མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སློབ་ཕྲུག་ཚོ་ཆར་རླུང་གིས་མི་འཇིག་པའི་རི་སྐྱེས་མེ་ཏོག་ལྟ་བུ་ཞིག་ཡིན་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་སྟེང་ཤེས་རིག་བཀའ་བློན་མཆོག་གིས་འཛིན་གྲྭ་དང་པོ་གཉིས་པ་དེ་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་རྐང་འཛུགས་ས་ཡིན་སྟབས། གཞི་རིམ་འོག་མའི་དགེ་རྒན་དང་སློབ་ཚན། སློབ་ཁྲིད་ཐབས་ལམ་སོགས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༡༥ ཐོག་དྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བོད་མིའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་གཞི་རིམ་ཤེས་ཡོན་སྐོར་གྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་།

སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། དྷ་སྟེང་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་དང་། ཟབ་སྦྱོང་ནང་བཞུགས་མཁན་སམ་བྷོ་ཊ་དང་བོད་སློབ་འཛིན་ཚོགས། དྷ་ས་དང་མ་སུ་རི། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་སློབ་གྲྭ་ཁག་ ༦༨ ཀྱི་དགེ་རྒན་ ༢༡༥ ཚོགས་ཞུགས་གནང་འདུག

ཟབ་སྦྱོང་དབུ་འཛུགས་སྟེང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། བར་ལམ་ཞིག་ནས་ཤེས་ཡོན་གྱི་ལས་རིམ་ཐོག་ལ་སྤྱི་ཡོངས་ནས་གྲུབ་འབྲས་ཡག་པོ་ཞེ་དྲགས་བྱུང་ཡོད་ཀྱང་། ༧སྐྱབས་མགོན་རིན་པོ་ཆེ་གཙོས་ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་ཐོག་ལ་ཆ་ཚང་ཞིག་ཐུགས་བློ་མ་ཁེངས་པ་ཡོད་པ་ལོ་ཁ་ཤས་གོང་ནས་གསལ་པོ་ཆགས་ཡོད་སྟབས། དེའི་སྐྱོན་ཆ་ག་པར་ཐུག་གི་ཡོད་མེད་དང་། ང་ཚོས་ག་པར་བསམ་བློ་བཏང་ཐུབ་ཀྱི་ཡོད་མེད་ཐོག་ཉམས་ཞིབ་མང་པོ་བྱས་མཐར། ཤེས་རིག་ལས་ཁུངས་ཀྱིས་དོན་ཚན་གཉིས་ཐོག་ལ་ཤུགས་རྒྱག་དགོས་ཀྱི་ཡོད་པ་ལས། དང་པོ། གཞི་རིམ་འོག་མའི་དགེ་རྒན་འབྲེལ་བ་ཆེན་པོ་ཆགས་འདུག ཤེས་ཡོན་གྱི་རྨང་གཞི་དེ་ནས་གཏིང་གི་ཡོད་སྟབས་གཞི་རིམ་ཤེས་ཡོན་ཐོག་ཤུགས་རྒྱག་དགོས་ཡོད་པ་དང་། གཉིས་པ་དེ་ཆེད་ལས་དང་ཁྱད་ལས་ཡར་རྒྱས་ཐོག་ཤུགས་རྒྱག་དགོས་ཀྱི་འདུག ང་ཚོས་ལྟ་སྐབས་ཀྱང་དེ་གནད་ལ་འཕིགས་པའི་ལམ་སྟོན་ཞིག་ཏུ་ཚོར་བྱུང་། དེ་གང་རེད་ཟེར་ན། ང་རང་ཚོའི་བསམ་བློ་ནང་གཞི་རིམ་འོག་མའི་འཛིན་གྲྭ་དང་པོ་གཉིས་པ། གསུམ་པ་ཟེར་སྐབས་ཆུང་ཆུང་དང་སྣང་ཆུང་བྱས་ཏེ། སློབ་སྦྱོང་སྤྲོད་རྒྱུ་ལས་སླ་པོ་ཞིག་དང་། སློབ་སྦྱོང་སྤྲོད་མཁན་དེས་ཀྱང་ལས་སླ་པོ་ཞིག་ཏུ་ཚོར་གྱི་ཡོད་པ་རེད། དེ་དོན་དངོས་ཐོག་ཤེས་ཡོན་ལམ་ལུགས་ཀྱི་སློབ་ཁྲིད་བརྒྱུད་རིམ་ནང་ཕྱིན་པ་ཡིན་ན་རྦད་དེ་ནོར་ཡོད་སྟབས། ཤུགས་ངོ་མ་དེ་གཞི་རིམ་འོག་མར་རྒྱག་དགོས་པ་མ་ཟད། དགེ་རྒན་ཡིན་ནའང་རྩེ་ཕུད་དེ་མར་ཕེབས་དགོས་ཀྱི་ཡོད་པ་གསུངས་ཡོད་པ་རེད། དཔེར་ན། སློབ་སྟོན་པ་ཁག་གཅིག་གིས་ལོ་དང་པོ་གཉིས་པ་གསུམ་པ་དེ་ཕྲུ་གུའི་མི་ཚེའི་གཡུལ་ས་འདྲ་པོ་ཞིག་ཆགས་ཡོད་པ་རེད། དེའི་སྐབས་ནས་ཡར་འདོན་ཐུབ་པ་ཡིན་ན་ཡར་སླེབ་སྐབས་རྒྱལ་ཁ་ཐོབ་ཀྱི་ཡོད་པ་གསུངས་ཡོད་སྟབས། ང་ཚོས་གཞི་རིམ་འོག་མའི་དགེ་རྒན་རྣམས་ཀྱིས་སློབ་མ་ཚོར་ཤེས་ཡོན་སྤྲོད་ཕྱོགས་ཐད་ནུས་པ་ཆེན་པོ་འདོན་རྒྱུའི་ལས་འཆར་སྒྲིག་གི་ཡོད།

ཁྱེད་རང་ཚོ་ས་གནས་སུ་བཞུགས་ཏེ་ཕྱག་ལས་གནང་གི་ཡོད་པ་དང་། ཁག་ཅིག་འཛིན་སྐྱོང་ནང་ཕྱག་ལས་གནང་གི་ཡོད་པ་མ་ཟད། ཕར་ཕྱོགས་ན་ཕ་མ་ཚོ་ཡང་ཡོད་པ་རེད། དེར་བརྟེན། གལ་ཆེ་ཤོས་ཕྲུ་གུ་དང་རྒྱུན་དུ་གཤིབ་མཁན་དགེ་རྒན་རྣམ་པ་ཚོ་ཆགས་ཡོད་སྟབས། ང་ཚོས་དགེ་རྒན་ཚོར་ཕྱོགས་གཅིག་ནས་ཕར་ཟབ་སྦྱོང་འབུལ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་དགེ་རྒན་ཚོའི་ས་ནས་དགོངས་ཚུལ་ཉན་རྒྱུ་དང་ལེགས་ཆ་ལེན་རྒྱུ་བཅས་ཀྱི་ཆེད་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཡིན། ཞེས་སོགས་གསུངས་སོང་། 

སྲིད་སྐྱོང་མཆོག་གིས་དགེ་རྒན་གྱི་གལ་གནད་སྐོར་གསུངས་དོན། མཁས་པ་ཞིག་གིས་ (Good teachers are costly, but bad teachers cost more to the nation and for the community) ཞེས་བརྗོད་པ་ལྟར། དགེ་རྒན་ཡག་པོ་ཟེར་བ་དེ་གོང་ཆེན་པོ་ཡོད་པ་རེད། གང་ཡིན་ཟེར་ན། དགེ་རྒན་དེས་ཡག་པོ་བསླབ་དགོས་ཀྱི་ཡོད་དུས་ཕོགས་སོགས་ཀྱི་ཐོག་ནས་མཐུན་རྐྱེན་མང་པོ་སྦྱོར་དགོས་པ་རེད། ཡིན་ནའང་། དགེ་རྒན་སྡུག་པོ་ཡིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་གྱོང་གུན་མང་བ་གཏོང་གི་རེད། དགེ་རྒན་ཡག་པོ་ཞིག་ཡོད་ན་རིན་ཐང་ཆེ་བ་ཡོད་ལ། དགེ་རྒན་སྡུག་པོ་ཞིག་ཡོད་ན་གནོད་སྐྱོན་ཆེ་བ་ཡོད་པ་རེད། གོང་དུ་ཤེས་རིག་བཀའ་བློན་མཆོག་གིས་གསུངས་པ་ནང་བཞིན་དགེ་རྒན་ཡག་པོ་ཞིག་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དམིགས་བསལ་གྱིས་བོད་པའི་སློབ་ཕྲུག་དང་དགེ་རྒན་ཚོའི་ངོས་ནས་སློབ་ཚན་འཁྲིད་པ་དེ། ཤེས་ཡོན་ཡར་རྒྱས་གཏོང་བའམ་ཡང་ན་སོ་སོའི་མི་ཚེའི་ནང་འཚོ་བ་ཡག་པོ་སྐྱེལ་བ་ཁོ་ན་ཙམ་མིན་པར་བོད་རིགས་ཡག་པོ་ཞིག་དང་། རྩ་དོན་རྩོད་པར་མགོ་འཁྲིད་མཁན་ཡག་པོ་ཞིག་བཟོ་དགོས་ཀྱི་ཡོད་པས་འགན་ལྷག་མ་ཡོད་པ་རེད། འཚོ་བ་སྐྱེལ་རྒྱུ་གཅིག་པུ་ཡིན་ན་འཚོ་བ་སྐྱེལ་སྟངས་བསླབ་བཞག་ན་འགྲིག་པ་རེད། ཡིན་ནའང་། ང་ཚོས་བོད་མི་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་བཟོ་དགོས་པ་མ་ཟད། མགོ་འཁྲིད་ཐུབ་མཁན་དང་རྩ་དོན་རྩོད་ཐུབ་མཁན་ཞིག་བཟོ་དགོས་ཀྱི་ཡོད་སྟབས། སློབ་ཕྲུག་ལ་འགན་ཆེན་པོ་ཡོད་ལ། ཕ་མ་ལའང་འགན་ཆེན་པོ་ཡོད་པ་རེད། དམིགས་བསལ་གྱིས་དགེ་རྒན་ལ་འགན་ཆེ་ཤོས་དེ་ཡོད་པ་རེད། ཅེས་གསུངས་སོང་། 

སྲིད་སྐྱོང་མཆོག་གིས་སློབ་མ་ཚོས་འདབ་གཤོག་གཉིས་ལྡན་ཆགས་ཐུབ་བྱ་དགོས་སྐོར་གསུངས་དོན། ༧གོང་ས་མཆོག་གིས་ང་ཚོ་བོད་པའི་ཕྲུ་གུ་ལབ་དུས་ག་འདྲ་ཞིག་དགོས་ཀྱི་ཡོད་པ་རེད་ཟེར་ན། ལྡུམ་རྭའི་ནང་གི་མེ་ཏོག་ལྟར་མིན་པར་རི་སྐྱེས་མེ་ཏོག་བཞིན་དགོས་ཞེས་གསུངས་ཡོད་པ་རེད། དེས་ག་རེ་གསུང་གི་ཡོད་པ་རེད་ཟེར་ན། ལྡུམ་རྭའི་ནང་གི་མེ་ཏོག་དེ་སྙིང་རྗེ་མོ་ཡོད་ཀྱང་། ལུད་དང་ས། ཆུ་སོགས་བླུགས་ཏེ་གཙང་སྦྲ་བྱས་པ་ཡིན་ན་གཞི་ནས་སྙིང་རྗེ་པོ་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་། རི་སྐྱེས་མེ་ཏོག་ནི་ལྷགས་པ་དང་གངས་ཆར་བརྒྱབ་པ་ཡིན་ནའང་རང་བཞིན་གྱིས་གནས་ཐུབ་ཀྱི་ཡོད་སྟབས། རི་སྐྱེས་མེ་ཏོག་ལྟ་བུ་ཞིག་དགོས་གསུང་གི་ཡོད་པ་རེད། ང་ཚོ་བོད་པའི་མ་འོངས་སོན་རྩ་རྣམས་ག་འདྲ་ཞིག་བཟོ་དགོས་པ་རེད་ཟེར་ན་རི་སྐྱེས་མེ་ཏོག་ལྟ་བུ་ཞིག་བཟོ་ཐུབ་དགོས་པ་རེད། དེ་འདྲ་ཞིག་ཡོང་བར་འདབ་ཤོག་གཉིས་ལྡན་ཞེ་དྲགས་གལ་ཆེན་པོ་རེད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཤེས་ཚད་ལྡན་པའི་ཐོག་ཡ་རབས་བཟང་སྤྱོད་དེ་གལ་ཆེན་པོ་ཡིན་པ་ཚང་མས་མཁྱེན་གྱི་ཡོད་སྟབས། དེ་རིང་འདིར་ང་རང་སློབ་ཕྲུག་ཟུར་པ་ཞིག་ཡིན་པའི་ཆ་ནས་དགེ་རྒན་རྣམ་པ་ཚོར་གུས་ཞབས་དང་ལྡན་པའི་ཐོག་ནས་ད་ལྟའི་བར་དུ་ཕྱག་ལས་ཡག་པོ་གནང་འདུག གྲུབ་འབྲས་མཐོང་རྒྱུ་ཡོད་པ་ཞིག་ཆགས་འདུག་པར་བསྔགས་བརྗོད་དང་སྦྲགས། མུ་མཐུད་ནས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་། 

མཇུག་ཏུ་གསར་འགོད་པས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ཟབ་སྦྱོང་འདི་དེ་རིང་ནས་བཟུང་ཚེས་ ༣༡ བར་འཚོགས་རྒྱུ་ཡིན་ཞིང་། ཉིན་དེ་གའི་རིང་ཞོགས་པ་རྒན་ལགས་རྣམ་པ་ཚོས་༧གོང་ས་མཆོག་གི་བཀའ་ཆོས་ཞུ་རྒྱུ་དང་། དེའི་རྗེས་ལ་རྒན་ལགས་རྣམ་པ་ཚོ་ཚོགས་ཆུང་ལྔར་བགོས་ནས་ཤེས་ཡོན་ཡར་རྒྱས་གཏོང་སྟངས་སྐོར་ལ་བསམ་ཚུལ་བསྡུས་ཏེ། མ་འོངས་པར་སློབ་གྲྭ་ཁག་ནང་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཆགས་ཡོད་སྟབས། རྒན་ལགས་རྣམ་པ་ཚོར་དེ་དང་འབྲེལ་ནས་གཞི་རིམ་འོག་མའི་ཤེས་ཡོན་གྱི་ལྟ་གྲུབ་ཐོག་ངོ་སྤྲོད་ཞུ་ཆེད། རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ལྷན་ཚོགས་ཀྱི་ངེས་སྟོན་པ་ཟུར་བ་ཁེར་ཤི་ཀུ་མར་མཆོག་ནས་གཞི་རིམ་འོག་མའི་ཤེས་ཡོན་གྱི་ལྟ་གྲུབ་དང་ལག་ལེན་ཐོག་སློབ་ཁྲིད་གནང་རྒྱུ་དང་། ཝ་ན་མཐོ་སློབ་ཀྱི་སློབ་དཔོན་ལྷག་པ་ཚེ་རིང་ལགས་ཀྱིས་བོད་པའི་སྐད་ཡིག་སྲ་བརྟན་དང་སྲུང་སྐྱོབ་བྱེད་སྟངས་སྐོར་དང་། ཀཱང་རའི་དགེ་རྒན་འོས་སྦྱོང་སྦྱོང་བརྡར་ཁང་གི་འགན་འཛིན་ཎེ་ཀིལ་ཤར་མ་ལགས་ཀྱིས་བྱིས་དུས་ཀྱི་སློབ་གསོ་དང་ལྟ་སྐྱོང་སྐོར་ལ་སློབ་ཁྲིད་གནང་རྒྱུ། ཨ་རིའི་ཨེ་མོ་རེ་མཐོ་སློབ་གྱི་དགེ་རྒན་བློ་བཟང་བསྟན་འཛིན་ལགས་ཀྱིས་ནང་ཆོས་དང་ཚན་རིག་གི་འབྲེལ་བའི་སྐོར་ངོ་སྤྲོད་གནང་རྒྱུ་སོགས་གོ་སྒྲིག་བྱས་ཡོད་པ་རེད། ཅེས་ངོ་སྤྲོད་གནང་སོང་།

གསར་འགོད་པ། དོན་གྲུབ།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༧ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese