནམ་ཐང་དུ་ཀྲུའུ་ཨན་ལེ་ལ་སྣེ་ལེན་གནང་མཁན་ཚོའི་གྲས་ཀྱི་གཅིག་ཡིན་ན་བསམ་བྱུང་། རྒྱུ་མཚན་ནི། རྒྱལ་དམངས་ཚང་མས་རྒྱ་དཀར་ནག་གཉིས་བར་གྱི་འཁོན་འཛིང་དང་མཛའ་དུངས་ཀྱི་རྣམ་འགྱུར་གང་ཞིག་མཐོང་འདོད་ཡོད་པ་རེད།

གནམ་ཐང་དུ་ཕེབས་བསུ་གནང་སྐབས་ཀྱི་གཏམ་བརྗོད་ཚང་མ་རྒྱ་སྐད་ནང་བཤད་ཅིང་། ཕྱིས་སུ་ཧིན་སྐད་དུ་ལོ་ཙཱ་བྱས་པའི་ནང་། སྲིད་བློན་ནེ་རོའི་གཏམ་བཤད་ཡོད་ཚད་སྐྱོན་བརྗོད་དང་སྡིགས་མོས་ཁེངས་འདུག་སྟེ། ཁོང་གིས“ང་ཚོས་ཁྱེད་ལ་སྔོན་ཆད་ཀྱང་འདི་ལྟར་ཕེབས་བསུ་ཞུས་པ་ཡིན་མོད། འོན་ཀྱང་། ཉེ་ལམ་རྒྱལ་ཁབ་གཉིས་བར་གྱི་ཛ་དྲག་གི་གནད་དོན་དེས། ང་ཚོ་ངོ་མ་སེམས་ཁྲལ་ལ་གཏད་ཡོད”ཅེས་དང་། ཀྲུའུ་ཨན་ལེ་ཁོ་རང་གི་གཏམ་བརྗོད་དུ་མཛའ་བརྩེ་དང་སྤྲོ་སེམས་ཀྱིས་གཏམས་འདུག་སྟེ། ཁོང་གིས་གནའ་བོའི་བྷ་ཧ་ར་ཊའི་ (Bharat) ཡུལ་ལུང་ལ་གུས་འདུལ་དང་བརྩི་འཇོག་བླ་མེད་གནང་བྱུང་མོད། རེབ་དེའི་མཇལ་འཕྲད་ལ་ཕྱོགས་གཉི་གར་སྤྲོ་བག་ཅི་ཡང་མེད་པར་ཧ་ཅང་སྐྱི་གཡའ་བ་ཞིག་ཆགས་ཡོད།

གཞུང་དམངས་རེ་འགས་རྒྱ་དཀར་ནག་གི་འབྲེལ་ལམ་ཐད་ལ་རེ་འབོད་ག་ཙམ་གནང་ཡང་རེ་འབྲས་ཅི་ཡང་མ་ཐོན་ཞིང་། ཕྱོགས་གཉིས་ཀྱི་སྲིད་བློན་གཉིས་ལའང་གསལ་ཁ་གང་ཡང་མེད་པར་སོམ་ཉི་དང་རེ་དོགས་ཀྱི་གནས་བབ་ཅིག་གི་འོག་ཏུ་ལྷག་སོང་།

བདག་གིས་གསལ་བོར་དྲན་པ་ཞིག་ལ། དེའི་རྗེས་ཀྱི་ཉིན་འགའ་ཞིག་རིང་རྒྱལ་ས་ལྡི་ལིར་དྲག་པོས་འོས་ལངས་བསྟུད་མར་བྱུང་བས། ཀྲུའུ་ཨན་ལེ་རྒྱ་གར་གྱི་སྲིད་བློན་ཟུར་བ་ཚོ་དང་དེ་བཞིན་དཔལ་འབྱོར་སྲིད་བློན་སོགས་ཀྱི་གམ་དུ་བཅར་ནས་ཁོ་རང་གི་འདོད་ཚུལ་བརྗོད་ཅིང་། བརྒྱུད་ལམ་ཁག་རེ་ཆད་ཁྲོ་སྡང་གི་གནས་ཚུལ་འབའ་ཞིག་གིས་ཁྱབ་འདུག

རྒྱལ་ཁབ་གཉིས་ཀྱི་རྩོད་གླེང་གི་རྐྱེན་པས། སྐབས་ཐོག་དེར་ཀྲུའུ་ཨན་ལེ་ལ་སེམས་ཁམས་མི་སྐྱིད་པ་བྱུང་བ་དང་། ཁོང་གི་ཡོང་རོགས་ཚོ་ཨ་གཱི་ར་ (Agra) གྲོང་ཁྱེར་དུ་བསྐྱོད་ནས་ཊ་ཇེ་མ་ཧལ་ (Taj Mahal) བང་སོར་ལྟ་སྐོར་གནང་བ་རེད།

མཐར་རྒྱ་གར་དུས་བབ་གསར་ཤོག་སོགས་སུ་ཐེངས་འདིའི་གྲོས་མོལ་ཐག་ཆོད་མ་བྱུང་བའི་གནས་ཚུལ་ཐོན་རྗེས། ཀྲུའུ་ཨན་ལེ་ཧ་ཅང་བློ་ཕམ་ཆེན་པོའི་ངང་ཕྱིར་རྒྱ་ནག་ལ་ལོག་ཅིང་། ཕྱིས་འབྱུང་གི་གནས་ཚུལ་མཐའ་དག་རྒྱ་དཀར་ནག་གཉིས་བར་གྱི་བྱུང་རབས་ལོ་རྒྱུས་རེད།

སྐབས་དེར་ང་རང་ཉིད་ཀྱང་ཀྲུའུ་ཨན་ལེ་ཡི་རྒྱལ་དོན་གྲོས་མོལ་ལ་ཕན་འབྲས་ཅི་ཡང་ཐོན་མི་སྲིད་སྙམ་མཁན་གྲས་ཤིག་ཡིན་ལ། གསར་ཤོག་སྟེང་སྤེལ་བའི་གནས་ཚུལ་ལ་གཞིགས་ནས། ངས་རང་ཉིད་ཀྱི་ལྟ་ཚུལ་དེ་ནོར་མི་འདུག་དྲན་སོང་།།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese