མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོ་ཧན་ཡཱ་མི་རིཊ་ཀྱི་དཀའ་སྡུག

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

མཱ་ལེ་ཞི་ཡ་དང་ཧིན་རྡུ་ཉི་ཞེ་ཡ་གཞུང་གིས་ཨིན་ཌཱ་མིན་མཚོ་ཐོག་ཏུ་ལྷག་པའི་ཡུལ་གྱར་བ་ ༧༠༠༠ ཙམ་ལ་གནས་སྐབས་རིང་རོགས་སྐྱོབ་བྱ་རྒྱུ་ཁས་ལེན་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་མཱ་ལེ་ཞི་ཡའི་རྒྱལ་ས་ཅེ་ལོང་པའོ་རུ། ཐའེ་ལན་ཌི་དང་ཧིན་རྡུ་ཉི་ཞེ་ཡ། མཱ་ལེ་ཞི་ཡ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་ལྷན་འཛོམས་ཀྱི་ཛ་དྲག་ཚོགས་འདུ་ཞིག་བསྡུས་ཏེ། མཱ་ལེ་ཞི་ཡ་དང་ཧིན་རྡུ་ཉི་ཞེ་ཡ་གཉིས་ཀྱིས་མཚོ་ཐོག་ཏུ་དཀའ་ངལ་འཕྲད་བཞིན་པའི་འབར་མ་དང་བྷང་ལ་ཌེ་ཤི་ཡི་ཡུལ་གྱར་བ་ཚོར་གནས་སྐབས་རིང་རོགས་སྐྱོབ་བྱེད་པར་གྲོད་ཆོད་ཅིག་བཞག་ཡོད་འདུག ཡིན་ནའང་། ཐའེ་ལན་ཌི་གཞུང་གིས་ད་ལྟའི་བར་འབར་མའི་ཡུལ་གྱར་བ་ཁྲི་ལ་ཉེ་བ་རྒྱལ་ཁོངས་སུ་གནས་སྡོད་བྱེད་དུ་བཅུག་ཡོད་སྟབས། དེ་ལས་མང་བ་ལེན་ཐབས་མེད་སྐོར་བརྗོད་ནས་གྲོས་ཆོད་དེར་མོས་མཐུན་བྱས་མེད་པ་དང་། བདུན་ཕྲག་རྗེས་མའི་ནང་ཡང་བསྐྱར་གནད་དོན་དེའི་ཐོག་ཟབ་རྒྱས་ཀྱི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་འདུག

ཛ་དྲག་ཚོགས་འདུ་དེ་གྲོལ་རྗེས། མཱ་ལེ་ཞི་ཡའི་ཕྱི་འབྲེལ་བློན་ཆེན་ཨི་ནི་ཧྥ་ཨི་མན་(Anifah Aman)གྱིས་གསལ་བཤད་ཅིག་བྱས་པའི་ནང་། ཧིན་རྡུ་ཉི་ཞེ་ཡ་དང་དང་མཱ་ལེ་ཞི་ཡས་མུ་མཐུད་མཚོ་ཐོག་ཏུ་ལྷག་པའི་ཡུལ་གྱར་བ་ ༧༠༠༠ ཙམ་ལ་གནས་སྐབས་རིང་རོགས་སྐྱོབ་བྱེད་པར་མོས་མཐུན་བྱུང་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ལོ་གཅིག་ནང་ཚུད་དུ་ཡུལ་གྱར་བ་དེ་ཚོའི་འཚོ་བ་ལ་བཀོད་སྒྲིག་བྱ་རྒྱུ་ལེགས་པར་འགྲུབ་དགོས། ཞེས་བརྗོད་འདུག

ཧིན་རྡུ་ཉི་ཞེ་ཡ་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཡུལ་དེའི་བྱང་ཕྱོགས་སུ་ཡོད་པའི་ལྷོ་སོ་ཁོན་ཟེར་བའི་ཞིང་ཆེན་ནང་དུ། འབར་མའི་ཡུལ་གྱར་བ་ ༦༠༠ ཡས་མས་བསྡད་པའི་ཤིང་གྲུ་ཆེན་པོ་གཉིས་འབྱོར་ཡོད་པ་དང་། ཡང་ཕྱི་ཚེས་ ༢༠ ཉིན་ཧིན་རྡུ་ཉི་ཞེ་ཡའི་ཉ་བ་ཚོས་ཡུལ་གྱར་བ་ ༤༣༠ ལྷག་སྲོག་ཉེན་ལས་བསྐྱབས་ཡོད་སྐོར་བརྗོད་འདུག

འདས་པའི་ཉིན་ ༡༠ ནང་མཱ་ལེ་ཞི་ཡ་དང་ཧིན་རྡུ་ཉི་ཞེ་ཡའི་མཚོ་ཁུལ་དུ་ཡུལ་གྱར་བ་ ༣༠༠༠ ལྷག་འབྱོར་ཡོད་ཀྱང་། རྒྱལ་ཁབ་དེ་གཉིས་དང་ཐའེ་ལན་ཌིས་བཟའ་ཆས་སོགས་ཀྱི་རོགས་རམ་བྱས་རྗེས་མཚོ་ཁོངས་ནས་མཐར་སྐྲོད་བཏང་ཡོད་པ་དང་། ཡུལ་གྱར་བ་དེ་ཚོ་མང་ཆེ་བ་འབར་མ་དང་བྷང་ལ་ཌེ་ཞི་ནས་སྐྱབས་བཅོལ་དུ་ཡོང་བའི་རོ་ཧན་ཡཱའི་མི་རིགས་ཡིན་འདུག དེ་རིང་འབར་མ་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་ཕྱི་ཚེས་ ༢༡ ཉིན་སྲིད་གཞུང་གིས་མཚོ་དམག་ཆེད་གཏོང་གིས་མཚོ་ཐོག་ཏུ་ལྷག་པའི་ཡུལ་གྱར་བ་ཚོར་རོགས་སྐྱོབ་ཐེངས་དང་པོ་བྱས་ཡོད་པ་དང་། མྱུར་སྐྱོབ་ཁྲོད་མི་གྲངས་ ༢༠༨ ཉེན་ཁ་ལས་བསྐྱབས་ཡོད་པ་དང་། ཡང་འབར་མ་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས། སྲིད་གཞུང་གི་མཚོ་ཐོག་འཚོལ་ཞིབ་ཁྲོད་ཡུལ་གྱར་བའི་གྲུ་གཟེངས་གཉིས་རྙེད་ཡོད་པ་དང་། གྲུ་གཟེངས་གཅིག་གི་ནང་བྷང་ལ་ཌི་ཤིའི་ཡུལ་གྱར་བ་ ༢༠༠ ཙམ་ཡོད་ལུགས་བརྗོད་ཡོད་པ་རེད།

ཁ་སང་འབར་མའི་རྒྱལ་ས་ནེ་ཧྥི་ཌོ་(Naypyidaw)རུ། འབར་མའི་སྲིད་འཛིན་ཐིན་སིན་(Thein Sein)་དང་ཨ་རིའི་རྒྱལ་དོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་བྷ་ལིན་ཁེན་(Antony J. Blinken )གཉིས་ཐུག་འཕྲད་གནང་སྐབས། བྷ་ལིན་ཁེན་གྱིས་འབར་མའི་གཞུང་འཛིན་པས་རོ་ཧན་ཡཱའི་གནས་སྟངས་ལ་ལེགས་བཅོས་བྱས་ཏེ། མི་མང་ལ་ཡང་བསྐྱར་ཚེ་སྲོག་གི་ཉེན་ཁར་མི་འཛེམས་པར་རང་ཡུལ་ནས་ཁ་བྲལ་དགོས་པའི་ཐབས་ཟད་ཀྱི་མྱོང་ཚོར་མི་ཡོང་བ་ཞིག་བཟོ་དགོས་པའི་འབོད་སྐུལ་གནང་ཡོད་པ་ལྟར། འབར་མའི་སྲིད་འཛིན་ཐིན་སིན་གྱི་མགྲིན་ཚབ་པ་ཞིག་གིས། སྲིད་འཛིན་ཐིན་གྱིས་འབར་མ་གཞུང་གིས་ཡུལ་གྱར་བ་དེ་ཚོའི་རྒྱལ་ཁོངས་ངོས་འཛིན་བྱ་རྒྱུ་ཡིན་པ་མ་ཟད། མ་འོངས་པར་འབར་མའི་མི་སེར་ལ་སྲུང་སྐྱོབ་དང་རོགས་རམ་བྱ་རྒྱུ་ཡིན་པ་མ་ཟད། ས་གནས་སྲིད་གཞུང་ཁག་ནས་ཤེས་རྟོགས་བྱུང་བའི་འབར་མའི་ནང་གི་ཕྱི་རྒྱལ་བ་ཚོ་ལའང་རོགས་རམ་དང་ཕྱིར་ལོག་བྱེད་པར་བཀོད་སྒྲིག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

འབར་མའི་ཕྱི་འབྲེལ་ལྷན་ཁང་ནས་མཚོ་ཐོག་ཏུ་དཀའ་ངལ་འཕྲད་བཞིན་པའི་ཡུལ་གྱར་བ་ཚོར་རོགས་རམ་བྱེད་པའི་གྲ་སྒྲིག་ལེགས་པོ་ཡོད་ལ། འབར་མའི་ནང་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་དེ་བརྒྱུད་བསྒྲགས་དགོས་པའི་རེ་སྐུལ་བྱས་ཡོད་འདུག ཡིན་ནའང་། གནད་དོན་དབྱེ་ཞིབ་པ་ཚོས། འབར་མ་གཞུང་གིས་རོ་ཧན་ཡཱ་གྲངས་ཉུང་མི་རིགས་ལ་མི་སེར་གྱི་ཐོབ་ཐང་མ་སྤྲད་པར་ལོ་ངོ་ ༣༣ ལྷག་འགྲོ་བཞིན་ཡོད་པ་མ་ཟད། མི་རིགས་དང་ཆོས་ལུགས་དབྱེ་འབྱེད་ཀྱི་གདུག་རྩུབ་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་འགྱུར་བ་ཐེབས་རྒྱུ་ཡིན་མིན་བརྗོད་དཀའ་བས་རིམ་གྱིས་བལྟ་དགོས་སྐོར་རྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese