མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སློབ་མ་ ༨༠༠༠ ཕྱིར་འབུད་བཏང་།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནང་དུ་ཡོད་པའི་རྒྱ་ནག་གི་སློབ་མ་ ༨༠༠༠ རིག་གཞུང་ཞིབ་འཇུག་གི་སྤྱོད་ལམ་མ་གཙང་བ་སོགས་ཀྱིས་སློབ་གྲྭ་ནས་ཕྱིར་འབུད་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་རིའི་ཧཱ་རིན་(Huaren Education)ཤེས་ཡོན་ཞིབ་འཇུག་ལྟེ་གནས་ཁང་གིས། (༢༠༡༥ ལོའི་ཨ་རིའི་རྒྱ་ནག་གི་སློབ་མའི་གནས་ཚུལ་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ)ཞེས་པ་ཞིག་ཕྱིར་བསྒྲགས་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་སློབ་མ་ ༨༠༠༠ སློབ་གྲྭ་ནས་ཕྱིར་འབུད་བཏང་ཡོད་པ་དང་། དེའི་ནང་ནས་བརྒྱ་ཆའི་ ༢༢.༩༨ རིག་གཞུང་ཞིབ་འཇུག་གི་སྤྱོད་ལམ་མ་གཙང་བ་དང་། བརྒྱ་ཆའི་ ༥༧.༥༦ རིག་གཞུང་གི་སྣང་ཚུལ་ཞན་དྲགས་པའི་རྐྱེན་གྱིས་ཡིན་ལ། ཕྱིར་འབུད་བཏང་བའི་སློབ་མ་དེ་དག་ལས་བརྒྱ་ཆའི་ ༨༨.༧ ནི་ལོ་ན་ ༡༨ ནས་ ༢༥ བར་ཡིན་ཞིང་། བརྒྱ་ཆའི་ ༧ ལྷག་དངོས་གཞིའི་སློབ་ཆེན་པ་དང་འབུམ་རམས་པ་རྐྱང་རྐྱང་ཡིན་འདུག

ཤེས་ཡོན་ཞིབ་འཇུག་ལྟེ་གནས་ཁང་དེས་འདས་ལོར་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་། རིག་གཞུང་ཞིབ་འཇུག་གི་སྤྱོད་ལམ་མ་གཙང་བ་སྟེ། ལས་བྱ་ཕན་ཚུན་བཤུ་བ་དང་རྒྱུགས་ཚབ་སྤྲོད་པ། རྒྱུགས་འབྲས་རྫུན་བཟོ་དང་། རྒྱུགས་འབྲས་རེའུ་མིག་ལ་བཟོ་བཅོས་རྒྱག་པའི་གནད་དོན་རྣམས་རྒྱ་ནག་གི་སློབ་མའི་ནང་རྒྱུན་དུ་བྱུང་གི་ཡོད་པ་མ་ཟད། རྒྱའི་སློབ་མ་མང་པོ་སློབ་གྲྭ་ཡར་ཚོགས་སྐབས་ཐེངས་གཅིག་སླེབ་པ་ཙམ་ལས་སློབ་གྲྭ་ནང་ཡོང་གི་མེད་ཀྱང་། ཐབས་ལམ་སྣ་ཚོགས་སྤྱད་དེ་རྒྱུགས་འཕྲོད་ཐབས་ཀྱི་ཡོད་སྐོར་དང་། ཡང་རྒྱ་ནག་གི་འབྱོར་ལྡན་པའི་བུ་དང་བུ་མོས་རྒྱུན་དུ་གཞན་ལ་སྒོར་མོ་སྤྲད་དེ་ལས་བྱ་འབྲི་རུ་འཇུག་གི་ཡོད་པ་མ་ཟད། རྒྱུགས་སྤྲོད་སྐབས་ཀྱང་གཞན་གྱིས་ཚབ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་མངའ་སྡེ་པེན་སོ་ཝྭ་ནི་ཡ་(Pennsylvania)ལྷོ་ཁུལ་གྱི་མཉམ་འབྲེལ་ ཞིབ་བཤེར་ཁང་གིས། མངའ་སྡེ་དེའི་ཕི་ཊི་སི་བྷར་(Pittsburgh)ས་ཁུལ་ནང་དུ། རྒྱ་ནག་གི་མི་སེར་ཡིན་པའི་མི་ ༡༥ ཡིས་ཕྱི་སྐྱོད་ལག་ཁྱེར་རྫུན་མ་བཟོས་པ་དང་ལྐོག་དངུལ་སྤྲད་དེ། ཨ་རིའི་སློབ་ཆེན་ཁག་གི་ནང་འཛུལ་ཞུགས་བྱས་པའི་དོགས་ཡོད་ཉེས་དོན་ ༣༥ ཡར་ཞུ་བྱས་ཡོད་པ་དང་། དོགས་ཡོད་ཉེས་ཅན་དེ་དག་གི་ནང་ནས་མི་ ༡༢ ཀྱི་མིང་ཕྱིར་བསྒྲགས་བྱས་ཡོད་པའི་ཁྲོད། མི་ ༡༠ ཨ་རིའི་ནང་གནས་སྡོད་བྱས་ཡོད་པ་དང་། མི་ ༢ རྒྱ་ནག་ནང་ཡོད་འདུག ད་དུང་མི་ ༣ གྱི་མིང་དང་ཐོབ་ཐང་ཕྱིར་བསྒྲགས་བྱས་མེད་པ་རེད། དོགས་ཡོད་ཉེས་ཅན་དེ་ཚོས་ཕྱི་སྐྱོད་ལག་ཁྱེར་རྫུན་བཟོ་དང་མྱུར་འཕྲིན་གྱིས་མགོ་སྐོར་བཏང་བ་སོགས་ཀྱི་ནག་ཉེས་འོག ཁག་ཅིག་ལ་ལོ་ངོ་ ༢༠ ཡི་བཙོན་འཇུག་ཁྲིམས་ཆད་དང་། ཨ་སྒོར་ཁྲི་ ༢༥ ཡི་ཉེས་ཆད་ཕོག་སྲིད་སྐོར་བསྒྲགས་འདུག

ལྷོ་ཁུལ་གྱི་མཉམ་འབྲེལ་ཞིབ་བཤེར་ཁང་དེའི་ཁྲིམས་ལུགས་རིག་པའི་ཆེད་མཁས་པ་ལྕམ་ཌཱ་ཝེ་ཌི་ཧི་ཁི་ཊོན་གྱིས། དོགས་ཡོད་ཉེས་ཅན་དེ་དག་ལ་ཨ་རིའི་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་གི་སློབ་འཇུག་བརྡ་ཐོ་འབྱོར་ཏེ། ཁོ་ཚོར་ཨ་རིའི་ནང་འཛུལ་བའི་སློབ་མའི་ཐོངས་མཆན་རག་ཡོད་ཀྱང་། གལ་སྲིད་ཁོ་ཚོས་མགོ་སྐོར་གཏོང་བའི་ཐབས་ལམ་ལ་བརྟེན་ནས་སློབ་འཇུག་བརྡ་ཐོ་དེ་རག་པ་ཡིན་ན། དོན་དངོས་ཐོག་ཁོ་ཚོ་ཨ་རིའི་སློབ་ཆེན་པ་ཞིག་ཏུ་གྱུར་ཐབས་མེད་ལ། ཁོ་ཚོའི་ཐོངས་མཆན་ཡང་མགོ་སྐོར་གྱི་བྱེད་ཐབས་ལ་བརྟེན་ནས་རག་པ་རེད། གནད་དོན་འདིའི་ཐོག་ནས་ཨ་རིས་ནུས་པ་ཡོད་ཚད་བཏོན་ནས་ཕྱི་སྐྱོད་ལག་ཁྱེར་དང་ཐོངས་མཆན་གྱི་འགྲོ་ལུགས་ཚུལ་མཐུན་ཡོང་བར་སྲུང་སྐྱོབ་དགོས་པ་མ་ཟད། ཨ་རིའི་མཐོ་རིམ་གྱི་ཤེས་ཡོན་མ་ལག་ལ་སྲུང་སྐྱོབ་དགོས་པའི་གལ་གནད་རང་བཞིན་མཚོན་གྱི་ཡོད་སྐོར་བརྗོད་འདུག

ཡང་རྒྱབ་ཤ་དཀར་པོ་དེའི་ནང་ད་ལྟ་ཨ་རིའི་ནང་རྒྱ་ནག་གི་སློབ་མ་ཁྲི་ ༥༠ ཙམ་ཡོད་པ་དང་། ཁོ་ཚོ་ལས་མང་ཆེ་བ་ཨ་རིའི་སྐད་གྲགས་ཅན་གྱི་སློབ་ཆེན་མང་པོ་ཡོད་པའི་རྒྱལ་ས་ཝ་ཤིང་ཊོན་དང་ཁ་ལི་ཧྥོར་ནི་ཡ་(California)། ཧྥི་ལོ་རི་ཌཱ་(Florida)སོགས་ཀྱི་ནང་ཡོད་པ་དང་། ཨ་རི་ནི་རྒྱ་ནག་གི་སློབ་མ་ཡོང་ས་གཙོ་ཤོས་ཤིག་ཡིན་ཡང་། རྒྱའི་སློབ་མ་མང་ཆེ་བའི་ཆེད་སྦྱོང་སློབ་ཚན་ནི་ཁྱིམ་མི་དང་གྲོགས་པོ་སོགས་ཀྱི་རེ་འདུན་ལྟར་འདེམ་གྱི་ཡོད་པ་ལས། སློབ་མའི་ནུས་པར་བསམ་བློ་གཏོང་གི་མེད་སྟབས། སློབ་སྦྱོང་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ཞིབ་འཇུག་བྱས་པ་ལྟར་ན། རྒྱ་ནག་ནང་དེང་རབས་འཕྲུལ་རིགས་སྣ་ཚོགས་ལ་བརྟེན་ནས་རྒྱུགས་སྤྲོད་སྐབས་ཕབ་བཤུ་བྱེད་མཁན་ཧ་ཅང་མང་པོ་ཡོད་སྟབས། ཉེ་བའི་ལོ་ཤས་ནས་བཟུང་རྒྱ་གཞུང་གིས་རྒྱུགས་སྤྲོད་ཀྱི་སྒྲིག་ལམ་ལ་དོ་ནན་ཆེ་རུ་བཏང་ཡོད་པ་མ་ཟད། སློབ་གྲྭ་ཆེ་འབྲིང་གི་སློབ་མ་མང་པོ་རྒྱུགས་སྤྲོད་སྒྲིག་ལམ་དང་འགལ་བའི་ནག་ཉེས་འོག་ཉེས་ཆད་ཕོག་ཡོད་འདུག། དེང་སང་རྒྱ་ནག་ནང་རྒྱུགས་ཚབ་སྤྲོད་པ་དང་དཔྱད་རྩོམ་འབྲི་རོགས་བྱེད་པ་སོགས་དང་འབྲེལ་བའི་དྲ་རྒྱ་ ༣༡༠༠ ལྷག་ཡོད་པ་དང་། དེ་ཚོས་རྒྱ་ནག་ནང་ལོགས་ཀྱི་མཐོ་སློབ་ཁག་གི་ནང་ཚོང་ལས་དེ་གཉེར་གྱི་ཡོད་པ་མ་ཟད། ཨ་རི་དང་ཁེ་ན་ཌ། དབྱིན་ལན་སོགས་ཀྱི་ནང་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་ཚོར་རྒྱུགས་ཚབ་སྤྲོད་རོགས་བྱས་ཏེ། སྒོར་མོ་མང་པོ་ལེན་གྱི་ཡོད་པ་དང་མཉམ་དུ། རྒྱལ་ཁབ་དེ་ཚོའི་ནང་གནས་སྡོད་བྱེད་པའི་གོ་སྐབས་ཀྱང་འཚོལ་གྱི་ཡོད་པ་དང་། དེ་བཞིན། ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་ནང་རྒྱུགས་ཚབ་སྤྲོད་དུ་ཡོང་མཁན་ཡང་མང་པོ་ཡོད་འདུག ད་ལྟའི་ཆར་རྒྱ་ནག་ནང་རྒྱུགས་ཚབ་སྤྲོད་མཁན་ལ་རིན་གོང་མ་འདྲ་བ་མང་པོ་ཡོད་ཀྱང་། རྒྱུགས་ཚབ་པ་གཅིག་ལ་རྒྱ་སྒོར་ ༢༠༠༠ ནས་ ༡༠༠༠༠ བར་སྤྲོད་དགོས་པ་དང་། གལ་ཏེ་ཕྱིའི་རྒྱལ་ཁབ་ནང་ཕར་འགྲོ་དགོས་པའམ་ཡང་ན་རྒྱ་ནག་ནང་ཚུར་ཡོང་དགོས་པ་ཡིན་ན། རྒྱུགས་ཚབ་པར་གླ་ཆ་མཐོན་པོ་སྤྲོད་དགོས་པ་མ་ཟད། ཕར་ཚུར་གྱི་གནམ་གྲུའི་གླ་ཆ་དང་མགྲོན་ཁང་སོགས་ཀྱི་འགྲོ་གྲོན་ཚང་མ་གཏོང་དགོས་ཀྱི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༧སྐུའི་གོ་སྟོན་སྲུང་གཙིའི་རིག་གཞུང་དུས་སྟོན་འཚོག་བཞིན་པ། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་གཞུང་དུས་སྟོན་འཚོག་བཞིན་པ།

༢༠༢༥/༡༠/༢༤
འདི་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་སྟོན་རྒྱུར་དཀའ་ངལ་འཕྲད་འདུག

༢༠༢༥/༡༠/༢༤
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཉི་ཧོང་གི་སྲིད་བློན་ས་ནའེ་ཊ་ཀའེ་ཆི་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར་སྒྲིག་སྦྱོར་བྱས།
Mobile App

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་།

༢༠༢༥/༡༠/༢༤
བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་གཙི་ཞུས། ༢༠༢༥།༡༠།༢༣ ཐད་གཏོང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ནས་བཟུང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་བོད་ཡིག་ནང་སློབ་ཁྲིད་གནང་འཆར་འདུག

༢༠༢༥/༡༠/༢༣
བོད་ཀྱི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བརྩམས་ཆོས་དང་གཟེངས་རྟགས། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

ནམ་མཁའི་སྔུར་སྒྲ་ཞེས་པའི་ཆེད་སྒྲིག་ལ་ཨོ་གླིང་གི་དེང་རབས་ཆེད་སྒྲིག་ཡག་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༥/༡༠/༢༣
ན་གོར་མོར་གསར་དུ་རྒྱག་བཞིན་པའི་རྡུལ་ཕྲན་མཚོན་ཆའི་ལྟེ་གནས། འཁོར་སྐར་ལས་བླངས་བའི་པར།
Mobile App

རྒྱ་ནག་གཞུང་གིས་བོད་མཚོ་ནུབ་ཁུལ་ན་གོར་མོར་རྡུལ་ཕྲན་མཚོན་ཆའི་ལྟེ་གནས་གསར་རྒྱག

༢༠༢༥/༡༠/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese