མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་རྐང་སྤོལ་རུ་ཁག་ ༢༨ ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་ཟླ་འདིའི་ཚེས་ ༣༠ ཉིན་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་མགོ་མགོ་འཛུགས་གནང་རྒྱུ་རེད།

དེ་རིང་ཉིན་རྒྱབ་ཀྱི་ཆུ་ཚོད་ ༢།༠༠ ཐོག དྷ་སྟེང་བོད་ཁྱིམ་བགྲོ་གླེང་ཚོགས་ཁང་དུ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་དང་། ༢༠༡༥ ལོའི་རྐང་སྤོལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་གཉིས་ཀྱིས། ད་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༡ པ་དེ་ཟླ་འདིའི་ཚེས་ ༣༠ ཉིན་ནས་ཕྱི་ཟླ་ ༦ ཚེས་ ༡༠ བར་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་འཚོགས་རྒྱུ་ཡིན་སྐོར་གསར་འགོད་གསལ་བསྒྲགས་སྤེལ་སོང་།

ལོ་སྔོན་མའི་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་ནས་ལོ་འདིའི་ཕྱི་ཟླ་ ༤ ཚེས་ ༡༥ བར་རྒྱ་བལ་གཉིས་དང་ཕྱི་རྒྱལ་བཅས་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ནང་དེབ་སྐྱེལ་བྱེད་མཁན་ཁྱོན་རུ་ཁག་ ༣༨ ཙམ་བྱུང་ཡོད་ཀྱང་། ས་གནས་རེར་རུ་ཁག་རེ་ལས་གོ་སྐབས་སྤྲོད་མ་ཐུབ་པའི་དབང་གིས་ས་གནས་གཅིག་ལ་རུ་ཁག་ཁ་ཤས་ཡོད་པ་ཚོས་ནང་ཁུལ་འགྲན་བསྡུར་བྱས་ཏེ་རྩེ་ཏོག་གིས་ད་ཆར། ཨ་རི་ནས་རུ་ཁག་ ༡ དང་ཁེ་ན་ཌ་ནས་རུ་ཁག་ ༡། ཡུ་རོབ་ནས་རུ་ཁག་ ༡། བལ་ཡུལ་ནས་རུ་ཁག་ ༣། རྒྱ་གར་ནས་རུ་ཁག་ ༢༡ ། ཁྱོན་སྡོམ་རུ་ཁག་ ༢༨ ལོ་འདིའི་འགྲན་བསྡུར་ནང་དངོས་སུ་ཞུགས་ཡོད་འདུག

སྐལ་བཟང་དོན་གྲུབ་ལགས་ཀྱིས་རྩེད་མོའི་རུ་ཁག་ཆ་བགོས་གནང་ཕྱོགས་སྐོར་གསུངས་དོན། ད་རེབ་རྩེད་འགྲན་ནང་རུ་ཁག་གཅིག་ལ་ཉུང་མཐར་ཐེངས་གཉིས་རེར་རྩེད་རྒྱུ་བྱས་ཏེ། རུ་ཁག་ ༢༨ དེ་སྡེ་ཚན་ ༧ ལ་བགོ་བཤའ་བརྒྱབ་ཡོད་པ་དང་། སྡེ་ཚན་རེ་རེར་རུ་ཁག་ ༤ རེ་བྱས་ཡོད་པ། རུ་ཁག་ ༤ དེ་ཐེངས་གཉིས་རེར་རྩེད་དེ་མཐའ་མའི་ཨང་དང་པོ་རྣམས་ཀྱིས་མཐའ་མའི་རྒྱལ་ཁའི་ཨང་དང་པོ་རྩོད་དགོས་ཀྱི་ཡོད་ཀྱང་དེའི་ནང་ནས་རུ་ཁག་གཅིག་ཚང་མེད་སྟབས། ཨང་གཉིས་པ་ཐོབ་མཁན་རུ་ཁག་བདུན་གྱི་ནང་ནས་རུ་ཁག་རྩེ་ཕུད་དེ་རུ་ཁག་དང་པོ་བརྒྱད་དང་མཉམ་དུ་འགྲོ་ལུགས་ཡོད་པ་ལྟར་དེ་ལྟར་བྱ་རྒྱུ་བྱས་ཡོད་པ་དང་། ད་ལོའི་རྩེད་འགྲན་ཟུར་དཔང་བ་དང་སྟངས་འཛིན་བྱེད་མཁན་རྣམས་རྒྱ་གར་བ་ཡིན་པ་དང་། སྨན་བཅོས་སྐོར་ལ་སྨན་པ་གཉིས་དང་སྨན་ཞབས་གཉིས་བཅས་གོ་སྒྲིག་བྱས་ཡོད་སྐོར་སོགས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ་རྩེད་མོའི་འགྲོ་སོང་སྐོར་ལ་གསུངས་དོན། སྔོན་མ་དགའ་ལྡན་ཕོ་བྲང་གིས་རྒྱབ་སྐྱོར་གནང་ཡོད་པ་དང་། ༢༠༠༧ ལོར་དགའ་ལྡན་ཕོ་བྲང་ནས་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་ཆེད་ཧིན་སྒོར་འབུམ་ ༢ དང་། རྩེད་རིགས་ཚོགས་པའི་མ་རྩ་ཡིན་ཞེས་ནས་འབུམ་ ༡༠ གནང་ཡོད་པ་དང་། དེ་བཞིན་དུ་རྩེད་རིགས་ཚོགས་པས་ ༢༠༡༣ ལོ་ནས་རྩེད་མོའི་འཛིན་བྱང་དང་། ཞལ་འདེབས་ཁག་རྩེད་མོའི་རུ་ཁག་གིས་དེབ་སྐྱེལ་བྱས་པའི་སྒོར་མོ་ ༧༥༠༠ བཅས་ལས་བྱུང་བའི་སྐོར་ལ་རྩིས་ཁྲ་ཞིག་བཟོས་ནས་དེ་དག་ལས་འགྲོ་སོང་མ་འདང་བ་རྣམས་དགའ་ལྡན་ཕོ་བྲང་གིས་གནང་བཞིན་ཡོད་པ་དང་། ད་ལོ་ཡང་དགའ་ལྡན་ཕོ་བྲང་གིས་གནང་རྒྱུ་ཡིན་པ་སོགས་བརྗོད་སོང་།

ཁོང་གིས་ད་ལོའི་རྐང་རྩེད་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་རྒྱུ་ཡིན་པ་དང་། མཇུག་བསྡོམས་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་རྒྱུ་ཡིན་སྐོར་སོགས་བརྗོད་སོང་། དེ་བཞིན། ད་ལོ་དམིགས་བསལ་གྱིས་༧གོང་ས་མཆོག་དགུང་ལོ་ ༨༠ ཕེབས་པའི་འཁྲུངས་སྐར་གྱི་གཞས་ཚིག་གསར་བ་ཞིག་དང་རྒྱལ་ཡུམ་ཆེན་མོའི་གཟེངས་རྟགས་ཀྱི་ཆེད་དུ་གཞས་གསར་བ་ཞིག་བཅས་ཐང་སྟོང་གླུ་གར་ཚོགས་པས་གཏོང་རྒྱུ་གོ་སྒྲིག་བྱས་ཡོད། ཅེས་སོགས་བརྗོད་སོང་།

ད་ལོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བསོད་ནམས་རྡོ་རྗེ་ཡིས། “ང་ཚོས་གསར་འགོད་པ་བརྒྱུད་ནས་བརྗོད་རྒྱུ་ཞིག་དེ་རྩེད་མོ་རྩེ་བའི་སྐབས་སུ་ཕན་ཚུན་བར་འཚེ་བའི་ལས་མ་ཡོང་པར། རྩེད་མོ་རྩེད་མཁན་ཆ་ཚང་ལ་འགན་ཆེན་པོ་ཆགས་ཡོད་སྟབས་ཚང་མས་ངེས་པར་དུ་འགན་འཁུར་དགོས་པ་རེད། དེ་བཞིན་དུ་འདས་པའི་ལོ་ཤས་ནང་རྩེད་མོ་ལྟ་མཁན་ནང་ལ་ཡང་རྙོག་གྲ་བཟོ་མཁན་ཡོང་བཞིན་ཡོད་སྟབས། རྩེད་མོ་རྩེད་མཁན་དང་ལྟ་མཁན་གཉིས་ཀྱིས་སོ་སོས་འགན་འཁུར་རྒྱུ་གལ་ཆེན་པོ་རེད་ཟེར་ནས་འབོད་སྐུལ་ཞུ་རྒྱུ་ཡིན་” ཞེས་བརྗོད་སོང་།

མཐའ་མའི་མཇུག་བསྡོམས་མཛད་སྒོའི་ཉིན་གྱི་འགྲན་བསྡུར་གྱི་རྩེད་མོ་དེ་ཧི་མ་ཅཱལ་ནང་ཡོད་པའི་སློབ་གྲྭའི་བུད་མེད་ཚོ་དང་ཁ་གཏད་དེ་རྒྱ་གར་བུད་མེད་རུ་ཁག་ཅིག་དང་མཉམ་དུ་རྩེད་རྒྱུ་བྱས་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༠ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༡ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese