མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིན་ཝིན་ཆིན་གྱི་གོ་གནས་རྗེས་མ་ག་རེ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་གཙོ་གཞོན་པ་ཁྲིན་ཝིན་ཆིན་གྱིས་མུ་མཐུད་ལས་འཁུར་ཞུ་རྒྱུ་མིན་པའི་ཐད་སྲིད་གཞུང་གིས་བཀའ་ཁྲོལ་ཐོབ་ཡོད་ཟེར།

གཟའ་ཟླ་བའི་ཉིན། རྒྱ་གཞུང་དབུས་སྒྲིག་ཁྲིམས་ཞིབ་བཤེར་དྲ་བའི་སྟེང་བསྐྱར་དུ་ཁྲིན་ཝིན་ཆིན་ (Chen Wenqing) གྱི་གནས་ཚུལ་ཁ་སྐོང་བྱས་པའི་ནང་། ༢༠༡༥ ལོའི་ཟླ་ ༤ པ་ནས་སྲིད་གཞུང་གིས་བློ་མཐུན་ཁྲིན་ཝིན་ཆིན་གྱིས་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་མགོ་གཙོ་གཞོན་པའི་གོ་གནས་མུ་མཐུད་འཁུར་རྒྱུ་མིན་པའི་བཀའ་ཁྲོལ་ཐོབ་ཡོད། ཆེས་ཁྱབ་བསྒྲགས་བྱས་ཡོད་འདུག

གནས་ཚུལ་དེ་ཐོན་པ་མ་ཐག་དྲ་ལམ་ཁག་ཏུ་ཁྲིན་ཝིན་ཆེན་བསྐྱར་དུ་གླེང་མགོ་བརྩམས་ཡོད་ཅིང་། ཁྲིན་ཝིན་ཆིན་གྱིས་གོ་གནས་ནས་དགོངས་པ་ཞུས་ཡོད་པ་གསལ་བསྒྲགས་སྤེལ་བ་ཙམ་ལས། ཁོ་ལ་གོ་གནས་གསར་པ་གང་ཞིབ་སྤྲད་ཡོད་མེད་འཁོད་མེད་པ་དེ་རྒྱུན་ལྡན་ཞིག་མིན་སྐོར་དང་། ཁྲིན་ཝིན་ཆིན་གྱི་མིང་ཐོ་ད་དུང་རྒྱ་ནག་གི་སྐབས་བཅོ་བརྒྱད་པའི་དབུས་སྒྲིག་ཁྲིམས་ཨུ་ཡོན་གྱི་མིང་ཐོའི་ཁྲོད་ལྷག་ཡོད་པ་དེ་གང་ཡིན་ནམ་ཟེར་བ་སོགས་ཀྱི་གླེང་སློང་བྱུང་ཡོད།

གནས་ཚུལ་དེའི་ནང་དབྱེ་ཞིབ་བྱས་པར། ཉེ་བའི་ལོ་གཉིས་ནང་དབུས་བདེ་འཇགས་ལྷན་ཁང་དུ་དོན་རྐྱེན་མུ་མཐུད་བྱུང་ཡོད་པ་དང་། བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་ལའུ་ཀྲོན་ཝེ་ (Lu Zhongwei) ཡི་དྲུང་ཡིག་གིས་ཨ་རིའི་གསང་བའི་ལས་ཁུངས་ལ་ལྐོག་རྔན་སྤྲད་པ་དང་། པེ་ཅིན་གྲོང་ཁྱེར་བདེ་འཇགས་ལྷན་ཁང་གི་འགན་འཛིན་ལེང་ཁེ་ (Liang Ke) ཡིས་ཀྲུའུ་ཡོན་ཁཱང་གི་ཆེད་དུ་རྒྱ་གཞུང་མཐོ་རིམ་དཔོན་རིགས་ཚོའི་ནང་མོལ་ལ་ལྐོག་ཉན་བྱས་པ། རྒྱ་ནག་བདེ་འཇགས་ལྷན་ཁང་གི་འགན་འཛིན་གཞོན་པ་མཱ་ཅན་གྱིས་དབང་ཚད་བེད་སྤྱད་དེ་ཚོང་འབྲེལ་གྱི་ཁེ་ཕན་བླངས་པ་སོགས་ཀྱི་གནས་ཚུལ་དེ་དག་ཕྱི་གྱར་བྱུང་སྟབས། ཞི་ཅིན་ཕིན་གྱིས་བཟོད་སྒོམ་མ་ཐུབ་པར་ཐོག་མར་རྒྱལ་ཡོངས་བདེ་འཇགས་གཙང་སེལ་བྱ་རྒྱུའི་ཐག་གཅོད་བྱས་པ་རེད། ཡིན་ན་ཡང་སི་ཁྲོན་བདེ་འཇགས་ལྷན་ཁང་དུ་ལོ་ ༨ ལྷག་ལ་ལས་ཀ་བྱས་པའི་ཁྲིན་ཝིན་ཆིན་ཕལ་ཆེར་ཕྱིར་རྒྱ་ནག་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགན་འཛིན་གོ་གནས་ཁུར་སྲིད། ཅེས་སོགས་འཁོད་འདུག

ད་ལྟའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགན་འཛིན་གེན་ཧའུ་ཁྲུང་ (Geng HuiChang) ལོ་རྗེས་མའི་ཕྱི་ཟླ་ ༡༡ བའི་ནང་ལོ་ ༦༥ ཟིན་གྱི་ཡོད་སྟབས་རྒན་ཡོལ་ཞུ་དགོས་ཀྱི་ཡོད་ཀྱང་། ཁོ་དང་ཀྲུའུ་ཡོན་ཁཱང་གཉིས་ལ་ལྐོག་གྱུར་གྱི་འབྲེལ་བ་མང་པོ་ཡོད་པ་དང་། ཀྲུའུ་ཡོན་ཁཱང་ལ་གནད་དོན་མ་བྱུང་སྔོན་ལ་གེན་ཧའུ་ཁྲུང་དང་མཉམ་དུ་རྒྱལ་ཁབ་མང་པོར་སྐོར་སྐྱོད་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་གླེང་སློང་བྱུང་བར་བརྟེན་ཏེ། ཁོས་རྒན་ཡོལ་དུས་ཚོད་མ་བསླེབས་སྔོན་ལ་རང་འགུལ་གྱིས་དགོངས་ཞུ་བྱས་ཏེ། ཟླ་འདིའི་ཚེས་ ༡༩ ཉིན་པེ་ཅིན་དུ་རྒྱ་ཡོངས་བདེ་འཇགས་ལྷན་ཁང་གིས་ལས་དོན་མཇུག་སྡོམ་ཚོགས་འདུ་ཞིག་བསྐོངས་སྐབས། གེན་ཧའུ་ཁྲུང་འགན་འཛིན་ཡིན་ཡང་ཚོགས་ཞུགས་བྱས་མེད་སྟབས། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཞིན་ཧྭ་ཧྲི་དང་ཀྲུང་དབྱངས་བརྙན་འཕྲིན་སོགས་ཀྱིས་བདེ་འཇགས་འགན་འཛིན་གྱི་མིང་ཡང་གླེང་མེད་པ་དང་། དེ་ལས་ལྡོག་སྟེ་སྤྱི་བདེ་ལས་ཁང་གི་འགན་འཛིན་ཀོའུ་ཧྲིན་ཁོན་ཚོགས་བཞུགས་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་འདུག

ཁ་སང་ཞཱིན་ཐང་རིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོགས་སུ་ཁྲིན་ཝིན་ཆིན་ནི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགན་འཛིན་གོ་གནས་ལ་བཞུགས་རྒྱུ་དེ་ཧ་ཅང་འོས་འཚམས་ཡིན། རྒྱ་ནག་སྐབས་ ༡༨ པའི་ནང་ཁྲིན་ཝིན་ཆིན་གྱིས་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་གཙོ་གཞོན་པའི་འགན་ཁུར་ཡོད་པ་དང་། ཀྲུའུ་ཡོན་ཁཱང་གི་གྱོད་དོན་ཚོགས་ཆུང་གི་མི་སྣ་ཞིག་ཡིན་པ་མ་ཟད། ཁོ་རང་གིས་དངོས་སུ་ཀྲུའུ་ཡོན་ཁཱང་གི་གྱོད་དོན་ལ་ཞིབ་བཤེར་བྱས་ཡོད། ཆེས་བརྗོད་ཡོད་ཀྱང་། མི་ཁ་ཤས་ཀྱིས་ཁྲིན་ཝིན་ཆིན་གྱིས་སི་ཁྲོན་ནས་ལས་ཀ་བྱས་སྐབས། ཀྲུའུ་ཡོན་ཁཱང་གིས་སི་ཁྲོན་ཞིང་ཆེན་ཨུ་ཡོན་མགོ་གཙོ་ཡིན་པས་ཁོ་གཉིས་ལ་འབྲེལ་བ་ཡོད་སྟབས། ཁྲིན་ཝིན་ཆིན་གོ་གནས་དགོངས་པ་ཞུས་པ་དེ། ཝང་ཆི་ཧྲན་གྱིས་ཁྲིན་ཝིན་ཆིན་ཁོའི་ཕྱག་རོགས་བྱ་རྒྱུར་ཡིད་ཆེས་མེད་པ་དང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་དུ་ཀྲུའུ་ཡོན་ཁཱང་གི་བག་ཆགས་གཙང་སེལ་བྱས་པ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཡང་དབྱེ་ཞིབ་པ་ཚོས་ཕྱོགས་གཉིས་ནས་གླེང་སློང་བྱེད་པའི་གནས་ཚུལ་འདིས། ཁྲིན་ཝིན་ཆིན་ནི་རྒྱ་ནག་གུང་ཁྲན་ཏང་ནང་གི་རྩོད་གཞི་ཆེ་བའི་མི་སྣ་ཞིག་ཡིན་པ་དང་། ཉེ་ཆར་ཁྲིན་ཝིན་ཆིན་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་དུ་ལས་ཀ་བྱེད་བཞིན་པའི་གནས་ཚུལ་ཙམ་ཐོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོའི་ལས་གནས་ད་དུང་ཡོངས་ཁྱབ་གསལ་བསྒྲགས་བྱས་མེད་པ་འདི་ནི་ཧ་ཅང་ལྐོག་གྱུར་དང་ཚོད་དཔག་བྱེད་དཀའ་བའི་གནས་ཚུལ་ཞིག་ཆགས་འདུག ཅེས་སོགས་བརྗོད་འདུག

 ཁྲིན་ཝིན་ཆིན་ནི་སི་ཁྲོན་རིན་ཧྲའོ་ནས་ཡིན་པ་དང་ད་ལྟ་ལོ་ ༥༥ ཡིན་འདུག ལྷོ་ནུབ་ཆབ་སྲིད་སློབ་ཆེན་ནས་མཐར་ཕྱིན་ཞིང་། སི་ཁྲོན་སྤྱི་བདེ་ལས་ཁུངས་སོགས་སུ་ལོ་ ༡༠ རིང་ལས་ཀ་བྱས་ཡོད་པ་དང་། ༡༩༩༤ ལོ་ནས་སི་ཁྲོན་ཞིང་ཆེན་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་དུ་ལོ་ ༨ རིང་འགན་འཛིན་གཞོན་པ་དང་འགན་འཛིན་བྱས་ཡོད་འདུག ༢༠༠༢ ལོར་སི་ཁྲོན་ཞིང་ཆེན་ཞིབ་དཔྱོད་ཁང་གི་འགན་འཛིན་དུ་སྤོ་ཡོད་པ་དང་། ༢༠༠༦ ལོར་ཧྥོ་ཅན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་གཙོ། ༢༠༡༢ ལོའི་ཟླ་ ༡༡ ནང་ལ་པེ་ཅིན་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་མགོ་གཙོ་གཞོན་པའི་གོ་གནས་འཁུར་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༠ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese