མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ལྷའི་དུས་རབས།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་འབྱོར་འབྲིང་གྲལ་རིམ་ཁྲོད་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན་ཏེ། བོད་པའི་བླ་སྤྲུལ་རྫུན་མ་༼བོད་ནང་དུ་འདི་རིགས་ལ་རྒྱ་ལྷ་ཟེར།༽ཇེ་མང་དུ་འགྲོ་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༢༡ ཉིན་རྒྱ་ནག་ནང་གནས་སྡོད་རྩོམ་པ་པོ་ཀྲང་རེ་(Zhang Rui) ཡིས་དྲ་ཚིགས་ (China.org.cn) ཞེས་པའི་ཐོག་༼རྒྱ་རིགས་འབྱོར་འབྲིང་གྲལ་རིམ་སྤྱི་ཚོགས་ཁྲོད་བླ་མ་རྫུན་མ་མང་པོ་འཕེལ་བཞིན་པ།༽ཅེས་པའི་ཆེད་བརྗོད་ཅིག་སྤེལ་ཡོད་པའི་ནང་། ཁོང་གིས་ལོ་གཉིས་གོང་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐའེ་ཝན་གྱི་གཞས་མ་དང་གློག་བརྙན་འཁྲབ་སྟོན་མ་ཨཱ་ཡཱ་ལེའུ་ (Aya Liu) ཡི་ཁྱོ་ག་སུ་ཡིན་མིན་ཐད་གླེང་སློང་སྣ་ཚོགས་བྱས་ཡོད་ཀྱང་། ད་བར་ཁོ་མོས་ཁྱོ་གའི་མིང་དང་གནས་བབ་ངོ་སྤྲོད་བྱས་མེད་ཀྱང་། ཉེ་ལམ་ཞིག་ནས་ཐའེ་ཝན་དང་རྒྱ་ནག་གི་བརྒྱུད་ལམ་ཁག་དང་དྲ་ཐོག་རྩོམ་པ་པོ་ཚོས། ཁོ་མོའི་ཁྱོ་ག་ནི་ “འཚོ་བཞུགས་སངས་རྒྱས” (Living Buddha) ཤིག་ཡིན་ཚུལ་འགྲེལ་ལོག་བརྒྱབ་ཡོད་སྟབས་ཁོ་མོ་ཁ་མ་གྲགས་རང་གྲགས་ཆགས་ཏེ། ཟླ་འདིའི་ཚེས་ ༡༣ ཉིན་ཁོ་མོས་ཁོ་མོའི་ཁྱོ་ག་ནི་ཨ་རིའི་གྲོང་ཁྱེར་སི་ཌལ་ (Seattle) ནང་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་རྙིང་མའི་བླ་མ་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་ཡིན་པ་མ་ཟད། ཁོ་གཉིས་ལ་ཟླ་བ་དྲུག་ཅན་གྱི་བུ་མོ་ཨཱ་ཝ་ (Ava) ཟེར་བ་ཞིག་ཡོད་པ་དང་། རིན་པོ་ཆེར་ཧོང་ཀོང་གི་གཞས་མ་གྲགས་ཅན་ཧྥ་ཡེ་ཝང་ (Faye Wong) དང་། གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་ཌོ་ཎེ་ལུང་(Tony Leung Chiu Wai) སོགས་རྗེས་འབྲང་བ་དུ་མ་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། རིན་པོ་ཆེ་ནི་ཆོས་ཕྱོགས་ཀྱི་མགོ་ཁྲིད་ཅིག་དང་། ང་རང་ནི་སྙན་གྲགས་ཡོད་པའི་སྒྱུ་རྩལ་པ་ཞིག་ཡིན་སྟབས། མི་མང་གིས་ངེད་བཟའ་ཚོ་གཉིས་ཀྱི་ཞི་བདེའི་འཚོ་བ་ཁ་གཏོར་མི་གཏོང་ཆེད་ངས་ད་བར་མང་ཚོགས་ལ་ངའི་ཁྱོ་ག་སུ་ཡིན་ངོ་སྤྲོད་བྱས་མེད། ཁོང་ནི་ངའི་མི་ཚེའི་གཏན་གྲོགས་ཡག་ཤོས་ཡིན་ཞེས་སོགས་བརྗོད་འདུག

མིང་གྲགས་ཅན་གྱི་རྒྱ་རིགས་བུད་མེད་ཁྲོད་བོད་པའི་བླ་སྤྲུལ་དག་དང་ཆང་ས་བརྒྱབ་ནས་ཕྲུ་གུ་བཙའ་མཁན་ཨཱ་ཡཱ་ལེའུ་གཅིག་པུ་མིན་པར་མང་པོ་བྱུང་ཡོད། ༢༠༡༤ ལོར་ཧོང་ཀོང་གི་གཞས་མ་གྲགས་ཅན་ཤཱར་ལེ་ཝང་ (Shirley Kwan) གིས་ཁོ་མོའི་བུའི་ཨ་ཕ་རྫོང་གསར་འཇམ་མཁྱེན་བརྩེ་རིན་པོ་ཆེ་ཡིན་ཚུལ་བརྗོད་ཡོད་པ་དང་། དེ་བཞིན་སྙན་གྲགས་ཅན་གྱི་རྒྱ་རིགས་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་ལུའུ་ཏོ་ཧྭོ་ (Andy Lau) དང་གཞས་མ་གྲགས་ཅན་ཧྥ་ཡེ་ཝང་། གློག་བརྙན་འཁྲབ་སྟོན་པ་ལིང་ལིང་ཇེ་ (Jet Li) དང་ཀྲང་ཀོ་ལི་ (Zhang Guoli)། ཀྲང་ཙེ་ཡུས་(Zhang Ziyi) སོགས་ཀྱིས་ཀྱང་ནང་ཆོས་ལ་དད་ཞེན་དོན་གཉེར་བྱེད་བཞིན་ཡོད་པ་དང་། ཁོ་ཚོ་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་གྱི་མཁྱེན་སྤྱོད་གཉིས་ལྡན་གྱི་དགེ་འདུན་པ་དག་དགེ་བའི་བཤེས་གཉེན་དུ་བསྟེན་ཏེ་ཆོས་ཀྱི་སྡོམ་པ་ཞུ་བཞིན་ཡོད་པ་མ་ཟད། རྒྱ་རིགས་ཕྱུག་བདག་མང་པོ་ཞིག་གིས་ནང་ཆོས་ལ་དད་པ་བྱེད་ཀྱི་ཡོད། ཅེས་སོགས་བྲིས་འདུག

༢༠༡༤ ལོར་དཔལ་འབྱོར་དུས་བབ་ཀྱིས་སྙན་ཐོ་བཏོན་པའི་ནང་། རྒྱ་རིགས་ཕྱུག་བདག་བརྒྱ་ཆ་ ༥༠ ལྷག་གིས་ཆོས་ལུགས་འདྲ་མིན་ལ་དད་པ་བྱེད་བཞིན་ཡོད་པ་མ་ཟད། དེ་དག་ཁྲོད་ནས་གསུམ་ཆ་གཅིག་ནང་པ་ཡིན་ཚུལ་བཀོད་ཡོད་པ་དང་། རྒྱ་ནག་གི་ཚོང་གཉེར་དུས་དེབ་ (Entrepreneur Magazine) ཞེས་པས་རྒྱ་རིགས་ཕྱུག་བདག་ཁེ་ལས་པ་ཚོའི་ཁྲོད་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དགེ་བཤེས་ཚོས་ཆོས་ཀྱི་འཁོར་ལོ་སྐོར་གྱི་ཡོད་པ་མ་ཟད། ཁེ་ལས་པ་ཁག་གཅིག་གིས་བླ་མར་ཆོས་འཆད་ཉན་བྱེད་སའི་མཁར་དབང་ཉོས་ནས་གསུང་ཆོས་ཞུ་བཞིན་ཡོད་སྐོར་བཀོད་འདུག

ཡང་མི་མང་པོ་ཞིག་གིས་ཕྱུག་བདག་ཚོང་པ་དང་མིང་གྲགས་ཅན་ཚོས་ཁོ་རང་ཚོའི་རྒྱུ་ནོར་གཞན་གྱི་ལག་པར་ཤོར་བར་དོགས་ཏེ་བློ་འཚབ་སྐྱེ་བཞིན་ཡོད་སྟབས། ཁོ་ཚོས་དངོས་གྲུབ་གནང་མཁན་གྱི་རིན་པོ་ཆེ་དེ་འདྲ་བཙལ་ནས་རྐྱེན་ངན་དང་བར་ཆད་ཟློག་ཐབས་བྱེད་བཞིན་ཡོད་ཚུལ་སོགས་བརྗོད་འདུག

༢༠༡༤ ལོར་སུད་སིའི་རྒྱལ་སྤྱིའི་དཔལ་འབྱོར་ཞབས་ཞུ་ཁང་ Credit Suisse) ཞེས་པས་སྙན་ཐོ་ཞིག་བཏོན་པའི་ནང་། ༢༠༡༤ ལོར་འཛམ་གླིང་ཐོག་ཨ་སྒོར་ ༡༠༠༠༠ ནས་ ༡༠༠༠༠༠ བར་གྱི་རྒྱུ་ནོར་ཡོད་པའི་འབྱོར་འབྲིང་གྲལ་རིམ་པ་ཐེར་འབུམ་གཅིག་ལྷག་ཡོད་ཀྱང་། ༢༠༠༠ ལོ་ནས་རྒྱ་ནག་ནང་གི་འབྱོར་འབྲིང་གྲལ་རིམ་པ་ལྡབ་གཉིས་འཕར་ཏེ། ད་ལྟ་རྒྱལ་སྤྱིའི་འབྱོར་འབྲིང་གྲལ་རིམ་གྱི་མི་གསུམ་ཆ་གཅིག་རྒྱ་ནག་ནང་གནས་སྡོད་བྱེད་བཞིན་ཡོད་སྟབས། ད་ལྟ་རྒྱ་ནག་གི་འབྱོར་འབྲིང་གྲལ་རིམ་ནང་བླ་མར་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད་རྗེས་འཇུག་ཀྱང་མང་པོ་ཡོད། གང་ཡིན་ཟེར་ན་ཁོ་ཚོས་རྗེས་འཇུག་པ་ཚོའི་ཆོས་ཕྱོགས་ཀྱི་དགོས་མཁོ་བསྐངས་པ་དང་སེམས་ཀྱི་བདེ་བ་བསྐྲུན་པ་སོགས་བྱེད་ཀྱི་ཡོད་སྟབས། ཁོ་ཚོས་བླ་མ་ངོ་མ་དང་རྫུན་མ་གང་ཡིན་ཡང་དད་སེམས་བཅངས་ནས་བཀུར་བསྟི་ཞུ་གི་ཡོད་ཅེས་བཀོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན་རྨ་བྱ་དྲ་ཚིགས་ཐོག་ཆེད་བརྗོད་ཅིག་སྤེལ་ཡོད་པའི་ནང་། རྒྱ་ནག་ནང་བོད་པའི་བླ་མའམ་ “རིན་པོ་ཆེ་”མང་པོ་ཐོན་དགོས་དོན་ནི་འབྱོར་འབྲིང་གྲལ་རིམ་པ་ཚོར་སེམས་ཀྱི་བདེ་བ་བསྐྲུན་ཆེད་དམ། ཡང་ན་སྤྱི་ཚོགས་ནང་སྒེར་གྱི་གནས་བབ་མཚོན་ཆེད་གླས་པ་ཞིག་ཡིན། རྒྱ་ནག་གི་འབྱོར་འབྲིང་གྲལ་རིམ་པ་ཚོ་སྤྱི་ཚོགས་ཐོག་གོམ་པ་ཡར་འཛེགས་བྱེད་སྐབས། སེམས་ནང་གནོན་ཤུགས་མང་པོ་ཞིག་ཡོང་གི་ཡོད། ཁོ་ཚོས་སོ་སོའི་གནས་བབ་ལ་བློ་འཚབ་སྐྱེས་ཏེ་ཉམ་ཆུང་གི་རྣམ་པར་བརྫུ་དགོས་པ་ཚོར་ཏེ། གནའ་རབས་ཀྱི་ཕ་མེས་རིག་གཞུང་དག་ལ་དོ་སྣང་ཡོད་པ་གཞན་ལ་ངོམ་སོ་རྒྱག་པའམ་ར་འཕྲོད་བྱེད་ཀྱི་ཡོད་སྟབས། བརྩི་བཀུར་འོས་པའི་རིན་པོ་ཆེ་དག་ནི་ཁོ་ཚོའི་གནས་བབ་གཞན་ལ་གསལ་སྟོན་བྱ་ཆེད་ཀྱི་གདམ་ག་ཡག་ཤོས་དང་ལས་སླ་ཤོས་ཤིག་ཏུ་བརྩི་བཞིན་ཡོད་ཅེས་བཀོད་འདུག

ཉེ་ལམ་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱིས་ཕྱི་བསྒྲགས་བྱས་པ་ཞིག་ནང་། ༢༠༠༧ ལོ་བར་བོད་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ཁྲོད་བླ་སྤྲུལ་ངོ་མ་ ༡༧༠༠ ལས་མེད་སྐོར་བསྒྲགས་ཡོད་ཀྱང་། རྒྱ་ནག་གི་དྲ་ཐོག་ཁག་ཏུ་མིང་གྲགས་ཅན་གྱི་ཕྱུག་བདག་དང་ཁེ་ལས་མཁས་ཅན། འབྱོར་འབྲིང་གྲལ་རིམ་བ་བཅས་གནས་སྡོད་བྱ་ཡུལ་གྱི་པེ་ཅིན་གྲོང་ཁྱེར་ཁྲའོ་ཡཱང་ས་ཁུལ་ (Chaoyang) ཁོ་ནར་ “བག་མེད་ལོངས་སྤྱོད་བྱེད་མཁན་གྱི་བླ་སྤྲུལ་”དང་“རིན་པོ་ཆེ་རྫུན་མ” ༣༠༠༠༠ ཡོད་སྐོར་རྗོད་ཀྱིན་ཡོད་པ་མ་ཟད། ཁོ་ཚོ་ནི་རྒྱ་རིགས་ཕྱུག་བདག་དང་མིང་གྲགས་ཅན་ཚོའི་ཡིད་གདུང་སེལ་མཁན་གྱི་སྨན་མཆོག་ཅིག་ཡིན་ཚུལ་གྱི་འགྲེལ་བཤད་འདྲ་མིན་བརྒྱབ་ནས་ཀྱལ་ཀ་རྩེད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

མཆན། 7

  1. tsering gyaltso says:
    ལོ་ 8 སྔོན།

    གྲོགས་པོ་གནས་ཚང་ལགས།
    (རྙིང་མ་བའི་ནང་དུ་ཁག་ཅིག་གིས་་རིག་སྨན་བསྟེན་ཆོག་གི་ཡོད་པར་མ་ཟད།)
    འོ་ན་དགེ་ལུག་པའི་ནང་དུ་མེད་པ་འདྲ་བྱས་ན་པཎ་ཆེན་རིན་པོ་ཆེ་སྐུ་འཕྲིང་བཅུ་པ་ལ་སོགས་པ་ཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  2. གནས་ཚང་། says:
    ལོ་ 8 སྔོན།

    རྙིང་མ་བའི་ནང་དུ་ཁག་ཅིག་གིས་་རིག་སྨན་བསྟེན་ཆོག་གི་ཡོད་པར་མ་ཟད། ལོ་ངོ་སྟོང་ཕྲག་ལྷག་བརྒྱུད་ཡོང་པ་རེད་ལ། ཧ་ཅང་ཧང་སངས་མདོག་མ་གནང་།

    Reply
  3. གངས་ཀྱི་བུ་ཕྲུག says:
    ལོ་ 8 སྔོན།

    རྒྱ་ལྷ་རེད་དམ། བོད་ནང་དུ་རྒྱ་ལྷ་བྲིས་ཡོད་པ་མཐོང་ངམ། ངས་ནི་རྒྱ་བླ་བྲིས་ཡོད་པ་མང་དུ་མཐོང་། རྒྱ་ལྷ་བྲིས་ཡོད་པ་མཐོང་མ་བྱུང་།

    Reply
  4. གངས་ལྡོམ། says:
    ལོ་ 8 སྔོན།

    ཡང་དག་པའི་སངས་རྒྱས་ཀྱི་བསྟན་པར་ནག་ཐིག་འཐེན་མཁན་དང་།
    ནང་བའི་གད་སྙིགས་ངོ་མ་འདི་ཚོ་ཡིན།

    Reply
  5. ཁྱམས་འཇུགས་ says:
    ལོ་ 8 སྔོན།

    སེམས་ཞི་བདེ་སྐྲུན་ན་དེ་ག་རེད་དེ་འགྲན་སེམས་
    ཅང་དགོས་མེད་

    Reply
  6. བསམ་འཆར་། says:
    ལོ་ 8 སྔོན།

    སྐྱེ་སྲིད་རྒྱུར་དགའ་ཆེན་པོ་དང་ལྷ་དབང་ཕྱུག་ལྟ་བུ་འཁྲིག་སྤྱོད་ལས་ལ་བརྩོན་མཁན་མོར་དགའ་ནི་་མང་རུ་འགྲོ་ཡི་ཡོད་འདུག་གོ

    Reply
  7. བོད་ཀྱི་བུ། says:
    ལོ་ 8 སྔོན།

    དེང་སང་བོད་ཀྱི་ཆོས་ལུགས་མི་སྣ་ཚོས་བོད་འདི་བསྐྱལ་ས་ཞིག་ལ་བསྐྱལ་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist