མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་༧གོང་ས་མཆོག་གིས་སློབ་ཕྲུག་ཚོར་བཀའ་ཆོས་བསྩལ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དྷ་སྟེང་བོད་ཁྱིམ་དུ་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་ཐེངས་ ༩ པ་དབུ་འཛུགས་ཐོག ༧གོང་ས་མཆོག་གིས་སློབ་ཕྲུག་ཚོས་རང་དབང་ལུང་པའི་ནང་སོ་སོའི་ཆོས་དང་རིག་གཞུང་གཅེས་འཛིན་ཐད་འཁུར་ཆེན་པོ་ལེན་དགོས་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཙམ་ལ་དྷ་སྟེང་བོད་ཁྱིམ་གྱི་ལག་རྩེད་སྤོ་ལོ་ཐང་དུ། བོད་ཁྱིམ་དང་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་གི་ནང་ཆོས་ངོ་སྤྲོད་ཐེངས་ ༩ པ་དབུ་འཛུགས་གནང་སོང་བ་དང་། གསུང་ཆོས་དབུ་འཛུགས་ཐོག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གི་དབུས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་མཆོག དེ་བཞིན་ལྷན་ཁང་ཁག་ཅིག་གི་དྲུང་ཆེ་ཆུང་འགའ་དང་། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་རྒན་ཚེ་དབང་ཡེ་ཤེས་ལགས་ཀྱིས་གཙོས་བོད་ཁྱིམ་ཁག་གི་དགེ་ལས་སློབ་ཕྲུག་དང་། ཤེས་རབ་དགའ་ཚལ་གླིང་དང་སྨན་རྩིས་ཁང་མཐོ་སློབ་སོགས་ཀྱི་སློབ་ཕྲུག གཞན། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༤༠༠༠ ཡས་མས་འཛོམས་འདུག་ལ། ནང་ཆོས་ངོ་སྤྲོད་ཀྱི་ཐོག་མར་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱི་སློབ་མ་ཚོས་མཐར་ཕྱིན་ཆོས་རྩོད་སྐར་མ་ ༡༠ དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཁག་ཅིག་གིས་བདེན་པ་བཞིའི་སྐོར་ལ་ཆོས་རྩོད་བཅས་བྱས་རྗེས་ནང་ཆོས་ངོ་སྤྲོད་དབུ་འཛུགས་གནང་སོང་།

༧གོང་ས་མཆོག་གིས་སློབ་ཕྲུག་ཚོས་རང་དབང་ལུང་པའི་ནང་རང་དབང་གི་ཐོག་ནས་བསླབ་པ་སློབ་གཉེར་མཐར་ཕྱིན་པ་གནང་དགོས་པའི་སྐོར་ལ་བཀའ་སློབ་གནང་དོན། བོད་ཀྱི་ཆོས་དང་རིག་གཞུང་བཅས་མི་རིགས་ཀྱི་རྐང་འཛིན་མཁན་དེ་ཁྱེད་རང་ཚོ་ཆགས་བསྡད་ཡོད་པ་དང་། བོད་ནང་གི་བོད་མི་ཚོར་ལྷག་བསམ་དང་སེམས་ཤུགས། མི་རིགས་ཀྱི་ལར་ཞེན་ཧ་ལས་པ་ཡིན་ཡང་། རང་དབང་ཡོད་པ་མ་རེད་ལ་གོ་སྐབས་ཀྱང་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་ནི་རང་དབང་ལྡན་པ་ཞིག་བྱུང་ན། སོ་སོའི་སྒྲུབ་ཐུབ་པའི་ཆ་རྐྱེན་རྣམས་རང་དབང་གི་ཐོག་ནས་སྒྲུབ་ཐུབ་པ་ཞིག་ཡིན་སྟབས། རང་དབང་ཟེར་བ་དེ་རྩ་ཆེན་པོ་ཞིག་ཏུ་རྩིས་ནས་ང་ཚོ་རང་དབང་ལུང་པའི་ནང་སྐྱབས་བཅོལ་དུ་བསླེབས་པ་རེད། རང་དབང་ལུང་པའི་ནང་སློབ་སྦྱོང་དང་ཚོད་ལྟ་སོགས་གང་དང་གང་ཡིན་ཡང་རང་དབང་གི་ཐོག་ནས་བྱེད་ཐུབ་ཀྱི་ཡོད་པ་རེད། བོད་མི་རིགས་ཟེར་བ་འདི་མི་རབས་ནས་མི་རབས་ཏུ་འདུག་དགོས་པས། ཁྱེད་རང་ཚོའི་མི་རབས་འདི་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་པས། རྒྱ་ཆེ་ས་དང་ཕུགས་རྒྱང་རིང་ས་ནས་བསམ་བློ་གཏོང་རྒྱུ་དཔེ་གལ་ཆེན་པོ་རེད། ངའི་མི་རབས་འདི་ལྟར་རིམ་གྱིས་རྫོགས་འགྲོ་ངེས་རེད། རྗེས་མ་ཁྱེད་རང་ཚོས་ང་ཚོ་ལོ་གཞོན་པའི་སྐབས་སུ་༧རྒྱལ་བ་རིན་པོ་ཆེས་དེ་འདྲ་དེ་འདྲ་ལབ་ཀྱི་ཡོད་ཟེར་ནས་སེམས་ལ་དྲན་པ་བྱ་རྒྱུ་དང་། ཡང་ཁྱེད་རང་ཚོ་རྒད་པོ་རྒན་མོ་ཆགས་ཡོང་དུས་མི་རབས་གཞོན་པ་ཚོར། ང་ཚོ་བོད་ཀྱི་དངོས་གནས་ཁྱད་ཆོས་ཡོད་པ་དེ་ཚོ་བརྒྱུད་སྤྲོད་བྱས་ཏེ་མི་རབས་ནས་མི་རབས་ཏུ་བདག་པོ་རྒྱག་ཐུབ་པར་བསམ་བློ་གཏོང་རྒྱུ་དེར་ཁྱེད་རང་ཚོར་འགན་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་བོད་ཡིག་དང་ནང་ཆོས་ཀྱིས་བོད་མི་ཡོངས་རྫོགས་གཅིག་ཏུ་སྒྲིལ་ཡོད་པའི་སྐོར་ལ་གསུངས་དོན། བོད་པས་ཆབ་སྲིད་ཀྱི་ཐོག་ནས་ཞབས་འདྲེན་ཆ་ཚང་ཞུས་ཚར་བ་རེད། ཡིན་ནའང་། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་རྡོག་སྒྲིལ་ནས་དུས་ད་ལྟ་བར་དུ་བསྡད་པ་དེ་སངས་རྒྱས་པའི་ཆོས་དང་བོད་ཡིག་གིས་རེད་འདུག བཀའ་འགྱུར་བསྟན་འགྱུར་པོ་ཏི་དེ་ཚོ་བོད་ཀྱི་ས་ཁུལ་ཡོངས་རྫོགས་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ། དེ་བཞིན་སོག་ཡུལ་དུའང་ཁྱབ་བསྡད་ཡོད་པ་མ་ཟད། ཨུ་རུ་སུའི་ཁོངས་ཀྱི་ས་ཁུལ་ཁ་ཤས་ལའང་བཀའ་འགྱུར་བསྟན་འགྱུར་གྱིས་ཁྱབ་སྟེ་བོད་ཀྱི་ཆོས་དང་བོད་ཡིག་ཁྱབ་བསྡད་ཡོད་པ་རེད། བོད་ལ་ཆབ་སྲིད་ཀྱི་འཕོ་འགྱུར་ཞེ་དྲགས་ཤིག་ཕྱིན་ཡོད་ཀྱང་། དེའི་རིང་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་བོད་གངས་ཅན་པ་ཞེས་སངས་རྒྱས་དང་ཆོས། དགེ་འདུན་ངོ་ཤེས་ཀྱི་ཡོད་མེད་ལ་མ་ལྟོས་པར་དཀོན་མཆོག་གསུམ་ཞེས་དད་པ་བྱེད་བཞིན་པ་དེས། ང་ཚོ་ཚང་མ་ཚུར་སྡོམ་བསྡད་རེད་པ་རེད། ཅེས་དང་། མཇུག་ཏུ་ཁོང་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་གསུམ་ཡོད་པའི་དང་པོ་དེ་བོད་ཀྱི་ཁོར་ཡུག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་གཙང་ཉར་དང་། གཉིས་པ་འཚེ་བ་མེད་པའི་གོམས་གཤིས་བཟང་པོ་བདག་ཉར། གསུམ་པ་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་འདི་ཉར་ཚགས་གནང་རྒྱུ་བཅས་ཡིན་སྐོར་གསུངས་སོང་།

སྔ་དྲོའི་ནང་ཆོས་ངོ་སྤྲོད་གྲུབ་རྗེས། ཉིན་རྒྱབ་ཏུ་དགེ་བཤེས་རྣམ་པ་དབུ་བཞུགས་ཐོག་ནང་ཆོས་བསྐྱར་བཤད་དང་དོགས་འདྲི་བགྲོ་གླེང་གནང་རྒྱུ་ཡིན་པ་མ་ཟད། དེ་རིང་ཕྱི་དྲོར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་དང་། སང་ཉིན་ཕྱི་དྲོར་བོད་མི་མང་སྤྱི་འཐུས་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་ཀྱིས། བོད་རིགས་གཞོན་སྐྱེས་ཚོའི་ལས་འགན་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག གནངས་ཉིན་སྔ་དྲོའི་ཆུ་ཚོད་ ༨།༢༠ ཙམ་ལ་༧གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་བསྐྱང་རྒྱུ་དང་། བཀའ་དབང་གྲུབ་རྗེས་བོད་ཁྱིམ་སྤྱི་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཤིག་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༠ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 3

  1. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    ༼གོམས་གཤིས་ཡིན་ནའང་། རྗེས་ལུས་ཀྱི་རང་བཞིན་ཡིན་ན། དེ་ང་ཚོས་སེལ་དགོས་པ་རེད། ཡར་རྒྱས་གཏོང་དགོས་པ་རེད།༽

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    བོད་པས་ཆབ་སྲིད་ཀྱི་ཐོག་ནས་ཞབས་འདྲེན་ཆ་ཚང་ཞུས་ཚར་བ་རེད། ཡིན་ནའང་། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་རྡོག་སྒྲིལ་ནས་དུས་ད་ལྟ་བར་དུ་བསྡད་པ་དེ་སངས་རྒྱས་པའི་ཆོས་དང་བོད་ཡིག་གིས་རེད་འདུག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་ མཇུག་ཏུ་ཁོང་བོད་མི་ཞིག་ཡིན་པའི་ཆ་ནས་ལས་འགན་གསུམ་ཡོད་པའི་དང་པོ་དེ་བོད་ཀྱི་ཁོར་ཡུག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁོར་ཡུག་གཙང་ཉར་དང་། གཉིས་པ་འཚེ་བ་མེད་པའི་གོམས་གཤིས་བཟང་པོ་བདག་ཉར། གསུམ་པ་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་འདི་ཉར་ཚགས་གནང་རྒྱུ་བཅས་ཡིན་སྐོར་གསུངས་སོང་། ་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese