མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་བར་འབྲེལ་ལམ་ཡག་པོ་ཡོང་མིན་བོད་དོན་འགྲིག་འཇགས་ཡོང་མིན་ལ་ཐུག་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན། རྒྱ་གར་གྱི་གསར་འགོད་པ་ཨ་ཇེ་ཛ་ཨ་ཤེ་རབ་(Ajaz Ashraf ) ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ནཱ་རེན་ཌ་མུ་དྷེའི་རྒྱ་ནག་ལ་སྐོར་སྐྱོད་དང་བོད་དོན་སྐོར་ལ་བཅར་འདྲི་ཞུས་ཡོད་པ་ཞིག་བོད་བསྒྱུར་བྱས་ཡོད།

དྲི་བ། ཉེ་ཆར་སྲིད་བློན་ནཱ་རེན་ཌ་མུ་དྷེ་རྒྱ་ནག་ནང་སྐོར་སྐྱོད་མ་བྱས་སྔོན་དང་བྱས་རྗེས་ལ། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་བོད་དོན་བོར་སོང་བ་ལྟ་བུ་ཆགས་ཡོད་སྟབས། ཁྱེད་རང་ལ་འདིའི་ཐད་བསམ་ཚུལ་གང་ཡོད་དམ།

ལན། རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་བོད་དོན་མ་གླེང་པར་ཁ་རོག་བསྡད་ཡོད་ཀྱང་། རྒྱ་ནག་གི་བརྒྱུད་ལམ་ཁག་གིས་རྒྱ་གར་སྲིད་བློན་མཆོག་རྒྱ་ནག་ནང་གཟིགས་སྐོར་མ་གནང་བའི་ཉིན་ཤས་གོང་ནས་གླེང་སློང་བྱས་ཡོད། ཁོ་ཚོས་སྲིད་བློན་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་ནང་བསྐྱོད་མཚམས་འཇོག་དགོས་པ་དང་། ༧གོང་ས་མཆོག་ལ་རྒྱབ་སྐྱོར་གནང་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡག་པོ་བྱུང་མིན་གྱི་རྩ་བ་དེ་བོད་དོན་ལ་ཐུག་ཡོད་པ་ཤེས་ཀྱི་ཡོད། 

དྲི་བ། ཁྱེད་ཀྱིས་བྱས་ན་རྒྱ་གར་གྱི་ཕྱི་སྲིད་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་དོན་གླེང་སློང་བྱས་ན་རྒྱལ་ཁབ་ཀྱི་ཁེ་ཕན་ལ་དོ་ཕོག་འགྲོ་གི་ཡོད་པའི་ལྟ་ཕྱོགས་ཤིག་བཟུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་དམ།

ལན། རྒྱ་ནག་གཞུང་གིས་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་སྲིད་གཞུང་ཁག་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་མི་རུང་བ་དང་། བོད་དོན་སྐོར་སྐད་ཆ་བཤད་མི་ཆོག་པའི་གནོན་ཤུགས་སྤྲོད་ཀྱི་ཡོད། ཡིན་ཡང་རྒྱ་དཀར་ནག་གཉིས་མཛའ་མཐུན་ཡོང་དགོས་ན་བོད་དོན་གླེང་སློང་མ་བྱས་པར་འགྲིག་འཇགས་ཡོང་ཐབས་མེད་པ་ཞིག་ཆགས་ཡོད།

དྲི་བ། འདས་ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་སྐབས། ལྡི་ལིར་གནས་སྡོད་བོད་མི་ཚོས་ངོ་རྒོལ་བྱས་ཡོད། ཉེ་ལམ་ནཱ་རེན་ཌ་མུ་དྷེ་རྒྱ་ནག་ནང་མ་བསྐྱོད་གོང་བོད་མི་ཚོས་ངོ་རྒོལ་མ་བྱས་པར་ཁ་རོག་སྡོད་དགོས་དོན་གང་ཡིན་ནམ།

ལན། བོད་པའི་སྤྱི་ཚོགས་ཀྱིས་རྒྱ་གར་གཞུང་གིས་རྒྱ་ནག་གཞུང་གིས་བོད་དོན་གཙོ་བོ་འཛིན་བཞིན་ཡོད་པ་ལྟར། རྒྱ་གར་གཞུང་གིས་རྒྱ་ནག་གཞུང་དང་གྲོས་མོལ་གནང་སྐབས་བོད་དོན་གཙོ་བོར་བཟུང་ནས་བཀའ་མོལ་གནང་དགོས་པའི་སྐུལ་ལྕག་མང་པོ་བཏང་ཡོད་སྟབས། བོད་མི་ཚོས་སྲིད་བློན་ནཱ་རེན་ཌ་མུ་དྷེས་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་སྐབས་བོད་དོན་གླེང་སློང་བྱ་རྒྱུའི་རེ་བ་བརྒྱབ་ཡོད།

དྲི་བ། ཉེ་ཆར་ནཱ་རེན་ཌ་མུ་དྷེ་རྒྱ་ནག་སྐོར་སྐྱོད་བྱས་པ་དེས་བོད་མིའི་རེ་བ་སྐོང་ཐུབ་ཡོད་དམ། གང་ལྟར་དེས་བོད་དོན་ཡར་སློང་རྒྱུར་སྐུལ་འདེད་གང་ཐུབ་ཡོད་དམ།

ལན། སྲིད་བློན་མུ་དྷེའི་ཕྱོགས་བསྐྱོད་དེ་ནི་ཚོང་འབྲེལ་གཙོ་བོ་ཡིན་སྟབས། ད་ལྟ་ང་ཚོས་ཁོང་གིས་བོད་མིའི་རེ་བ་བསྐངས་ཐུབ་ཡོད་མེད་ཤོད་རྒྱུའི་དུས་ལ་བབ་ཡོད་པ་མ་རེད། གང་ལྟར་ཡང་རྒྱ་གར་གྱི་ཁེ་ཕན་དེ་བོད་ཀྱི་ཁེ་ཕན་ཆགས་ཡོད་སྟབས། ངས་མུ་མཐུད་རྒྱ་གར་གཞུང་དམངས་གཉིས་ལ་བོད་དོན་གནད་དོན་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡག་པོ་འབྱུང་མིན་གྱི་སྙིང་པོ་དེ་ཡིན་པ་ནན་སྐུལ་བྱ་རྒྱུ་ཡིན།

དྲི་བ། ལྡི་ལི་དང་པེ་ཅིན་གྱིས་ལབ་གླེང་བྱེད་ས་གཙོ་བོ་སྟེ་ནང་ཆོས་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་མཚམས་སྦྱོར་མཁན་ཞིག་ཡིན་པ་བརྗོད་ཡོད་པ་རེད། ཡིན་ཡང་ད་ལྟ་བོད་ནང་དྲག་གནོན་སྲིད་བྱུས་དང་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་དག་ལ་གཞི་ལ་བཞག་ན། ཁྱེད་ཀྱིས་པེ་ཅིན་གྱིས་ནང་ཆོས་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་མཚམས་སྦྱོར་མཁན་ཞིག་ཡིན་སྐོར་སྨྲས་པ་དེ། རྫུ་བག་གྱོན་ནས་བརྗོད་པ་ཞིག་རེད་སྙམ་གྱི་འདུག་གམ།

ལན། རྒྱ་དཀར་དང་རྒྱ་ནག་གཉིས་བར་ནང་ཆོས་གཞི་ལ་བཞག་པའི་ཐུན་མོང་གི་འབྲེལ་བ་ཞིག་ཡོད། དུས་རབས་མང་པོའི་གོང་ནས་བོད་དང་རྒྱ་གར་བར་ལའང་ནང་ཆོས་དང་འབྲེལ་བ་ཞིག་ཆགས་ཡོད་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་སློབ་དང་རྒྱ་གར་གྱི་སློབ་དཔོན་བར་དགེ་སློབ་ཀྱི་འབྲེལ་བའང་ཡོད་པ་རེད། ༧གོང་ས་མཆོག་གིས་རྒྱུན་དུ་རྒྱ་གར་ནི་ང་ཚོའི་སློབ་དཔོན་ཡིན་པ་དང་ང་ཚོ་ནི་རྒྱ་གར་གྱི་དགེ་ཕྲུག་ཡིན་པའི་བཀའ་སློབ་མང་པོ་བསྩལ་ཡོད་པ་རེད། རྒྱ་གར་ནི་ལྷོ་ཨེ་ཤ་ཡའི་སྣེ་ཁྲིད་མཁན་གྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་མ་ཟད་འཛམ་གླིང་གི་མགོ་ཁྲིད་མཁན་ཞིག་ཀྱང་ཡིན་སྟབས། བོད་མིའི་ཐོབ་ཐང་ཚུད་པའི་རྒྱལ་ཁབ་གཞན་གྱི་ཐོབ་ཐང་དག་གོང་འཕེལ་གཏོང་རྒྱུའི་བཟང་སྤྱོད་ཀྱི་འགན་འཁུར་དགོས་པ་ཞིག་ཆགས་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན་འདས་པའི་ལོ་ ༥༦ རིང་རྒྱ་གར་ནི་སྐྱབས་བཅོལ་བོད་མིའི་བཀའ་དྲིན་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན།

དྲི་བ། ༢༠༠༩ ལོའི་ཟླ་གཉིས་པའི་ནང་བོད་རང་སྐྱོང་ལྗོངས་ནང་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་། ༢༠༡༣ ལོའི་ཟླ་ ༢ ཚེས་ ༣ ཉིན་བར་བོད་མི་ ༡༠༠ ཡིས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ད་ལྟ་ངོ་རྒོལ་གྱི་ཐབས་ལམ་འདི་མཇུག་བསྒྲིལ་ཡོད་དམ།

ལན། ད་བར་བོད་མི་ ༡༣༩ ཡིས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་འདི་ནི་བོད་མིའི་མགོ་ཁྲིད་ཀྱིས་བརྒྱུད་སྐུལ་བྱས་ནས་བྱུང་བ་ཞིག་ཡིན་པའི་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་ལངས་ཕྱོགས་བརྟན་པོ་བཟུང་སྟེ། གཞིས་ལུས་བོད་མི་ཚོས་རང་ལུས་མེར་བསྲེགས་མི་གནང་བའི་འབོད་སྐུལ་ཞུས་ཡོད་ཀྱང་། ཡིད་སྐྱོ་དགོས་པ་ཞིག་ལ་ད་བར་ཁོང་རྣམས་ཀྱིས་མཚམས་འཇོག་གནང་ཡོད་པ་མ་རེད། རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་ཕྱིར་ཕེབས་དགོས་པ་དང་། བོད་ནང་རང་དབང་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་རེད། བོད་ནང་གཞིས་ལུས་བོད་མི་ཚོས་རང་ལུས་མེར་བསྲེགས་གནང་དགོས་དོན་ནི་རྒྱ་ནག་གཞུང་གིས་ཁོ་ཚོའི་སེམས་ཀྱི་གདུང་བ་དང་ཞེ་འཁོན་ཆེ་རུ་གཏོང་རྒྱུའི་ངན་བྱུས་འདྲ་མིན་བཤམས་པར་བརྟེན་ནས་བྱུང་བ་ཞིག་ཡིན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཕམ་ཉེས་ཤུགས་ཆེ་འགྲོ་དགོས་དོན་ནི། བོད་མི་ཚོར་ཆབ་སྲིད་ཀྱི་དྲག་གནོན་དང་རིག་གཞུང་སྲེད་ལྷད། སྤྱི་ཚོགས་ཀྱི་དབྱེ་འབྱེད་དང་དཔལ་འབྱོར་གྱི་བཤུ་གཞོག ཁོར་ཡུག་གཏོར་བཤིག་བཅས་ལས་བྱུང་བ་ཞིག་ཡིན་སྟབས། དཀའ་ཉོག་དེ་དག་སེལ་རྒྱུའི་ཐབས་ལམ་པེ་ཅིན་ཁོ་ནར་ཡོད་རེད་མ་གཏོགས་གཞན་སུ་གང་ལའང་ཡོད་མ་རེད།

དྲི་བ། ད་ལྟ་བོད་ནང་ཆོས་རིག་གི་རང་དབང་ག་ཚོད་ཙམ་ཞིག་ལོངས་སྤྱོད་ཐུབ་ཀྱི་ཡོད་དམ།

ལན། རྒྱ་ནག་གཞུང་གིས་རྒྱ་རིགས་ངལ་རྩོལ་བ་གང་མང་བོད་ནང་གཞིས་ཆགས་དགོས་པའི་བརྒྱུད་སྐུལ་བྱས་ཏེ། བོད་མི་རྣམས་གྲངས་འབོར་ཆ་ནས་རྒྱ་རིགས་ཁྲོད་འཐིམ་བཅུག་གི་ཡོད། བོད་མི་ཚོ་དང་བོད་ཀྱི་གྲོང་ཁྱེར་ཁག་ཏུ་ལས་རྩོལ་བྱེད་བར་ཡོང་མཁན་གྱི་རྒྱ་རིགས་དག་བར་རིག་གཞུང་སྲེད་ལྷད་གཏོང་གི་ཡོད། ད་ལྟ་བོད་མི་རྣམས་སོ་སོའི་རྒྱལ་ཁབ་ནང་མི་སེར་གཉིས་པར་འགྱུར་བཞིན་ཡོད་པ་མ་ཟད། བོད་ནང་གི་དགོན་པ་དང་ལྷ་ཁང་ཁག་ཀྱང་བཙན་ཤེད་ཀྱིས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་བྱ་ཡུལ་གྱི་ལྟེ་གནས་ཤིག་ཏུ་འགྱུར་ཐབས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དག་ཀྱང་སྤྲོད་ཀྱི་མེད། 

དྲི་བ། ལོ་སྔོན་མ་ཞི་ཅིན་ཕིན་རྒྱ་གར་ལ་འབྱོར་སྐབས། ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་བ་ཚོར་ “བོད་ཀྱི་དཀའ་ཉོག་ནི་རྒྱ་གར་གྱི་དཀའ་ཉོག་ཅིག་ཀྱང་ཆགས་ཡོད”ཅེས་དྲན་སྐུལ་གནང་ཡོད་སྟབས། ཁྱེད་ཀྱིས་ཏཱ་ལའི་བླ་མ་མཆོག་གིས་ག་རེ་གསུང་གི་ཡོད་མེད་ཐད་འགྲེལ་བཤད་ཞིབ་ཚགས་ཤིག་བསྐྱོན་ན་འགྲིག་གམ།

ལན། ངས་༧གོང་ས་མཆོག་གིས་བོད་ཀྱི་དཀའ་ཉོག་ནི་རྒྱ་གར་གྱི་དཀའ་ཉོག་ཅིག་ཀྱང་ཆགས་ཡོད་པ་གསུངས་པ་དེར་མཐའ་གཅིག་ཏུ་མོས་མཐུན་ཞུ་བཞིན་ཡོད། ༡༩༥༩ ལོའི་སྔོན་ལ་རྒྱ་དཀར་ནག་གཉིས་བར་ཐུན་མོང་གི་ས་མཚམས་གང་ཡང་མེད། སྐབས་དེར་བོད་ནི་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་གནས་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། ད་ལྟ་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་ཉོག་ཞི་འཇགས་དང་མཛའ་མཐུན་གྱི་འབྲེལ་ ལམ་ཞིག་དགོས་ཚེ། བོད་དོན་གནད་དོན་ཐག་གཅོད་མ་བྱས་པར་ཡ་མེད་བཏང་བ་དང་གཡོལ་ནས་སྒྲུབ་ཐབས་བྱ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད།  

དྲི་བ། གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཡོངས་ཁྱབ་གཏམ་བཤད་ནང་། ཁྱེད་ཀྱིས་རྒྱ་རིགས་མཁས་པ་ཞིག་གིས་དེང་སང་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ལས་རྒྱ་རིགས་མང་བ་དང་གྲྭ་པ་ལས་ཉེན་རྟོག་པ་མང་བ། ཁང་པའི་སྒེའུ་ཁུང་ལས་སོ་ལྟའི་པར་ཆས་མང་བ་འདུག་ཅེས་བྲིས་ཡོད་པ་ལུང་དྲངས་ཡོད་པས། ཁྱེད་ཀྱིས་ང་ཚོར་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གང་འདྲ་བྱེད་ཀྱི་ཡོད་མེད་འགྲེལ་བརྗོད་ཅིག་གནང་ན་འགྲིག་གམ།

ལན། ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་པོ་བྱུང་བ་དང་ད་ལྟ་རང་ལུས་མེར་བསྲེགས་གནང་ནས་ངོ་རྒོལ་བྱེད་བཞིན་ཡོད་སྟབས། བོད་ནང་སུས་ཀྱང་མཐོང་ཆོས་དཀའ་བའི་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། གྲོང་ཁྱེར་གྱི་ལྟེ་བ་ཁག་ཏུ་ཞིབ་བཤེར་ས་ཚིགས་དུ་མ་བཙུགས་ཏེ། བོད་མི་ཚོ་ཡར་འགྲོ་མར་འགྲོ་བྱ་རྒྱུར་དམ་དྲག་ཆེ་རུ་བཏང་ཡོད། དེ་ཡང་བོད་མི་ཚོའི་ངོ་སྤྲོད་ལག་ཁྱེར་ནང་ཚད་མཐོའི་མི་རབས་གཉིས་པའི་འཕྲུལ་ཆས་མ་ལག་ (Chips) ཟེར་བ་ཞིག་བླུགས་ཏེ། ཁོ་ཚོར་བར་མཚམས་མེད་པར་བྱ་ར་བྱེད་ཀྱི་ཡོད། བོད་མི་ཞིག་གིས་དམའ་འབེབས་རང་བཞིན་ཅན་གྱི་བྱ་སྤྱོད་འདིར་འགྲེལ་བརྗོད་ཅིག་བྱས་ཡོད་པ་ནི། “ཁྱེད་ཀྱི་ངོ་སྤྲོད་ལག་ཁྱེར་ནི་ཁྱེད་ཀྱི་གྲིབ་གཟུགས་ལྟར་ཡིན། གལ་སྲིད་དེ་མེད་པ་ཡིན་ན་ཁྱེད་རང་འགྲོ་སྐྱོད་ཐུབ་ཀྱི་མ་རེད།”ཅེས་བརྗོད་ཡོད། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཀྱང་བོད་ནི་དམག་ས་ཞིག་ཀྱང་འདྲ་པོ་འདུག་འགྲེལ་བརྗོད་བྱས་ཡོད། 

དྲི་བ། བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་རྒྱ་ནག་གཞུང་གིས་ཡ་ལན་གང་འདྲ་བསློགས་ཡོད་དམ། 

ལན། དབུ་མའི་ལམ་གྱི་སྲིད་བྱུས་ནི་༧གོང་ས་མཆོག་གིས་བཏོན་གནང་མཛད་པ་ཞིག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དམངས་གཙོའི་འགྲོ་ལུགས་ལྟར་མང་མོས་འོས་བསྡུ་བྱས་ནས་གཏན་ལ་ཕབ་པ་ཞིག་ཆགས་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་ད་ཡོད་གནས་བབ་དང་རང་བཙན་གཉིས་བར་མཐའ་གཉིས་སུ་མ་ལྷུང་བའི་གཉིས་ཕན་ཐབས་ལམ་ཞིག་ཆགས་ཡོད། དབྱེ་བ་དང་པོ་དེས་བོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་གཏོང་རྒྱུ་མིན་པར། ད་ལྟ་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་དྲག་གནོན་དང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འཛིན་བཞིན་པ་དག་ལ་ངོས་ལེན་བྱ་རྒྱུ་མིན་པ་དེ་ཡིན། ང་ཚོས་རྩོད་བཞིན་པའི་དོན་དམ་རང་སྲིད་རང་སྐྱོང་ཞེས་པ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གནས་བབ་དེ་ཆགས་ཡོད་སྟབས། འདིའི་ནང་ཚུད་མཁན་ཚང་མར་ཁེ་ཕན་གཅིག་མཚུངས་ཡོད་པ་མ་ཟད། རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱུ་མཚན་ལྡན་པ་ཞིག་ཡིན་པ་ཁས་ལེན་བྱས་ཡོད། 

དྲི་བ། རྒྱ་ནག་གཞུང་གིས་བོད་དོན་འབྲེལ་མོལ་ཕྱིར་འགྱངས་བྱེད་དགོས་དོན་ནི་༧གོང་ས་མཆོག་སྐུ་གཤེགས་རྒྱུར་བསྒུག་སྟེ། ཁོང་གི་ཚབ་ཏུ་རང་མོས་འོས་མི་ཞིག་བདམས་ནས་ཁོ་ཚོའི་འདོད་མོས་ལྟར་བོད་དོན་ཐག་གཅོད་ཐུབ་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་སྟབས། ཁྱེད་ཀྱིས་ཁོ་ཚོའི་ཆབ་སྲིད་འཁྲབ་སྟོན་དེ་བསྒྲུབ་ཀྱི་རེད་བསམ་གྱི་འདུག་གམ།

ལན། ༧གོང་ས་མཆོག་གི་ཡང་སྲིད་རྩད་གཅོད་བྱ་རྒྱུ་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་པ་མ་ཟད། དེ་ནི་བོད་མི་ཁོ་ནར་འབྲེལ་བ་ཆགས་ཡོད་སྟབས། རྒྱ་ནག་དམར་ཤོག་ཚོགས་པས་སྐུའི་ཡང་སྲིད་གདམ་རྒྱུ་ཡིན་ཚུལ་བརྗོད་པ་དེ་ནི་བགད་མོ་ཤོར་དགོས་པ་ཞིག་རེད། ༧གོང་ས་མཆོག་གིས་དུས་རྒྱུན་དུ་བོད་དོན་གནད་དོན་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཆགས་ཡོད་པ་གསུངས་ཡོད་སྟབས། ཇི་སྲིད་བོད་མིའི་ཐོབ་ཐང་དང་ཆེ་མཐོང་སླར་གསོ་མ་ཐུབ་བར་དེ་སྲིད་བོད་དོན་གནས་ཀྱི་རེད། 

གསར་འགོད་པ། དོན་གྲུབ།

 

མ་ཡིག་གི་འབྲེལ་ཐག http://scroll.in/article/729279/tibetan-pm-warns-that-india-and-china-cant-sidestep-his-country-if-they-aim-for-peaceful-ties

 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist