མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོར་འཁྲུལ་ལས་བྱུང་བའི་ཤེས་ཡོན།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་མཁན་བྷི་རོ་ཁི་སི། (David Brooks)

གལ་ཏེ་ཁྱོད་རང་ཕྱི་ལོ་ ༡༨༨༩ ལོར་ཕྱིར་ལོག་ཅིང་། རང་མལ་ན་བདེ་བར་སྡོད་པའི་ཧེ་ཋི་ལིར་ (Adolf Hitler) གྱི་མིད་པ་ནས་བཙིར་ནུས་སམ་ཞེ་དྲིས་ཚེ། ཁྱོད་ཀྱིས་ཅི་ནས་ཀྱང་དེ་ལྟར་སྒྲུབ་ཕོད་པ་གདོན་མི་ཟ། གལ་ཏེ་ཧེ་ཋི་ལིར་ཟེར་བ་ཞིག་མ་གཞི་ནས་མེད་པའི་དབང་དུ་བཏང་ཚེ། ན་ཛེ་ཚོགས་པར་ (Nazi Party) བཙན་སྟོབས་དང་དབང་ཤེད་དེ་འདྲ་བསྐྱེད་པའི་གཙོ་འཛིན་དེ་མཚུངས་ཤིག་ཡོད་མི་སྲིད། དེ་བས། གཅིག་བྱས་ན་འཛམ་གླིང་འཁྲུག་ཆེན་གཉིས་པ་ཞིག་བྱུང་མེད་ཤས་ཆེ་ལ། ཧོ་ལོ་ཁ་སི་ཊི་ (Holocaust) རུ་འབོད་པའི་ཧང་གྷ་རིའི་ཇེའུ་མི་རིགས་ (Hungarian Jews) གཙོས། འཛམ་གླིང་ཤར་ནུབ་གང་སར་ཉེས་མེད་མི་སེར་ས་ཡ་མང་པོ་རྐྱེན་ལམ་དུ་ཤོར་མེད་ཀྱང་སྲིད།

ཡིན་ན་ཡང་ཕྱོགས་གཞན་ཞིག་ནས། གལ་ཏེ་འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་མེད་ན། ཁྱོད་ཀྱིས་(ཨ་རི་གཞུང་ལ་གོ) འཇོན་ཐང་ཅན་གྱི་སྐྱེས་མ་མང་པོར་ཛ་དྲག་གི་ལས་དོན་བསྒྲུབ་ཏུ་འཇུག་སྲིད་ཅིང་། ཁྱོད་ཀྱིས་ཡང་ནས་བསྐྱར་དུ་ཚད་ལྡན་འཐུས་ཚང་གི་སློབ་གསོའི་བྱ་འགུལ་དང་ཁྲིམས་གཞི་ (G.I. Bill) ལག་ལེན་དུ་བསྟར་མེད་ངེས་ལ། ཁྱོད་ཀྱིས་ད་དུང་ཡུ་རོབ་གླིང་དང་ལྷན་དུ་ཞི་མཐུན་གྲོས་ཆིངས་ (Pax-Americana) ཀྱང་ བཞག་མེད་ཤས་ཆེ་སྟེ། གྲོས་ཆིངས་དེ་ལ་བརྟེན་པས། འདས་པའི་མི་ལོ་བཅུ་ཕྲག་རིང་ལ་རྒྱལ་ཁམས་ཞི་བདེ་འམ། ཡང་ན་དབྱིན་ཇི་གཙོས། བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་གྲངས་ལས་འདས་པ་ཞིག་མགོ་རྟིང་སློག་ཐུབ་པ་ བྱུང་ཡོད།

མིའི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནི་ཟློག་ཏུ་མེད་ལ་རྐྱེན་ངན་གོད་ཆགས་ཀྱི་སྡོམ་རྒྱ་ཞིག་རེད། ཁྱོད་ཀྱིས་སྔར་བྱུང་གི་ནོར་འཆུག་ནག་གསུབ་གཏོང་བ་ནི། དོན་ལ་ཁྱོད་ཀྱིས་དེ་རིང་གི་མིའི་གོ་ལ་འདི་རྩ་མེད་བཟོས་པ་ཡིན། ཁྱོད་རང་འདས་སོང་གི་ཀློང་དུ་ཕྱིར་ལྡོག་མི་ནུས་ཕྱིན། ཁྱོད་ཀྱིས་སྔར་བྱུང་ཐམས་ཅད་དེ་རིང་གི་ལོ་རྒྱུས་སུ་རྟོགས་པ་རེད། རྒྱུ་མཚན་ནི། ཁྱོད་ཀྱིས་དུས་གཅིག་ལ་གཙང་བོ་གཉིས་བརྒལ་རྒྱུ་ནི་མི་སྲིད་དོ།།

དེར་བརྟེན། སྔ་འདང་ཕྱི་འདང་གང་ཡང་མ་བརྒྱབ་པར། ཚོད་ཚོད་ལ་སྔར་བྱུང་གི་ནོར་འཆུག་ལ་ཁ་རྡུང་དང་བཙན་གཏམ་བསྒྲགས་པ་ནི་མི་རུང་སྟེ། ཁྱོད་རང་ཕྱིར་འདས་སོང་གི་ཀློང་དུ་བསྐྱོད་དེ། རང་གིས་སྔར་བྱས་ནོར་འཁྲུལ་ཡོད་ཚད་ནག་གསུབ་གཏོང་དགོས་པའི་རྒྱུ་མཚན་དང་གནས་ལུགས་གང་ཡང་མི་འདུག་ན། ཁྱོད་རང་མ་འོངས་མདུན་བསྐྱོད་ཀྱི་སླད་དུ། རང་གིས་སྔར་བྱས་ནོར་འཁྲུལ་ལས་རང་ཉིད་ལ་ཤེས་བྱ་ཡོན་ཏན་ཅི་དང་གང་འབྱོར་ཡོད་མེད་ལ་རྟོག་དཔྱོད་གནང་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ཏེ། ནམ་ཞར་གནད་དོན་དེ་འདྲར་བརྟེན་ནས། ང་ཚོས་ཨེ་རག་ (Iraq) རྒྱལ་ཁབ་ལ་དམག་བཀྱེས་པ་རེད། སྐབས་དེར་སྲིད་འཛིན་བྷུ་ཤུ་ (George W. Bush) གཙོས། ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་བརྒྱ་ཆའི་ ༧༢ ལྷག་ (དེའི་ཁོངས་སུ་ང་རང་ཉིད་ཀྱང་འདུ།) གིས་མོས་མཐུན་དང་རྒྱབ་སྐྱོར་འོག་ང་ཚོས་ཨེ་རག་ནང་དམག་དཔུང་འདྲེན་པའི་གྲོས་ཐག་བཅད་པ་དང་། དེ་ནི་ང་རང་ཚོའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་མངོན་གསལ་རེད།

ནོར་འཁྲུལ་འདི་རིགས་ལས་ང་ཚོའི་སེམས་རྒྱུད་ལ་ཤེས་བྱ་ཡོན་ཏན་ཅི་ཞིག་འབྱོར་རམ་ཞེ་ན། གཅིག ང་ཚོས་དོགས་སློང་གི་མིག་དབང་སྤྱད་དེ། གསང་བའི་ལས་གཞི་ལ་ཡང་བསྐྱར་དཔྱད་ཞིབ་ཐེངས་གཅིག་བྱེད་རྒྱུ་གལ། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་གཏམ་འཆལ་འདི་འདྲ་གོ་རྒྱུ་འདུག ཨེ་རག་གི་རྡུལ་ཕྲན་མཚོན་ཆས་གཏོར་བཤིག་ཐད་ཀྱི་ཨ་རིའི་གསང་བའི་རྟོག་ཞིབ་ལས་གཞི་དེ་ཡང་། མདོར་དྲིལ་ན་ཆབ་སྲིད་ཀྱི་གནོན་ཤུགས་ལས་བྱུང་བ་ཞིག་སྟེ། དེ་ལྟ་བའི་ཆབ་སྲིད་ཀྱི་ལྐོག་ཇུས་ཤིག་གིས་ང་ཚོ་གཡུལ་སར་བརྫངས་པ་རེད་ཟེར།

འདི་ནི་དངོས་དོན་ལ་ཁྲེལ་དགོད་བྱས་པ་ཞིག་གཏན་ནས་མ་ཡིན་ཏེ། ཕྱི་ལོ་ ༢༠༠༥ ལོའི་ (Robb-Silberman report) སྙན་སེང་ལ་རྒྱུས་མྱོང་ཡོད་མཁན་ཚང་མས་རེབ་དེའི་གཡུལ་འཁྲུག་ནི་འགྲོ་བ་མིའི་ནོར་འཁྲུལ་ལས་བྱུང་བའི་གོད་ཆགས་ཤིག་ཡིན་པ་གསལ་བོར་ཤེས་ཡོད་ལ། སྲིད་དོན་ལྷན་ཚོགས་གཉིས་ (སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ) ཀྱིས་གསང་བའི་རྟོག་ཞིབ་ལས་གཞི་ལ་ནོར་འཁྲུལ་ཚབས་ཆེན་ཤོར་ཡོད་པ་རྟོགས་ཤིང་། ནོར་འཁྲུལ་དེ་ནི་གསང་བའི་རྟོག་ཞིབ་ལས་ཁུངས་ཀྱི་དཔྱད་ཞིབ་ནོར་འཁྲུལ་ཙམ་དུ་མ་ཟད། ད་དུང་ནོར་ཞིང་འཁྲུལ་བའི་དཔྱད་ཞིབ་ཡིག་ཆ་དག་ཕྱི་སྲིད་ལྷན་ཁང་ལ་སྙན་སེང་དུ་ཕུལ་བ་རེད།

ཨེ་རག་ནང་གཡུལ་འཁྲུག་བསླངས་པའི་ནོར་འཁྲུལ་དེས་ང་ཚོར་མ་འོངས་པར་བག་ཡོད་ཚུལ་མཐུན་གནང་དགོས་པའི་དྲན་སྐུལ་བཏང་ཡོད་ལ། སྤྱིར་ང་ཚོས་ཉིན་རེའི་འཛམ་གླིང་འགྱུར་ལྡོག་གི་གནས་བབ་མང་པོ་ཞིག་མི་ཤེས་ཤིང་། ཁྱད་པར་དུ་ང་ཚོར་ཞུས་ཤིང་འབྱོར་བའི་གསར་གནས་མང་པོ་ཞིག་ལོག་རྟོག་ལོག་ལམ་དུ་ཕྱིན་ཡོད་སྟབས། མཛད་འཕྲིན་རྒྱས་པའི་སྲིད་འཛིན་ཞིག་ཡིན་པའི་ཆ་ནས། སོམ་ཉི་དང་རེ་དོགས་ཀྱི་གནས་བབ་འོག་ཏུ། རང་ལྟ་མཆོག་འཛིན་བྱེད་མཁན་འགའ་ཞིག་གི་ངན་བསམ་དང་བསླུ་བྲིད་འོག་མི་ཚུད་པར། ཁུངས་བཙན་གནས་ཚུལ་ལ་དཀྱེལ་ཡངས་དང་མིག་དབང་ཆེར་བསྐྱེད་དེ། རང་སེམས་ན་གྲ་སྒྲིག་དང་ཐག་ཆོད་ཅིག་ཅི་ནས་ཀྱང་ཡོད་དགོས་པ་རེད།

གཉིས། ཨེ་རག་གི་གནད་དོན་གྱིས་བསླངས་པའི་དངངས་འཚབ་དང་དེ་ལས་བྱུང་བའི་མྱོང་གྲུབ་སྟེ། དོན་དངོས་སུ་ང་ཚོས་རྒྱལ་ཁབ་གཞན་པའི་སྲིད་དོན་ལ་འཕོ་འགྱུར་ཅི་འདྲ་བཏང་ཡོད་དམ། དེང་གི་ཕྱི་འབྲེལ་སྲིད་ཇུས་ནི་དོན་གོ་མི་ཆོད་པའི་ཚད་ལ་བསླེབས་ཡོད་ཕྱིན། ང་ཚོའི་བློ་ཁ་མུ་མཐུད་མདུན་དུ་ཕྱོགས་ཏེ། རྒྱལ་ཁབ་ཕ་གི་འམ། མི་རིགས་འདི་ལ་ཤན་ཤུགས་ཅི་ཞིག་འཇོག་དགོས་ཡོད་དམ། ཡང་ན་ང་ཚོ་ཕྱི་བཤོལ་གྱིས། སྐྱི་གཡའ་ཞིང་ཡི་མུག་པའི་རང་གི་ནོར་འཁྲུལ་གྱི་བསམ་སྦྱོར་འདི་དག་མཚམས་འཇོག་དགོས་པ་རེད།

༡༩༩༠ ལོའི་རྗེས་སུ། ང་ཚོ་ཕལ་ཆེ་བ་ཞིག་རྒྱལ་དོན་འདུམ་འགྲིག་ལ་བློ་ཁ་ཕྱོགས་ཏེ། ལྷོ་ཨ་ཧྥི་རེ་ཁའི་རྒྱལ་དོན་བདེ་ལ་བཀོད་རྗེས། ང་ཚོས་མི་རིགས་དཀར་ནག་དབྱེ་གཅོད་ཀྱི་སྲིད་ལུགས་ལ་ཕམ་ཉེས་བྱུང་བ་གསལ་བོར་ རྟོགས་ཤིང་། ཤར་ཕྱོགས་ཀྱི་སྲིད་དོན་ཤོག་ཁག་ལེགས་པར་ཕྱིན་རྗེས། ང་ཚོས་དམར་ཤོག་རིང་ལུགས་ཀྱི་སྲིད་ལུགས་ཕམ་ཉེས་སུ་གྱུར་ཚུལ་མཐོང་བ་རེད། ང་ཚོ་མང་ཆེ་བས། ས་ཌམ་ཧོ་སིན་ (Saddam Hussein) འཇུ་བཟུང་ལ་གཞིགས་ཏེ། ང་ཚོས་ད་དུང་སྒེར་གཅོད་སྲིད་གཞུང་གཞན་དག་ཀྱང་མགོ་སྟེང་བསློག་ཐུབ་ཚེ། རིམ་གྱིས་ཨ་རབ་ (Arab) དང་ཨེ་རག་ནང་གི་མི་དམངས་མང་ཚོགས་ཀྱི་གོ་རྟོག་དང་འཚོ་གནས་ཡར་རྒྱས་གོང་འཕེལ་དུ་འགྲོ་ངེས་རེད་སྙམ་ཡོད།

དེ་ལྟར་ཡང་། དམིགས་བྱ་དེ་དོན་སྨིན་བྱུང་ཡོད་དམ་ཞེ་ན། ཕྱི་ལོ་ ༢༠༠༤ ལོར་ངས་དོན་སྨིན་བྱུང་ཡོད་ཅེས་ལན་བཏབ་ཅིང་། ཕྱི་ལོ་ ༢༠༠༦ ལོར་ངས་དོན་སྨིན་བྱུང་མ་སོང་ཞེས་ལན་བཏབ་པ་ཡིན་ལ། ཡང་ཕྱི་ལོ་ ༢༠༡༥ ལོར་ངས་དོན་སྨིན་བྱུང་དང་མི་འབྱུང་གི་དྲིས་ལན་འདི་གཉིས་ལས་དོན་སྨིན་མ་བྱུང་བར་ཤས་ཆེ་བའི་ལན་ཞིག་འདེབས་ཀྱི་ཡོད།

དུས་ཡུན་རིང་པོར། ཨེ་རག་དམག་འཁྲུག་གི་མཇུག་འབྲས་དེས། དོན་ལ་ང་ཚོས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རིག་གནས་གོམ་ལུགས་དང་འབྲེལ་བའི་སྲིད་ཀྱི་གནད་དོན་མང་པོ་ཞིག་མ་རྟོགས་པར། ང་ཚོས་ཐད་ཀར་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྲིད་དོན་ལ་ཡིད་སྐྱོ་བའི་ཤན་ཤུགས་སྤྲོད་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་པའི་དྲན་སྐུལ་བཏང་བྱུང་། དེ་ཡང་ཁྱོད་ཀྱིས་རྒྱལ་ཁབ་ཅིག་གི་གཞི་རྩའི་སྒྲིག་སྲོལ་མེད་པར་གཏོང་དུས། རྒྱལ་དམངས་ཀྱིས་ནི་ཀླ་ཀློ་བའི་ཆོས་ལུགས་ལྟ་གྲུབ་གླེང་ནས་ཁྱོད་ལ་ཕྱི་རྒོལ་གནང་གི་ཡོད། གལ་ཏེ་གྲངས་དམག་ (Cold War) ཏུ་འབོད་པའི་གཡུལ་འཁྲུག་ལས་རྣམ་པར་རྒྱལ་མཁན་ཚོས། ང་ཚོའི་བློ་མིག་མདུན་དུ་ཕྱོགས་ནས། རྒྱལ་དོན་འདུམ་འགྲིག་ལ་བསྐུལ་ཡོད་ན་ནི། ཨ་རིའི་གཞུང་གིས་མུ་མཐུད་རྒྱལ་ཁབ་གཞན་པར་གསར་བརྗེ་བྱེད་པའི་གོ་རྟོག་དང་དེའི་མཐའ་འབྲས་ལ་ཡིད་ཆེས་མི་བྱེད་པར། ང་ཚོས་ཨེ་རག་ནང་བསླངས་པའི་དམག་འཁྲུག་གི་མཇུག་འབྲས་ལ་གཞིགས་ཏེ། གཡུལ་འཁྲུག་གི་བསམ་སྦྱོར་འདི་རིགས་མཚམས་འཇོག་དགོས་པ་གོར་མ་ཆགས།

ང་ཚོས་ཨ་ཧྥི་གྷན་སི་ཐན་ (Afghanistan) དང་ཨེ་རག་ནང་གི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་ཐད་ནས་ད་དུང་ཡང་གནད་དོན་མང་པོ་ལྷག་བསྡད་ཡོད་པ་རེད། ༢༠༠༣ ལོའི་སྲིད་འཛིན་བྷི་ཤུའི་སྲིད་དབང་སྐབས་སུ། བདག་གིས་རྒྱལ་དོན་འདུམ་འགྲིག་གི་གེགས་བྱེད་དུ་འགྱུར་བའི་བསམ་སྦྱོར་གང་མང་ཞིག་མཇུག་བསྡུས་པ་ཡིན་མོད། འོན་ཀྱང་དེང་གི་སྲིད་འཛིན་ཨོ་བྷ་མའི་སྲིད་དབང་སྐབས་སུ། སྔར་བས་ཀྱང་རྒྱལ་དོན་འདུམ་འགྲིག་གི་བསམ་སྦྱོར་མང་པོ་ཞིག་ལག་ལེན་དུ་བསྟར་བཞིན་འདུག

མཇུག་མཐར། ཨེ་རག་དམག་འཁྲུག་གིས་ང་ཚོར་གསར་བརྗེ་རིང་ལུགས་ལ་དྲག་གནོན་བྱེད་མཁན་སྲིད་དབང་སྒེར་གཅོད་པ་ཚོར་དོགས་སློང་བྱེད་པ་དང་། ཡང་ཕྱི་འབྲེལ་ལ་དོ་ཁུར་གནང་མཁན། (ཁོང་ཚོས་དུས་ཚོད་སྐར་ཆ་གཅིག་གི་རིང་ལའང་སྲིད་སྐྱོང་དང་བཅོས་བསྒྱུར་ལས་དོན་ལ་དོ་ཁུར་གནང་གི་ཡོད) དེ་བཞིན་ལྡོག་དཀའ་བའི་ལོ་རྒྱུས་རྙོག་འཛིང་གི་རྒྱ་རུ་ཚུད་མཁན་ཚོར་བརྩི་མཐོང་དང་བསམ་ཤེས་གནང་དགོས་པའི་བསླབ་བྱ་གཏོང་གི་འདུག་གོ།

བསྒྱུར་ཆན། འབོལ་རྩོམ་འདི་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༩ ཉིན་ནེའུ་ཡོག་དུས་བབ་གསར་ཁང་གིས་སྤེལ་འདུག

 

མ་རྩོམ་འབྲེལ་ཐག http://www.nytimes.com/2015/05/19/opinion/david-brooks-learning-from-mistakes.html?_r=0

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༢ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༦ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese