མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་བལ་ཡུལ་ནང་ཛ་དྲག་རྟོག་ཞིབ་ཏུ་ཕེབས་པ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་བཀའ་བློན་མཆོག་བལ་ཡུལ་ནང་རྟོག་ཞིབ་ཏུ་ཕེབས་པའི་གནས་ཚུལ་གསལ་བསྒྲགས་གནང་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མི་གཅིག་འདས་གྲོངས་སུ་ཕྱིན་རིགས་ལ་བལ་སྒོར་ཁྲི་ ༥ དང་། གཉིས་ལས་མང་བ་གྲོངས་པར་འབུམ་ ༡ ། སྡོད་ཁང་ཞིག་རལ་གྱུར་བར་བལ་སྒོར་ ༡༠༠༠༠ རེ་བཅས་སྤྲོད་རྒྱུ་ཡིན་སྐོར་གསུངས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༠༠ ཐོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་ཉེ་ལམ་བལ་ཡུལ་དུ་བསྐྱོད་དེ་ས་ཡོམ་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་བའི་གནས་ཚུལ་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། 

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བའི་ནང་། ཤེས་རིག་བཀའ་བློན་མཆོག་ ༢༠༡༥ ཟླ་ ༥ ཚེས་ ༡༨ ནས་ ༢༡ བར་གཙོ་བོ་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ་བཟོ་གྲྭ དགོན་སྡེ་ཆེ་ཁག སྣེ་ལེན་ཁང་། རྒན་གསོ་ཁང་། ལས་ཁུངས་ཁག་ལ་ཐུགས་གསོའི་འཚམས་འདྲི་དང་རྟོག་ཞིབ་གནང་སྟེ། དགོན་སྡེ་ཁག་གིས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་དགོངས་ལམ་སྟོན་ལྟར། མ་བསྐུལ་དྭང་བླངས་ཀྱིས་ས་ཡོམ་ནང་གཟེངས་སུ་ཐོན་པའི་རོགས་སྐྱོར་བྱེད་བཞིན་ཡོད་པར་ཡི་རངས་བསྔགས་བརྗོད་ཡོད། ཅེས་བཀོད་འདུག

འཇོ་ཁེལ་གཞིས་སྡོད་མི་མང་དང་མཆོད་འཇོར་ས་གནས་མགོ་འཛིན་ཁྱབ་ཁོངས་མི་མང་ཁག་ཅིག་ཐུག་འཕྲད་གནང་བ་དང་། དེ་རྗེས་བལ་ཡུལ་བོད་མིའི་འབྲེལ་མཐུད་གྱིས་གཙོ་སྐྱོང་གནང་བའི་ས་གནས་ཛ་དྲག་ངལ་སེལ་ཚོགས་ཆུང་བསྐོངས་ཏེ་ལས་དོན་འདྲི་ཞིབ་དང་། ངལ་སེལ་མཐུན་སྐྱོར་བྱ་ཕྱོགས་དང་འབྲེལ་བའི་བྱེད་སྒོ་ཁག་གཅིག་བཀོད་མངགས་གནང་ཡོད། ཅེས་འཁོད་འདུག

ཡང་བསྒྲགས་གཏམ་ནང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ནས་ཕྱི་ཚེས་ ༡༣ ནས་ ༡༩ བར་གཙོ་བོ་པོག་ར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་བསྐྱོད་དེ། ས་གནས་མགོ་འཛིན་དང་རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ཚང་འཛོམས་ཐོག་སེམས་གསོ་གནང་ཡོད། དེའི་རྗེས་རྭ་སུ་ཝ་རྫོང་ཁོངས་རང་རིགས་ས་གནས་ཁག་ལྔའི་ནང་གནས་སྡོད་ཤབ་རུ་དང་ཐེམ་པོ་ཆེ་ས་ཁག་གཉིས་སུ་ཕེབས། ཐེམ་པོ་ཆེའི་གཞིས་ཁང་འགའ་ཤས་མ་གཏོགས་དེ་མིན་ས་གནས་ཁག་གཞན་ནང་གཞིས་ཁང་དང་སྒེར་གྱི་ཁང་ཁྱིམ་མང་ཆེ་བ་དང་། ཤབ་རུ་སློབ་ཁང་དང་ཕྲུ་གུའི་ཉལ་ཁང་། ལས་ཁུངས་སོགས་ཆ་ཚང་ས་ཡོམ་གྱི་གོད་ཆག་འོག་ཞིག་རལ་དུ་གྱུར་འདུག

བལ་ཡུལ་ནང་ས་ཡོམ་གྱི་གནོད་འཚེ་བྱུང་མ་ཐག་༧གོང་ས་མཆོག་གིས་བལ་ཡུལ་གཞུང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་བ་དང་༧ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་དེ་བལ་སྒོར་འབུམ་ ༥༠ དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བལ་སྒོར་འབུམ་ ༢༠ ཞལ་འདེབས་གནང་ཡོད། ཞལ་འདེབས་དེ་དག་བལ་ཡུལ་འབྲེལ་མཐུད་པ་བརྒྱུད་འབུལ་ལམ་ཞུ་ཐུབ་ཡོད།

དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་བལ་ཡུལ་གནས་སྡོད་བོད་མི་ཚོར་བལ་སྒོར་འབུམ་ ༡༦ དང་། དེའི་རྗེས་བལ་སྒོར་འབུམ་ ༤༠ བཅས་བལ་ཡུལ་བོད་མིའི་འབྲེལ་མཐུད་པའི་གཙོ་སྐྱོང་འོག་ཚོགས་མི་དྲུག་ལས་གྲུབ་པའི་ཛ་དྲག་ངལ་སེལ་ཚོགས་ཆུང་ལ་གནང་ཟིན་སྟབས། ས་ཡོམ་འོག་འདས་གྲོངས་སུ་ཕྱིན་པའི་ནང་མི་དང་། སྨས་སྐྱོན་ཕོག་པ། གཞིས་ཁང་རྩ་འཐོར་ཕྱིན་པ་སོགས་ལ་ངལ་སེལ་ཐུབ་པ་བྱུང་ཡོད། ཅེས་སོགས་བཀོད་འདུག

གསར་འགོད་པས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་སུ་གསར་འགོད་གསལ་བསྒྲགས་ནང་བལ་ཡུལ་སྤོག་ར་ཁུལ་དང་རྭ་སུ་ཝ་རྫོང་ཁོངས་བོད་མིའི་གཞིས་ཆགས་ཁག་ལྔར་ས་ཡོམ་གྱི་གོད་ཆག་ཆེན་པོ་ཕོག་ཡོད་པ་འཁོད་འདུག་པས། དེ་གར་བོད་མིའི་སྒྲིག་འཛུགས་ངོས་ནས་རོགས་རམ་གང་འདྲ་གནང་འཆར་ཡོད་མེད་དྲིས་པར་ཁོང་གིས། རྩ་བའི་དེའི་ཐོག་ལ་སང་ཉིན་ནངས་ཉིན་ཞིག་ལ་བསྐྱར་དུ་གསལ་བསྒྲགས་གནང་གི་རེད། ཡིན་ཡང་དེའི་ཐོག་ལ་གཏོར་བཤིག་ཕྱིན་པ་དག་ལ་བཟོ་བཅོས་བྱེད་དགོས་སར་བཟོ་བཅོས་རྒྱག་རྒྱུ་དང་། སྡོད་ཁང་དཀའ་ངལ་ཡོད་པ་དག་ལ་གུར་དང་དེང་དུས་དང་མཐུན་པའི་འཕྲལ་སེལ་སྡོད་ཁང་གསར་འཛུགས་བྱ་རྒྱུའི་འཆར་གཞི་སྒྲིག་བཞིན་པ་རེད། ཅེས་སོགས་གསུངས་སོང་།

ཤེས་རིག་བཀའ་བློན་མཆོག་ལ། བལ་ཡུལ་ནང་ས་ཡོམ་བྱུང་རྗེས་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ཚབ་བརྒྱུད་མཆོད་རྟེན་ཁུལ་གྱི་བོད་མི་ཚོར་རོགས་དངུལ་སྤྲད་ཡོད་ཚུལ་བསྒྲགས་པ་དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་གཟིགས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་བཏང་ང་བལ་ཡུལ་ནང་བསླེབས་པའི་ཉིན་དང་རྩིས་ན་ཕལ་ཆེར་ཉི་མ་གཉིས་དང་ཕྱེད་ཀ་འདྲ་པོ་ཞིག་ཆགས་ཀྱི་འདུག ཆབ་སྲིད་ཐོག་ནས་དཀའ་ངལ་ཞིག་འཕྲད་ཀྱི་རེད་བསམ་ནས་བལ་ཡུལ་ནང་བསླེབས་པ་དང་གནས་སྟངས་དེ་ཚོ་གང་མགྱོགས་ལྟ་རྒྱུའི་ཐབས་ཤེས་བྱས་པ་ཡིན། སློབ་གྲྭ་དང་བཟོ་གྲྭ་ཁག་ནང་ཕྱིན་ནས་གང་ཡོང་རྟོག་ཞིབ་བྱས་པ་ཡིན། བལ་ཡུལ་མཆོད་རྟེན་གཡས་གཡོན་ལ་རྒྱ་ནག་གཞུང་གིས་རོགས་རམ་དང་སྐྱོབ་གསོ་དེ་འདྲ་སྤྲད་པ་རེད་ཟེར་བ་ཞིག་མ་གཏོགས་དོན་དངོས་ལ་གུར་སོགས་མངོན་གསལ་དོད་པོ་དེ་འདྲ་མཐོང་མ་སོང་། ཡིན་ཡང་རྒྱ་ནག་གཞུང་གི་གུར་རེད་ཟེར་བ་དེ་འདྲ་མང་པོ་ཞིག་རྒྱལ་པོའི་ཕོ་བྲང་དང་ལས་ཁུངས་ཨ་མ་ཡོད་སའི་ས་ཆ་ཆེན་པོ་དེ་ཚོའི་ནང་མཐོང་རྒྱུ་འདུག དེ་ནས་རྒྱ་ནག་གཞུང་གིས་སྔོན་མ་གཉེན་འཕྲད་ལ་ཡོང་མཁན་བར་ལམ་ཞིག་ནས་ཕྱིར་ལོག་བྱ་རྒྱུའི་འགྲོ་སྐྱོད་ལག་ཁྱེར་བཀག་བཞག་པ་དག་ལ། བར་སྐབས་ཤིག་ནས་ཚང་མར་སྤྲད་པ་རེད་ཟེར་བ་ཞིག་གོ་རྒྱུ་འདུག ངས་མཐོང་བ་དག་ནི་དགོན་པ་གྲྭ་ཚང་ཚོས་རོགས་རམ་ཤུགས་ཆེན་པོ་གནང་གི་འདུག དཔེར་ན། བཤད་སྒྲུབ་གླིང་དགོན་པས་བལ་སྒོར་འབུམ་༤༠༠ ལྷག་གི་འགྲོ་སོང་བཏང་སྟེ། ཡུལ་མི་དང་བོད་མི་ཚོར་རོགས་རམ་གནང་འདུག་པ་མ་ཟད། ཞི་ཆེན་དགོན་པ་དང་ཀོ་པན་དགོན་པས་བལ་སྒོར་འབུམ་ ༡༠༠ ལྷག་དང་། དེ་བཞིན་དགེ་ལུགས་དགོན་པ་བཅུ་ལྷག་གིས་ཐུན་མོང་ཐོག་ནས་རོགས་དངུལ་གནང་བ་སོགས་ལ་བརྟེན་ཏེ། ཡུལ་མི་ཚོས་བླ་མ་དང་གྲྭ་པ་ཚོར་ལྟ་སྟངས་བཟང་དུ་ཕྱིན་ཡོད་ས་རེད། ཅེས་གསུངས་བྱུང་།

བཀའ་བློན་མཆོག་ལ་ས་ཡོམ་འདིའི་རྐྱེན་པས་སྐྱིད་གྲོང་དང་འགྲམ་སོགས་སུ་གོད་ཆག་ཆེན་པོ་བྱུང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ནང་གི་གནོད་འཚེ་ཕོག་ཡུལ་དག་ལ་རོགས་རམ་གྱི་འཆར་གཞི་ཡོད་མེད་དྲིས་པར། ད་ལྟ་བཀའ་ཤག་ཐོག་ནས་ཤུགས་ཆེ་བ་འདྲ་པོ་བལ་ཡུལ་ཁུལ་དུ་བསྐྱར་གསོ་བྱ་རྒྱུའི་ལས་འགུལ་ཐོག་གནང་གི་ཡོད་སྟབས། གཞན་པ་དེ་ཕལ་ཆེར་ལས་འཆར་གཉིས་པ་འདྲ་པོ་ཆགས་ཀྱི་ཡོད་པ་རེད། བལ་ཡུལ་ཁུལ་དུ་བསྐྱར་གསོ་བྱ་རྒྱུའི་ལས་ཀ་དེ་ལས་ཀ་ཤུགས་ཆེན་པོ་ཆགས་ཀྱི་འདུག གང་ཡིན་ཟེར་ན། ད་ལྟ་ང་ཚོར་ཐོ་གཞུང་འབྱོར་བ་དང་དོན་གཅོད་ནས་གསུངས་བ་ལྟར་ན། ས་ཡོམ་ཁྲོད་ཁྱོན་བོད་མི་ ༡༣ འདས་གྲོངས་ཕྱིན་འདུག ནང་མི་ཞིག་འདས་གྲོངས་ཕྱིན་པ་ཡིན་ན་ཁྲི་ ༥ དང་གཅིག་ལས་མང་བ་ཕྱིན་པ་ཡིན་ན་འབུམ་གཅིག་སྤྲོད་གྱི་ཡོད་པ་རེད། ལས་ཀ་དེ་ཚོ་དོན་གཅོད་དབུ་བཞུགས་ཐོག་གནང་བཞིན་ཡོད་པ་རེད། ཁང་པ་གཏོར་སྐྱོན་བྱུང་བ་ཡིན་ན་སྔོན་ལ་བལ་སྒོར་ ༡༠༠༠༠ འབུལ་རྒྱུ་དང་། བཟའ་བཅའ་དང་གུར་སོགས་ས་གནས་མགོ་འཛིན་གྱིས་ཐབས་ཤེས་གནང་གི་ཡོད་པ་རེད། ཇོ་ལ་ཁེལ་བཟོ་གྲྭར་ཆ་བཞག་ན། ལས་ཁུངས་དང་ཚོང་བཅོལ་འཇོག་སའི་ཁང་པའི་ཀ་བར་སྐྱོན་ཆ་ཆེན་པོ་ཤོར་ཏེ་བེད་སྤྱོད་གཏོང་རྒྱུར་དཀའ་ངལ་ཆགས་ཏེ་ང་ཚོ་དེའི་ནང་བཏང་མ་སོང་། དེ་དག་བཟོ་བཅོས་རྒྱག་པར་འབུམ་ ༨༠༠ ལྷག་ཙམ་འགྲོ་ས་རེད།

དེ་བཞིན་སྲོང་བཙན་སློབ་གྲྭའི་འཛིན་ཁང་ ༢༠ བྱས་པའི་ཐོག་ཁང་དང་དེའི་ཉེ་འཁྲིས་ལ་ལས་ཁུངས་ཆེན་པོ་ཞིག་ཡོད་པ་དེ་ཡང་འཕྲོག་བརླག་ཏུ་ཕྱིན་འདུག རྣམ་རྒྱལ་འབྲིང་སློབ་དང་མཐོ་སློབ་གཉིས་ཀར་སྐྱོན་གང་འཚམ་ཞིག་དང་། མི་མང་ ༣༣ གྱི་ཆོས་ཟུར་སྡོད་ཁང་ཆེན་པོ་ཞིག་ཡོད་པ་དེ་ལའང་སྐྱོན་ཆ་ཆེན་པོ་ཤོར་ཡོད་སྟབས། དེ་ཚོ་བཟོ་བཅོས་བྱ་རྒྱུར་ཟླ་དྲུག་ནས་ལོ་གཅིག་ཙམ་འགོར་གྱི་ཡོད་སྟབས། ཁོ་ཚོར་འཕྲལ་སེལ་གྱི་སྡོད་ཁང་གྲ་སྒྲིག་གང་འདྲ་བྱེད་དགོས་མིན་དང་། སློབ་གྲྭ་ཡིན་ན་འཕྲལ་སེལ་གྱི་སློབ་གྲྭ་ཚོགས་ས་གོ་སྒྲིག་ཞུ་དགོས་པ་མ་ཟད། ཕུགས་ལའང་ཁོ་ཚོར་རྟེན་ས་ཞིག་བཟོ་དགོས་སྟབས། བཀའ་ཤག་ངོས་ནས་དེ་ཚོའི་ཐོག་ལ་དགོངས་པ་བཞེད་བཞིན་པ་རེད། ཅེས་གསུངས་བྱུང་།

གསར་འགོད་པ། དོན་གྲུབ།

 

 

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༠ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༡ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese