མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མའི་རྗེས་སུ། བོད་དོན་སླར་ཡང་རྩོད་ཉོག་ཆགས་སྲིད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

 སྲིད་བློན་མོ་དྷེས་དཀྱེལ་ཡངས་གནང་བ་དེ་ལེགས་པར་མཐོང་མོད། འོན་ཀྱང་རྒྱ་ནག་གིས་མཐའ་མཚམས་རྩོད་གླེང་འདུམ་འགྲིག་གི་འདུན་པ་དེ་ཙམ་མེད་པ་འདྲ་ཟེར།

དྲི་བ། སྲིད་བློན་མོ་དྷེས་རྒྱ་ནང་སྐོར་བསྐྱོད་ཐད་ལ་རྒྱ་ནག་མི་དམངས་དང་རྒྱ་ནག་བརྒྱུད་ལམ་ཁག་གིས་ལྟ་སྟངས་ཅི་འདྲ་གནང་འདུག་གམ།

ལན། དོན་ངོ་མར་རྒྱ་མི་མང་པོ་ཞིག་གིས་ན་རེན་ཌ་ར་མོ་དྷེ་(NarendraModi) ཟེར་བ་དེ་སུ་ཞིག་ཡིན་མིན་ཡང་གསལ་བོར་མི་ཤེས་ཤིང་། རྒྱ་ནག་ནང་གཟིགས་སྐོར་སྐབས་སུ། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་མདུན་ཤོག་ཧྲིལ་བོ་གཏམ་བཟང་འབའ་ཞིག་གིས་ཁེངས་འདུག་ཀྱང་། དོན་དངོས་སུ་མཐའ་མཚམས་རྩོད་གླེང་སྔར་བཞིན་བཟོད་དཀའ་བའི་ཟ་འཕྲུག་ཅིག་གི་ཚུལ་དུ་ལྷག་ཡོད་པ་རེད། ཡིན་ན་ཡང་། དེ་རྒྱ་གར་གཞུང་ལ་མཚོན་ནའང་། རྒྱ་ནག་ཁོ་རང་ཚོ་ལྟར་གནད་དོན་ཆེར་ཡོད་པ་མ་རེད། དེ་ལྟར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་ཐོན་པའི་སྲིད་བློན་མོ་དྷེ་ཡི་གནས་ཚུལ་སྐོར་ལའང་ལྟ་སྣང་འདྲ་མིན་སྣ་ཚོགས་ཡོད་ཅིང་། ལ་ལ་ཞིག་གིས་ཁོང་གི་དཀྱེལ་ཡངས་དེ་འདྲ་ཁོ་རང་ཚོས་དགའ་མོས་གནང་བའི་རང་རྒྱལ་གྱི་སྲིད་འཛིན་དང་བསྡུར། ཡང་རེ་འགའ་ཞིག་གིས་ལྟ་སྟངས་དེ་བསྒྱུར་ནས་ཨ་རུ་ན་ཅལ་མངའ་སྡེ་ (Arunachal Pradesh) ཡི་རྩོད་རྙོག་གླེང་གི་འདུག དེ་བས་ཀྱང་ཡིད་སྐྱོ་བ་ཞིག་ལ། རྒྱ་མི་མང་པོ་ཞིག་གིས་ད་དུང་ཡང་རྒྱ་གར་གཞུང་ལ་ལྟ་སྟངས་ངན་པ་བཟུང་ཡོད་དེ། ཕྱོགས་གཅིག་ནས། གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ནམ་རྒྱུན། རྒྱ་གར་གཞུང་ནི་དེང་གི་དམངས་གཙོའི་བཀག་རྒྱ་དང་དེའི་དབུལ་ཕོངས་ཀྱི་རྒྱ་རུ་ཚུད་པའི་དཔེ་མཚོན་ཞིག་ཏུ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།

དྲི་བ། དེང་སྐབས་རྒྱ་གར་གཞུང་ཨ་རི་དང་ཝེ་ཋི་ནམ་གྱི་མཛའ་འབྲེལ་རྒྱལ་ཁབ་ཅིག་དང་། རྒྱ་ནག་གཞུང་ཨུ་རུ་སུ་དང་པ་ཀི་སི་ཐན་གྱི་མཛའ་འབྲེལ་རྒྱལ་ཁབ་བཅས་སུ་ཆགས་ཡོད་སྟབས། ཕྱི་འབྲེལ་གྱི་ཤུགས་རྐྱེན་ཐད་ནས་རྒྱལ་ཁབ་གཉིས་བར་ཕན་ཚུན་འདྲ་མཉམ་དང་གནོན་ཤུགས་ཀྱི་འདུ་ཤེས་གང་ཞིག་བཟུང་ཡོད་མེད་སྐོར་བརྗོད་ན་འགྲིག་གམ།

ལན། ངས་བལྟས་ན། རྒྱལ་ཁབ་གཞན་གྱི་མཛའ་འབྲེལ་ལ་མ་གཞིགས་པར། དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་ངོས་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སྔར་བས་ཡར་རྒྱས་སུ་གཏོང་འདོད་ཡོད་ས་མ་རེད་དེ། ཡིན་ན་ཡང་རྒྱ་ནག་དང་པ་ཀི་སི་ཐན་བར་གྱི་མཛའ་འབྲེལ་དང་། རྒྱ་གར་དང་ཨ་རི་གཉིས་བར་གྱི་མཛའ་འབྲེལ་གྱི་རྐྱེན་པས། པེ་ཅིན་གཞུང་དང་ལྡི་ལི་གཞུང་གཉིས་བར་གྱི་འབྲེལ་ལམ་ལ་བཀག་རྒྱ་ཐེབས་ཡོད་པ་བསྙོན་དུ་མེད་ན། པེ་ཅིན་གཞུང་གི་མིག་ནང་དུ་ནམ་ཡང་རྒྱལ་ཁབ་འདྲ་མཉམ་གྱི་འདུ་ཤེས་ལས་གནོན་ཤུགས་ཀྱི་འདུ་ཤེས་ཚབས་ཆེ་པར་ཁོ་མོས་འདོད་ཅིང་། དེ་ཡང་རྒྱལ་ཁབ་གཉིས་ཀྱི་སྟོབས་ཤུགས་མངའ་ཐང་གང་ཕྱོགས་ནས་བལྟས་ཀྱང་གསལ་བོར་རྟོགས་ཡོང་བ་ཞིག་རེད།

དྲི་བ། རྒྱ་དཀར་ནག་གཉིས་བར་གྱི་ཚོང་འབྲེལ་དོན་སྨིན་འབྱུང་ཐུབ་བམ།

ལན། དམག་སའི་དམིགས་འབེན་དང་མཐའ་མཚམས་རྩོད་གླེང་གི་རྐྱེན་པས། ཚོང་འབྲེལ་ནི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་མཐོར་འདེགས་གཏོང་བའི་གོ་སྐབས་ལེགས་ཤོས་ཤིག་ཡིན།

སྤྱིར་ཡུལ་ལུང་ཁ་ཁ་དང་ཆབ་སྲིད་ཀྱི་འགལ་འདུ་རྣོ་ངར་ཇེ་ཆེ་ཡིན་རུང་། རྒྱ་ནག་དང་ཉི་ཧོང་རྒྱལ་ཁབ་གཉིས་བར་ཚོང་དོན་གྱི་འབྲེལ་ལམ་ཟབ་མོ་ཡོད་པ་ལྟར་དུ། སྲིད་བློན་མོ་དྷེས་ཡང་དཔེ་མཚོན་དེའི་རྗེས་སུ་འབྲང་སྟེ། རྒྱ་ནག་གི་ཁེ་ལས་མ་འཇོག་དང་ལག་རྩལ་བརྗེ་རེས། སྡོད་ཁང་འཛུགས་བསྐྲུན་སོགས་འཐོབ་ཀྱི་ཡོད་མོད། ཡིན་ནའང་ཕྱོགས་གཉིས་ཀྱི་ངོས་ནས་ཉོ་འཚོང་མ་འཇོག་གི་དཀའ་རྙོག་ཅིག་ལ་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད།

དྲི་བ། རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གླེང་དེས་རྒྱ་ནག་ལ་མི་འདོད་པའི་ཤན་ཤུགས་ཅི་འདྲ་ཐེབས་ཡོད་དམ།

དྲིས་ལན། གོང་དུ་བཤད་ཟིན་པ་ལྟར། རྒྱ་ནག་གིས་འདབས་འབྲེལ་རྒྱལ་ཁབ་གཞན་དག་ལྟར། རྒྱ་གར་ལ་སེམས་ཁྲལ་དེ་ཙམ་བྱེད་ཀྱི་མེད་པ་དང་། མཐའ་མཚམས་མངའ་ཁོངས་ཀྱི་ཐད་ནས། རྒྱ་ནག་གིས་ཧི་མ་ལ་ཡའི་རི་རྒྱུད་ཁག་ལས་རྒྱ་ནག་ཤར་རྒྱུད་རྒྱ་མཚོ་དང་ལྷོ་རྒྱུད་རྒྱ་མཚོ་གཉིས་དམིགས་འབེན་དུ་བཟུང་ཡོད། དེ་ལྟར་ཡང་། རྒྱ་ནག་གིས་མཐའ་མཚམས་རྩོད་གླེང་འདུམ་པའི་གྲ་སྒྲིག་ཅི་ཡང་བྱས་མེད་ཅིང་། དོན་དམ་དུ་འདས་པའི་ལོ་ངོ་བཅུ་ཕྲག་རིང་། རྒྱ་ནག་གིས་མཐའ་མཚམས་རྩོད་གླེང་འབའ་ཞིག་གི་ལངས་ཕྱོགས་བཟུང་ནས་བསྡད་ཡོད་པ་མ་གཏོགས། གཞན་སུ་གང་གི་ལྷན་དུའང་མཐའ་མཚམས་རྩོད་གླེང་འདུམ་འགྲིག་གི་འདུན་པ་ཡོད་པ་མ་རེད། མངའ་ཁོངས་རྩོད་གླེང་གི་རྐྱེན་པས། རྒྱ་དཀར་ནག་གི་འབྲེལ་ལམ་ཡར་རྒྱས་སུ་གཏོང་འདོད་མེད་པ་ཙམ་དུ་མ་ཟད། རྒྱ་ནག་གིས་རྒྱལ་ཁབ་གཉིས་བར་གྱི་རྩོད་གླེང་གང་ཞིག་དུས་ཐོག་ཏུ་འདུམ་པའི་རེ་འདུན་ཡང་མེད་ཚོད་རེད།

དྲི་བ། ད་རེབ་ཀྱི་རྒྱ་དཀར་ནག་གི་རྒྱལ་དོན་བཀའ་མོལ་ནང་བོད་དོན་སྐོར་ནས་གང་འདྲ་མཐོང་སོང་།

ལན། དེ་དོན་ལ་ང་དོགས་པ་ཡོད། ཡིན་རུང་། རྒྱ་ནག་གི་རང་གི་ལངས་ཕྱོགས་ལ་འགྱུར་བ་དོག་ཙམ་ཡང་མི་གཏོང་དོན་ཅི་ཡིན་ནམ། ཏཱ་ལའི་བླ་མའི་རྗེས་སུ། བོད་དོན་ནི་སླར་ཡང་རྩོད་རྙོག་གི་ངོ་བོ་ཞིག་ཆགས་སྲིད་ཅིང་། རྒྱ་ནག་གིས་གོ་སྐབས་དམ་འཛིན་གྱིས། རྒྱ་གར་ནང་གི་བཙན་བྱོལ་བོད་གཞུང་ལ་ཁ་གཡར་ཏེ། གོམ་གང་མདུན་སྤོས་ཀྱིས་རྒྱ་གར་གཞུང་ལ་ཡང་བསྐྱར་གནོན་ཤུགས་སྤྲོད་རྩིས་ཡིན་ན། སྐབས་དེར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་དེ་ཡང་གཡོ་སྒྱུ་འབའ་ཞིག་གི་དུས་སྐབས་སུ་བསྐྱོད་ཀྱང་སྲིད་པ་རེད།

བསྒྱུར་མཆན། ཝ་ཞིན་ཊོན་གསར་ཁང་གི་རྒྱ་ནག་ཉམས་ཞིབ་པ་སྐུ་ཞབས་སེ་མོན་ཌན་ཡར་(Simon Denyer) ལགས་ཀྱིས་རྒྱ་གར་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ལྕམ་སེར་རྗ་ན་ (Sirjana Mitra Das) ལགས་སུ། སྲིད་བློན་མོ་དྷེ་རྒྱ་ནག་ནང་གཟིགས་སྐོར་དང་རྒྱ་དཀར་ནག་གི་མཐའ་མཚམས་རྩོད་གླེང་། དེ་བཞིན་བོད་དོན་བཅས་ཀྱི་སྐོར་ལ་གླེང་མོལ་བྱས་ཚེས་ ༡༨ ཉིན་སྤེལ་བ་འདིར་བོད་བསྒྱུར་ཞུས།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༧ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༨ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 1

  1. གནས་ཚང་། says:
    ལོ་ 11 སྔོན།

    དྲང་པོར་ཞུས་ན། བོད་ནང་དུ་མེར་བསྲེག་ངོ་རྒོལ་གནང་པ་ནས་རྙོག་དྲ་ཆགས་ཚར་བ་རེད། མེར་བསྲེག་ངོ་རྒོལ་གྱི་ཤུགས་རྐྱེན་ཧ་ཅང་གི་གཏིང་ཟབ་པོ་དང་ཡུན་རིང་པོར་གནས་ངེས་ཡིན། བོད་ནང་གི་གོ་རྟོགས་ཇེ་མཐོ་དང་འཐབ་རྩལ་ཇེ་བྱང་ལ་འགྲོ་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese