མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒན་གསོ་ཁང་ཞིག་ལ་མེ་ཤོར།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་རྒྱ་ནག་ཧྥིན་ཏིང་ཧྲན་གྲོང་ཁྱེར་གྱི་རྒན་གསོ་ཁང་ཞིག་ལ་གློ་བུར་མེ་སྐྱོན་ཤོར་ཏེ་མི་ ༣༨ འདས་གྲོངས་སུ་ཕྱིན་ཡོད་འདུག

མདང་དགོང་རྒྱ་ནག་ཧེ་ནན་ཞིང་ཆེན་ཧྥིན་ཏིང་ཧྲན་གྲོང་ཁྱེར་གྱི་སྒེར་གཉེར་རྒན་གསོ་ཁང་ཞིག་ལ་གློ་བུར་མེ་སྐྱོན་ཤོར་ཏེ། མི་ ༣༨ གྲོངས་ཡོད་པ་དང་མི་ ༦ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་མ་ཟད། རྐྱེན་འདས་སུ་སོང་བའི་མི་དག་གི་ལུས་པོ་མང་ཆེ་བ་མེས་འཚིགས་ནས་སུ་ཡིན་མིན་ངོ་རྟགས་ཆོད་ཁག་པོ་ཆགས་ཡོད་འདུག

རྒྱ་ནག་ཤིན་ཧྭ་གསར་ཁང་གིས། “མདང་དགོང་ཧྥིན་ཏིང་ཧྲན་གྲོང་ཁྱེར་གྱི་སྒེར་གཉེར་རྒན་གསོ་ཁང་ཞིག་ལ་མེ་ སྐྱོན་ཤོར་ཏེ། རྒན་འཁོགས་མང་པོ་གྲོངས་ཡོད་པ་མ་ཟད། ཁོ་ཚོ་མེས་འཚིགས་ནས་སུ་ཡིན་མིན་ངོ་རྟགས་ཆོད་ཀྱི་མེད་སྟབས། རྒྱ་ནག་གཞུང་གིས་ཞིང་ཆེན་སྲིད་གཞུང་ལ་གནས་ཚུལ་དེ་ཐག་གཅོད་ཡག་པོ་བྱེད་དགོས་པའི་བཀའ་བཏང་ཡོད་པ་རེད།”ཅེས་དང་། མེ་སྐྱོན་ཁྲོད་ཚེ་སྲོག་ཐར་མཁན་ལོ་ན་ ༨༢ ལ་སོན་པ་ཀྲའོ་ཡུ་ལན་ (Zhao Yulan) གྱིས། “ང་དང་ཉལ་ཁང་གཅིག་པའི་སྡོད་རོགས་ ༡༡ ཡོད་པ་ལས་ང་དང་རོགས་པ་ཞིག་སྲོག་ཉེན་ལས་ཐར་ཐུབ་ཙམ་བྱུང་ཡོད་པ་མ་གཏོགས། གཞན་རྣམས་མེ་སྐྱོན་ཁྲོད་འདས་གྲོངས་ཕྱིན་སོང་།”ཅེས་བརྗོད་འདུག

༢༠༡༥ ལོའི་ཟླ་ ༢ ནང་ཀོང་ཏུང་ཞིང་ཆེན་ཧུ་ཏུང་གྲོང་ཁྱེར་གྱི་དགུ་ཚིགས་ཁྲོམ་རྭ་ཞིག་ཏུ་ལོ་དགུ་ཅན་གྱི་ཕྲུ་གུ་ཞིག་གིས་ཤོག་སྦག་སྤར་བའི་མེ་སྐྱོན་བྱུང་ནས་མི་ ༡༧ བསད་པ་དང་། ༢༠༡༣ ལོར་རྒྱ་ནག་བྱང་ཤར་གྱི་གྲོང་བརྡལ་ནང་རྟེན་གཞི་བྱས་པའི་བྱ་གསོ་ཁང་གི་དོ་དམ་པ་ཞིག་གིས་ལས་མི་ཚོ་གསང་སྤྱོད་ལ་འགྲོ་རུ་མ་བཅུག་པར་སྒོ་བརྒྱབ་ནས་ལས་ཀ་སྐུལ་ཡོད་སྟབས། བཟོ་གྲྭ་མེས་འཚིགས་ནས་ལས་མི་ ༡༡༩ འདས་གྲོངས་ཕྱིན་ཡོད། ༢༠༡༣ ལོར་ཧེ་ལོན་ཅང་གི་སྨན་ཁང་ཞིག་ནང་སྨན་ཁང་དོ་དམ་པ་དང་ནད་པ་བར་དངུལ་གྱི་རྩོད་ཉོག་བྱུང་སྟེ། ནད་པ་དེས་སྨན་ཁང་ལ་མེས་བརྒྱབ་ནས་ནད་པ་ ༡༡ བསད་ཡོད་པ་དང་། ༢༠༡༥ ལོའི་ཟླ་ ༢ ནང་ཧུ་ནན་གྱི་སྨན་ཁང་ཞིག་ནང་ལས་མི་དང་སྨན་ཁང་དོ་དམ་བར་ཁ་རྩོད་ཤོར་ཏེ། ལས་མི་དེས་མི་ ༣ བསད་པ་དང་། མི་ ༡༥ ལྷག་ལ་རྨས་སྐྱོན་བཏང་ཡོད།

མདང་དགོང་མེ་སྐྱོན་ཤོར་བའི་རྒྱ་ནག་ཧྥིན་ཏིང་ཧྲན་གྲོང་ཁྱེར་གྱི་རྒན་གསོ་ཁང་དེའི་ནང་ཁྱོན་རྒན་འཁོགས་ ༥༡ ཡོད་འདུག་པ་དང་། རྒྱ་ནག་གཞུང་གིས་རྟོག་ཞིབ་ཚོགས་ཆུང་མངགས་ཏེ་དོན་རྐྱེན་དེ་སུས་བྱས་ཡོད་མེད་བརྟག་དཔྱད་གཏོང་བཞིན་ཡོད་འདུག དེ་རིང་ཞི་ཅིན་ཕིན་གྱིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཐོག ད་ལྟ་རྒྱ་ནག་གཞུང་གི་ཉེན་སྐྱོབ་རུ་ཁག་གིས་རྨས་མ་དང་འདས་པོ་བ་ཚོའི་ནང་མིར་རོགས་རམ་བྱས་ཏེ། ཁོ་ཚོའི་སེམས་ཀྱི་རྨ་ཁ་གང་ཐུབ་གསོ་ཐབས་བྱེད་བཞིན་བརྗོད་འདུག

ཟླ་འདིའི་ཚེས་ ༢༦ ཉིན་རྒྱ་གར་དུས་བབ་དང་ཡཱ་ཧོ་གསར་ལམ་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་ནང་བཟོ་གྲྭ་དང་སྡོད་ཁང་། སློབ་གྲྭ་སོགས་ལ་མེ་སྐྱོན་ཤོར་གྱི་ཡོད་པ་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་དོན་རྐྱེན་དེ་དག་སེལ་ཐབས་མ་བྱས་པར་སྣང་མེད་བཏང་ནས་འཇོག་གི་ཡོད་པ་མ་ཟད། ཚོང་པ་དང་ཕྱུག་བདག་རྒྱུ་ཆེན་ཚོས་དངུལ་སྤྲད་ནས་ལྐོག་ཟ་རུལ་སུངས་ཅན་གྱི་མགོ་ཁྲིད་དང་ལས་བྱེད་བ་ཚོ་བསླུས་ནས་གནས་ཚུལ་འགེབ་སྲུང་བྱེད་བཞིན་ཡོད་སྟབས། ད་ལྟ་རྒྱ་ནག་ནང་མེ་སྐྱེན་དེ་འདྲ་རྒྱུན་ཆད་མེད་པར་བྱུང་བཞིན་ཡོད་སྐོར་བཀོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༩ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese