མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

‘ཆར་གདུགས་འོག་གི་གསར་བརྗེ’ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

༼ ངས་རྒྱ་མཚོར་ལྟ་འདོད། ༽

རྩོམ་མཁན་ཧན་རེ་ཝེ་ (Henry Wei Leung) དང་ལུ་ཡེ་སི། (Louise Law)

དགོང་མོ་དེར་ཁོ་ཚོས་མོང་ཁོག་ (Mong Kok) སྲང་ལམ་གཙང་བཤེར་བྱས་པ་ན། ང་རང་ཆེས་འབྲལ་སྙིང་མི་འདོད་པ་ཞིག་ནི་རང་ཁྱིམ་དང་ཁད་མི་རིང་སའི་མཐའ་ཡས་པའི་རྒྱ་མཚོ་རེད།

རྒྱ་མཚོར་བསྐྱོད་སའི་ལྕགས་ལམ་གྱ་གྱུ་ཞིག་ཡོད་པ་དེའི་ཕྱོགས་གཅིག་ན་རྐང་ལམ་དང་ར་སྐོར་མཐོན་པོ་དང་། ཕྱོགས་གཅིག་ན་རྡོ་བའི་ཆུ་རགས་དང་རྦ་རླབས་ཀྱིས་རྡེག་ཅིང་ཟད་པའི་བྲག་རྡོ་མང་པོས་བསྐོར་ཡོད། གལ་ཏེ་ང་ཡང་མི་གཞན་པ་ཚོ་ནང་བཞིན་ར་སྐོར་དེའི་རྒྱབ་ལོག་ནས་ལང་བསྡད་ཚེ། སུས་ཀྱང་ང་ལ་བར་ཆད་གཏོང་མི་སྲིད་པ་ངས་གསལ་བོར་རྟོགས་མོད། འོན་ཀྱང་དགོང་མོ་དེར་ང་རང་གཙང་ངོགས་སུ་བཅར་སྙིང་འདོད་པས། ང་བྲག་རྡོ་དེ་དག་གི་སྟེང་བཙོག་པུར་བསྡད་ཡིན།

དེ་གར “ཆོག་མཆན་མེད་པར་རྒྱ་མཚོར་བལྟས་མི་ཆོག” ཅེས་པའི་བརྡ་ཁྱབ་ཅིག་སྦྱར་འདུག་ཀྱང་། དོན་དངོས་སུ། སྒྲིག་ལམ་དེ་སྔ་མོ་ནས་ཡུལ་མི་ཚོའི་སེམས་ན་གསལ་བོ་ཡིན་པས། བརྡ་ཁྱབ་དེ་དགོས་དོན་མི་འདུག ངའི་རྒྱབ་ཕྱོགས་ཀྱི་རྒྱ་ལམ་སྟེང་རྒྱུག་གིན་པའི་རླངས་འཁོར་གྱི་གློག་འོད་ངའི་ཐོག་ལ་འཕྲོས་ཡོང ། དེར་བརྟེན། མི་འགྱང་བར་ཉེན་རྟོག་དམག་ཡོང་ནས། ངས་གཏོར་བརླག་བྱེད་པར་དོགས་ཏེ། “ཕྱིར་ཤོག ཉེན་ཁ་ཆེ” ཞེས་ངག་འཇམ་པོའི་སྒོ་ནས་ང་ཕྱིར་ལོག་ཏུ་འཇུག་ངེས་པ་གོར་མ་ཆགས།

ངས་ཉེན་རྟོག་དམག་ལ“ངས་རྒྱ་མཚོར་ལྟ་གི་ཡོད། ང་ལམ་སང་ཕྱིར་ལོག་ཡོང”ཞེས་དེ་སྐད་བཤད་པ་ཡིན།

ཁོས་ང་ལ“གལ་ཏེ་ཁྱོད་རྒྱ་མཚོའི་ནང་ལྷུང་སོང་ན་ཅི་ཆ”ཟེར།

“ང་རྒྱ་མཚོར་ལྷུང་མི་སྲིད”

མཇུག་མཐར་ཁོས་ཨ་ཕ་ཞིག་གི་ཚུལ་གྱིས“ཕྱིར་ལ་ཤོག བུ་མོ་ཡ་རབས་ཤིག་བྱེད་རྒྱུ་གལ”

དྲང་མོར་བཤད་ན། དགོང་མོ་དེར་ངས་ངོ་མ་རྒྱ་མཚོར་བལྟ་འདོད་པ་ཡིན། ང་རང་གི་བསམ་སྦྱོར་དང་ང་རང་གི་བདེ་འཇགས་དེ་ང་རང་ཉིད་ཀྱི་དོན་དག་ཅིག་ཡིན་པ་ལས། གཞན་ལ་འབྲེལ་བ་མེད། དེ་བས། ང་རྡོ་ཐོག་ནས་མར་འབབ་དུ་འཇུག་པའི་བཀའ་དབང་སུ་ལའང་ཡོད་པ་མ་རེད།

གྲོང་ཁྱེར་འདི་ལ་རང་དབང་མི་འདུག དེར་བརྟེན། ང་ཚོས་སྔར་བཞིན་སྲོན་དགོས་པ་རེད། ཡིན་ན་ཡང་ང་ཚོས་དུས་ཡུན་ག་ཙམ་རིང་བཟོད་དམ། མི་མང་འཇུ་བཟུང་བཀག་བསྐྱིལ་བྱེད་ཀྱི་འདུག མི་མང་འཛིན་བཟུང་བྱེད་མཁན་ནི་སྒྲིག་ཆས་གྱོན་མཁན་ཞིག་རེད། ཁོས་མི་མང་ལ་ཁོ་རང་གི་ཁ་ལ་ཉན་དགོས་པའི་བཙན་སྐུལ་གཏོང་། གཅིག་བྱས་ན་ཁོས་དེ་ལྟར་བྱས་པས་མི་ཕན་སྙམ། མ་གཞི་ནས་མིའི་ཚེ་སྲོག་ནི་དེ་འདྲའི་རིན་ཐང་མེད་པ་ཞིག་གཏན་ནས་མ་ཡིན། དོན་ཆེན་ཞིག་བྱུང་རྗེས། མི་མང་གིས་ད་གཟོད་ཟམ་མི་ཆུད་པའི་དྲག་གནོན་འདིའི་མཇུག་འབྲས། གཅིག་བྱས་ན་རྒྱལ་དམངས་བདེ་འཇགས་དང་འཆམ་མཐུན་ཡོང་བའི་སླད་དུ་ཡིན་ཡང་སྲིད་པའི་ངེས་ཤེས་འདྲོངས། ཡིན་ནའང་། དེ་ལྟ་དེ་ལྟར་དུ། མི་ཞིག་གི་གཞི་རྩའི་ཁེ་དབང་སྲུང་ཕྱིར་དུ། ཁོ་ཚོས་མི་དེ་ཅི་ཡང་མི་ནུས་པའི་དབང་ཤེས་སྐྱོན་ཅན་བཟོ་འགྲོ་གི་ཡོད།

བཅར་ སྡོད་ཉེན་རྟོག་དམག་ (ཁོ་ཚོས་ལམ་འགྲོ་བ་རིག་རིག་ཐུག་ཐུག་ལ་དབྱུག་པས་རྡུང་བ་མ་ཟད། མཁས་དབང་གྲེས་པོ་དག་འཛིན་བཟུང་བཙན་ཁྲིད་བྱེད་ཀྱི་ཡོད) དང་ཁོང་ཚོའི་དབང་ཤེད་དེ་དགོང་མ་གཅིག་ལ་བསྐྱེད་འོངས་པ་ཞིག་མ་ཡིན་ཏེ། དུས་ཡུན་རིང་བོར་སྡོད་ས་ཆགས་ས་མེད་ལ་གཞན་གྱི་རྐུབ་གཡོག་ཏུ་རྒྱུག་མཁན་གཞོན་ སྐྱེས་འཁྱམ་པོ་དང་འཆལ་མོ་མང་པོས་མུན་ནག་གི་གྲུ་ཟུར་དག་མི་མཐོང་ཁུལ་བྱེད་ ཅིང་། ཁེ་བཟང་མི་རེག་མཁན་ཚོར་རྒྱུ་རྐྱེན་ཅི་ཡང་མེད་པར་རྒོལ་རྡུང་གཏོང་བ་དང་བཙན་ གཡེམ་བྱེད་པ། བཙོན་འཇུག་བྱེད་པ་དང་རྒྱང་ཕུད་གཏོང་གི་རེད། རྒྱུ་མཚན་ཁོ་ཚོ་ཚང་མ་ནུས་མེད་ཉམ་ཆུང་ཡིན་པས། ཁོ་ཚོའི་ངུ་འབོད་སུས་ཀྱང་མི་གོ་བ་རེད། དཀའ་སྡུག་འདི་དག་ཁོ་ཚོས་དུས་ག་ཙམ་བར་བཟོད་པ་དེ་ཙམ་དུ། ཁོ་ཚོས་གཅིག་རྗེ་གཅིག་གིས་དེད་ནས་སྲང་ལམ་དུ་འཁྱམ་ཞིང་ཉུལ་དགོས། ཁོ་ཚོ་ཚོང་མས་འདི་འདྲའི་ཕྱོགས་རིས་དབྱེ་གཅོད་ཀྱི་དཀའ་སྡུག་ཉམས་སུ་མྱོང་ དགོས་པ་རེད། དེ་ལྟར་ཡང་། ཉེན་རྟོག་དམག་གི་དབང་ཤེད་ཁྲིམས་ར་ཙམ་དུ་མ་ཟད། ཐ་ན་སྒྲིགས་ཁྲིམས་སྲུང་མཁན་ (ཁོ་ཚོས་རང་གི་སྐྱེས་ཐོབ་ཀྱི་ཁེ་དབང་ལ་ཐུག་ཀྱང་། ད་དུང་དམུས་ལོང་བའི་བརྟུལ་ཞུགས་བཟུང་འགྲོ) མི་མང་གི་སྟེང་ལའང་བཀོལ་ཡོང་།

དེ་ལ་དོགས་དཔྱོད་ཙམ་ཡང་མི་གཏོང་མཁན་མང་པོ་ཞིག་གིས་གླིང་ག་དང་ཁྲོམ་སྲང་། ཡང་ན། མི་མང་འདུ་གནས་གང་སར་རང་ཉིད་ཀྱི་མི་ཚེ་ཐུང་ཐུང་འདི་ནོར་སྐྱོན་དང་རྙོག་འཛིང་འབའ་ཞིག་ཏུ་འཁྲུལ་ནས། རང་ཉིད་ལ་དལ་ཁོམ་དང་ངལ་གསོ། འདྲ་པར་ལེན་པ་དང་ལྕགས་རྟར་བཞོན་པ། ཟས་ལ་རོལ་བ་དང་གཉིད་ཉལ་བ། ཐ་ན་གྲོགས་ཉེ་དུ་ལྷན་འཛོམ་གྱི་ཁོམ་ལོང་ཙམ་ཡང་མེད་བཞིན་དུ། ད་དུང་ཚུལ་མིན་ལུགས་ལྡོག་གི་སྒྲིག་སྲོལ་འདི་དག་བརྩི་ཡི་ཡོད།

དེར་མ་ཟད། ཁྱོད་ཀྱིས་དེང་རབས་ཐོན་གསར་གྱོན་ནས་ཁྲོམ་སྲང་གི་གྲུ་ཟུར་གང་རུང་དུ་འཁྱུག་ཙམ་སྡོད་པའམ། ཡང་ན་ལམ་འགྲམ་དུ་བསྡད་ནས་ལྟད་མོར་གཡེང་སྐབས། ཁྱོད་ཀྱིས་དྲག་ཆས་དམག་གི་སྒྲིག་བཀོད་དང་བསྟུན་དགོས་ཀྱི་རེད།

མི་ཚང་མས་ཡུལ་མི་དང་ཉེན་རྟོག་དམག་གཉིས་ཀྱི་སུ་ཡིན་རུང་། བློ་ངོར་མི་ཤོང་བའི་སྒྲིག་བཀོད་འདི་དག་གིས་ཁོ་ཚོ་ཧ་ལས་ཤིང་ཧང་སང་དུ་བཅུག་ཡོད་པ་ངང་གིས་དཔག་ཐུབ། དེ་ཡང་སྔ་རབས་པ་ཚོས་གཡུང་མོ་ལུག་གི་སྤྱི་སྲོལ་ལྟར་དུ་སྒྲིགས་ཁྲིམས་འདི་དག་བརྩི་མ་ཤེས་པས་ཟིང་ཆ་བསླངས་པ་རེད། ཕྱི་རབས་པ་ཚོས་དེ་འདྲའི་སྒྲིག་སྲོལ་རྒྱུན་འཛིན་བྱེད་མཁན་ཚོའི་བཀའ་བཀོད་དང་ལེན་བྱེད་མ་ཐུབ་པའི་དབང་གིས། ཁོ་ཚོར་མེ་མདས་རྒྱག་པ་དང་དབྱུག་པས་རྡུང་བ། ལྕགས་སྒྲོག་རྒྱག་པ་དང་མནར་གཅོད་གཏོང་གི་ཡོད།

འདི་ ནི་གཟེབ་ཏུ་ཚུད་པའི་སེམས་ཅན་གྱིས་རང་གི་ཞ་ཀྱོག་ཏུ་བཏང་བའི་གཟུགས་པོ་དགྱེ་ སྒུར་མི་ནུས་པར་ཀྲོང་ངེར་ལངས་ཏེ། གློ་བུར་གློ་བུར་གཟེབ་དྲའི་ངོས་ལ་གྲུ་སུག་རྒྱག་པ་དང་གཉིས་སུ་མེད། དེ་ལོས་ཡིན། ཁོ་ཚོར་སྦྱོང་བརྡར་སྤྲོད་མཁན་དང་ལྟ་རྟོག་བྱེད་མཁན་ཚོས་རེ་དོགས་ངང་ཁོ་ཚོར་ བལྟས་བསྡད་ཡོད་པ་རེད།

མི་མང་མཉམ་རུབ་ཀྱི་ལྕགས་རི་ཡིན་ཡང་རྩ་ནས་སློག་ནུས་མོད། འོན་ཀྱང་། ཐོག་མར་སྙིང་དབུས་སུ་བརྩིགས་པའི་ལྕགས་རི་དེ་མགོ་སྟེང་སློག་དགོས། འདི་ནི་མི་གཅིག་གིས་ཀྱང་སྒྲུབ་ནུས་པ་ཡིན། ཁྱོད་རང་མོང་ཁོག་ཁྲོམ་སྲང་ནས་ཧད་དེ་སྡོད་པ་ལས། ཁྱོད་རང་གྲོགས་པོ་དང་ལྷན་དུ་ཕྱིར་རང་ཁྱིམ་དུ་ལོག་པའམ། སྤྱི་གླིང་དང་ར་སྐོར། ལས་ཁུངས། ཡང་ན་མི་མང་འདུ་གནས་གང་དུའང་སོང་ཆོག་གི་རེད།

ངའི་ཡིད་ལ་གསལ་བོར་དྲན་པ་ཞིག་ལ། གླིང་ཕྲན་འདིའི་སྟེང་འཚོ་ཞིང་སྡོད་པའི་མི་སེར་སུ་ཡིན་ཡང་། ཁོ་ཚོས་རྒྱ་མཚོར་བལྟ་བའི་གཞི་རྩའི་ཁེ་དབང་ཅི་ནས་ཀྱང་ཡོད་སྟབས། ང་ཚོར་ཚུགས་ཐུབ་ཀྱི་ལངས་ཕྱོགས་ཤིག་ངེས་པར་དུ་ཡོད་དགོས། རྒྱུ་མཚན། སྐྱི་གཡའ་བའི་ཉེན་རྟོག་དམག་མི་ཕ་གིས། ང་རང་མཚོ་ངོགས་འདི་ནས་སོང་ཟེར་གྱི་འདུག ཡིན་ནའང་། ངས་རང་གི་མིག་མདུན་དུ་ལངས་སྡོད་པའི་གང་ཟག་དེ་ཡང་། ང་རང་དང་འདྲ་བར། སྔོན་ཆད་དུས་ཡུན་རིང་བོར་ཁྲི་མུན་དུ་བསྡད་མྱོང་བ་ཤེས་ཡོད། ངོ་མ་འཇིགས་ཡེར་བ་ཞིག་ལ། གལ་ཏེ་ང་རང་སྒྲིག་བཀོད་ལ་གཏོར་བརླག་བྱེད་མཁན་ཆེས་ཐོག་མ་དེ་ཡིན་ན་ནི། ཉེས་དོན་དེས་ཁོ་དང་ཁོའི་མི་ཚེ་དཀའ་སྡུག་ལ་གཏད་ཡོད་ཤག་རེད། སེམས་སྡུག་ལ་འཕྲད་ཅིང་སྡོད་པའི་མི་ཞིག་ལ་མཚོན་ན། ཆེས་སྤྱིར་བཏང་གི་དོན་དངོས་ (སྤྱིར་རྒྱ་མཚོར་ལྟ་བ་དང་རྒྱ་མཚོའི་ནང་མཆོང་བ་གཉིས་དོན་དག་ཁ་ཁ་རེད) ཤིག་ལ་ཡིད་རྟོན་རྒྱུ་དེའང་དཀའ་མོ་རེད་དེ། མཇུག་འབྲས་ཆེས་འཇིགས་སུ་རུང་ནི་བཙོན་ཁང་རེད་པས། ཁོ་རེ་དོགས་ཀྱིས་ཞེད་ཅིང་། ང་དཀའ་རྙོག་ལ་སྐྲག།

དྲག་སྙོམས་སྒོས། སྤྱི་ཡོངས་འོས་བསྡུའི་ཐོབ་དབང་ནི་དམིགས་འདུན་ཞིག་ཡིན་པ་རེད། འོན་ཀྱང་དེ་ཡང་བསམ་ཚུལ་ཞིག་ཡིན་པའི་ཆ་ནས། དེས་གསང་བའི་འོས་འདེམ་ལས་ལྷག་ཅིག་མཚོན་གྱི་ཡོད་དེ། དེས་ནི་མི་སེར་ཞིག་གི་ཆེས་མ་མཐའི་ཆེ་མཐོང་དང་ཐོབ་ཐང་འགའ་ཞིག་བསྐྱར་གསོ་གནང་གི་ཡོད། དེ་ལྟར་ཡང་། གལ་ཏེ་ཉིན་རེའི་འཚོ་བའི་ནང་འབྲེལ་ཐག་འདི་དག་གཅིག་ཏུ་སྦྲེལ་ཐབས་མེད་ཚེ། འབོད་ཚིག་ནི་འབོད་ཚིག་ཙམ་དུ་ཟད་དེ། སྐད་ཆ་དེ་ལག་ལེན་དུ་བསྟར་ཐུབ་པ་མ་རེད།

གླིང་ཕྲན་འདིར་ཟམ་མི་ཆད་པར་ཆག་གྲུམ་ཤོར་གི་ཡོད་ཅིང་། ལས་འགུལ་འདི་རྒྱུ་རྐྱེན་འདི་དང་འབྲེལ་བ་མེད་པ་ལྟར་སྣང་། དེ་ཡིན་རུང་། དོན་དངོས་སུ་གྲོང་ཁྱེར་འདིའི་ནང་འཚོ་ཞིང་སྡོད་པའི་མི་ཚང་མས་དངོས་ཡོད་གནས་སྟངས་འདི་ལས་ལྡོག་སྟེ། དཀའ་སྡུག་གཞན་ཞིག་ལ་གདུང་ལེན་བྱེད་ཀྱི་འདུག ལས་འགུལ་འདི་གློ་བུར་བའི་རླུང་འཚུབ་ཅིག་གི་ཚུལ་དུ་ཕྱུང་ཙ་ན། མི་ཚང་མ་རླུང་འཚུབ་དེའི་དཀྱིལ་དབུས་སུ་ཡོད་ མོད། འོན་ཀྱང་རླུང་འཚུབ་དེ་རང་སོར་འཇགས་སོང་། ཡིན་ནའང་། མི་ཚང་མས་རླུང་འཚུབ་དེའི་མཇུག་འབྲས་ལེགས་པོར་རྟོགས་ཡོད་མེད་ང་ལ་སོམ་ཉི་ བསྐྱེད་འོངས། དེ་ལྟར་ཡང་། འདི་ནི་ཕལ་ཆེར་ཕྱི་ལོ་ ༢༠༠༣ ལོའི་ (SARS) རྗེས་ཀྱི་དམངས་གཙོའི་ལས་འགུལ་ཐོག་མ་དེ་ཡིན་ངེས། ཉིས་སྟོང་གསུམ་ལོར། གྲོང་ཁྱེར་འདིའི་མི་དམངས་ཚང་མས་ལས་དོན་གཅིག་ཁོ་ན་རྩོད་ལེན་བྱས་པ་རེད། སྐབས་དེར་ཁྲོམ་སྲང་དུ་འཁྱམ་མཁན། སྤྱི་སྤྱོད་རླངས་འཁོར་ནང་སྡོད་མཁན། ཟ་ཁང་དུ་ཟས་ལ་རོལ་མཁན། ཐ་ན་ཁོར་ར་ཁོར་ཡུག་གི་མི་ཚང་མས་སྐབས་དེའི་ལས་འགུལ་སྐོར་བགྲོ་གླེང་གྲོས་མོལ་བྱེད་ཀྱི་འདུག

ཕྱི་དྲོ་དེར། བདག་གིས་སྟབས་བདེ་ཟ་ཁང་ཞིག་ནང་མངར་ཟས་ཟ་བཞིན་པའི་སྐབས་སུ། བདག་གི་འཁྲིས་སུ་སྡོད་པའི་སྐྱེས་མ་འགས་འཚོ་གཞིས་རྩོད་གླེང་སྐོར་སྐོར་ལ་གྲོས་མོལ་དོན། “ཧོང་ཀོང་ནང་མི་ས་ཡ་ ༧ ཡོད། བཤད་ཚུལ་ལྟར་ན། དེའི་ནང་གི་ས་ཡ་ ༢ རམ་འདེགས་རོགས་སྐྱོར་ལ་རྟེན་ནས་འཚོ་ཞིང་གནས། ཕྱིས་སུ་མི་ས་ཡ་ ༥ དེ་ལ་ཕྱིར་རྒོལ་བྱས་འདུག དེས་ན། ཅིིའི་ཕྱིར་ང་ཚོས་ཀྱང་གོམ་གང་མདུན་སྤོས་ཀྱིས། ཁོ་ཚོའི་ཁ་གཏད་དུ་མི་ལང་བ་ཡིན་ནམ”

“རྒྱུ་མཚན། ང་ཚོ་གནས་ལུགས་བརྩི་སྲུང་མཁན་ཡིན་པས། ང་ཚོ་ཕྱི་ལོག་ལ་སོང་ནས་རང་གི་བྲང་ཁ་ཁུ་ཚུར་གྱིས་རྡུང་དོན་མེད”

“འདི་གར་གཞིས་སྡོད་མི་མང་གིས་སྒྲིགས་ཁྲིམས་བཤིག་གིན་ཡོད། དེའི་རྐྱེན་པས། ཉིན་མཚན་དབྱེར་མེད་ལ་ཉེན་རྟོག་དམག་གིས་འགན་སྲུང་ཡོད་པ་མིན་ནམ”

“བདེན་པ་རེད། དེ་མིན་ན། མི་ཡུལ་འདིར་ཉེན་རྟོག་དམག་འདི་འདྲ་མང་པོ་མངགས་གཏོང་བྱས་པའི་ཡུལ་ལུང་ཞིག་ཡོད་མི་སྲིད། དེར་མ་ཟད། ངོ་རྒོལ་ལས་འགུལ་བ་ཚོར་ཚབས་ཆེ་བའི་རྨས་སྐྱོན་འདི་འདྲ་གཏོང་སྲིད་ཀྱི་མ་རེད”

“ད་ནི་ཁྲབ་ལྡན་འཁོར་ལོ་ཡོང་ནས། ཁོ་ཚོར་དྲག་གནོན་བྱེད་དགོས་ནི་རེད”

ངས་མངར་ཟས་ཟ་ཞོར། ཁ་རོགས་གེར། ཕ་རོལ་བོར་བརྩི་འཇོག་གི་སྒོ་ནས། རང་ཉིད་ལ་རང་གི་གྲོགས་ཉེ་དུ་ཚོའི་ཁ་ནས་གོ་མ་མྱོང་བའི་སྐད་ཆ་འདི་དག་ལ་གཟབ་ནས་ཉན་དགོས་པའི་དྲན་སྐུལ་བཏང་བ་ཡིན། ཁོ་མོ་ཚོས་འདི་ལྟར་བསམ་དོན་ག་རེ་ཡིན་ནམ།

ཡང་བུད་མེད་གཞན་ཞིག་གིས་བཤད་རྒྱུར། “གལ་ཏེ་ཁོ་ཚོ་ཧོང་ཀོང་ལ་དགའ་བོ་མེད་ན། མི་འདི་ཚོ་ས་ཆ་གཞན་ལ་རང་ཁ་གསོ་རུ་འགྲོ་ཐུབ་དགོས་ནི་རེད། ང་ཡང་སྔོན་ཆད་ལོ་ན་ཆུང་དུས། འཚོ་གནས་ཧ་ཅང་དབུལ་བོ་ཡིན། འོན་ཀྱང་ངས་ལས་ཀར་ཧུར་བརྩོན་བསྐྱེད་ནས་ལམ་གྱི་འགྲོ་དངུལ་ཙམ་བསོགས་རྗེས། སྐམ་ས་ཆེན་མོར་ཕྱིར་ཡོང་ནས། ཚོང་ལས་གཉེར་བ་ཡིན། ཧྲང་ཧེ་གྲོང་ཁྱེར་ཡག་པོ་ཡོད་རེད། དེ་གར་ཆབ་སྲིད་གླེང་མཁན་མེད། དེ་བས། ཁོ་ཚོ་འདི་འདྲ་ཕྱུག་པོ་ཆགས་རེད”

དེ་ལྟར། ཁོ་མོ་ཚོས་རང་རང་གི་བྱིས་དུས་ཀྱི་དཀའ་སྡུག་ནས། དོན་མེད་ལ་སྐྱོན་བརྗོད་མི་གནང་མཁན་ཚོ་དེང་སྐབས་འབྱོར་ཕྱུག་ག་འདྲ་རྒྱས་ཡོད་ལུགས་སོགས་གསལ་བཤད་བྱེད་དུས། ངས་ནི་རང་ཉིད་ལ་བསམ་གཞིག་གཏོང་རྒྱུ་མ་གཏོགས། ཁོ་མོ་ཚོར་རྩོད་གླེང་བྱེད་ཐབས་བྲལ་ཏེ། མི་སུ་ཡིན་རུང་། རང་གི་མི་ཚེ་མྱོང་གྲུབ་ལས་རང་ཉིད་ལ་གོ་རྟོགས་རེ་བསྐྱེད་ཅིང་། ད་དུང་དེའི་ཞར་ལ་ཕ་རོལ་བོར་ཉེས་དོན་ཁག་དཀྲི་ཡང་བྱེད་ཀྱི་ཡོད། དེ་འདྲའི་ཉེས་སྐྱོན་ཁག་དཀྲི་རེ་རེ་ལའང་རང་རང་གི་རྒྱུ་མཚན་ལྟ་དགོངས་རེ་ཅི་ནས་ཀྱང་ཡོད་པ་རེད།

 གལ་ཏེ་མི་ཚོས་ཁྲི་མུན་དུ་བཅུག་པའི་མིའི་མགོ་ལ་རྡོག་རྫིས་བཏང་ཚེ། ད་གཟོད་ཁོ་ཚོར་གཞི་ནས་བདེ་ཚོར་འཐོབ་པ་ཡིན་ན། ཁོ་ཚོས་བཙོན་ནས་ཐར་ཐབས་སུ་བརྩོན་མཁན་ཚང་མ་རང་གི་དགྲ་བོར་སེམས་ཤིང་། ཡང་ཁྲི་མུན་དུ་ཞི་ལྷོད་ཉམ་ཆུང་གིས་སྡོད་པ་ནི་ཁོ་ཚོའི་དབང་ཤེད་ལ་བརྩི་སྲུང་དང་ཡི་རངས་བྱས་པར་སྙམ་སྲིད་པ་རེད།

འདི་ནི་བསམ་བཞིན་དུ་ལས་འགུལ་སློང་མཁན་ཚོར་བྱས་པ་ཡིན། ཁོ་ཚོའང་སྤྱི་ཚོགས་འདིའི་བཟློག་དཀའ་བའི་རྩོད་རྙོག་ལ་ཕྲད་ཀྱང་། ཁོ་ཚོས་དྲང་བདེན་སྲུང་བ་དང་གཏོར་བཤིག་གཏོང་རྒྱུ་གང་ཡང་མི་ནུས་པར་འདུག དེས་ན། དོན་དངོས་སུ་ང་ཚོའི་ཐུན་མོང་དང་ཐུན་མོ་མ་ཡིན་པའི་ཕུགས་འདུན། དེ་དང་འབྲེལ་བའི་ལས་འགུལ་ཡོད་ཚད་གཅིག་པ་མ་ཡིན་ནམ།

གཅིག་བྱས་ན། མི་མང་དབྱེ་གཅོད་ཀྱི་གནད་དོན་འདི་འདྲ། ང་ཚོ་ཕན་ཚུན་ཁ་གཏད་དུ་ལངས་པས་མ་ཡིན་པར། དེ་ལས་ལྡོིག་སྟེ། ང་ཚོའི་ནུས་སྟོབས་དང་འདོད་ཕྱོགས་གང་ཡིན་ཡང་གཅིག་པ་རེད།

མཇུག་མཐར་ང་ཁོར་ཡུག་གི་མི་འདི་ཚོའི་གན་དུ་བཅར་ནས་ཁོང་ཚོར་རྒྱུས་ལོན་བྱེད་དགོས་ཡོད་དམ།

ང་རང་ལས་འགུལ་ནང་ཞུགས་པར། ངས་ཨ་མ་ལགས་འགྲོ་རོགས་སུ་འཁྲིད་རྩིས་མེད། རྒྱུ་མཚན་ཕ་རོལ་བོའི་ཕྱི་རྒོལ་གནོན་ཤུགས་འོག ངས་རང་གི་ཁྱིམ་མི་ཚོ་ལས་འགུལ་འདིའི་ནང་ཚུད་དུ་འཇུག་མི་འདོད། ཡིན་ནའང་། བདག་གི་ཨ་མ་ལགས་རང་འགུལ་གྱིས་ང་དང་ལྷན་དུ་ལས་འགུལ་འདིའི་ནང་ཞུགས་སོང་། རྒྱུ་མཚན་ནི། སྐབས་དེར་ལས་འགུལ་བ་ཚོར་ཐེབས་པའི་གཅར་རྡུང་དང་ཚབས་ཆེ་བའི་རྨས་སྐྱོན་དེས་ཁོང་མོར་སེམས་སྡུག་ཆེན་པོ་བསྐྱེད་བྱུང་ཟེར། ཁོང་མོའི་གྲོགས་མོ་ཚོ་ལས་འགུལ་སྤེལ་མཁན་ཚོའི་ཁ་གཏད་དུ་ལངས་ཏེ། ཁོང་ཚོས་གྲོང་ཁྱེར་ལ་གཏོར་བཤིག་བཏང་བར་ཁ་རྡུང་གཏོང་གི་ཡོད་སྟབས། ངའི་ཨ་མ་ལགས་ན་རེ“ངས་ཁོ་ཚོར་རྩོད་ཤག་རྒྱག་མི་འདོད། ཁོ་ཚོས་ཐ་ན་ (The Water Margin) ཞེས་པའི་བརྩམས་ཆས་འདི་ཡང་ཀློག་མྱོང་མེད་པ་མ་ཟད། ད་དུང‘ངོ་ལོག་མཐའ་སྐྲོད’ཅེས་པའི་གོ་དོན་ཡང་མི་རྟོགས་པར་འདུག ཡིན་ན་ཡང་། ངས་ཁོ་ཚོར་སྐད་ཆ་གཅིག་གཏམ་སྙིང་འདོད་དེ། གལ་ཏེ་མི་མང་གིས་བདེན་དོན་གལ་ཆེན་ཞིག་བརྩོན་ལེན་བྱེད་པ་མིན་ན་ནི། ཁོ་ཚོ་འདི་ལྟར་ཅི་སྙམ་དུ་ཁྲོམ་སྲང་ནས་ཉལ་དོན་ཡོད་པ་མ་རེད”

ཉེ་ལམ་བདག་གི་ཨ་མ་ལགས་ཀྱིས་རྒན་གསོ་ཁང་ཞིག་ཏུ། ལས་འགུལ་སློང་མཁན་ཚོར་ཕྱིར་རྒོལ་བྱེད་དགོས་པའི་སྙན་ཞུ་ལ་མིང་རྟགས་འགོད་པའི་སླད་དུ་ལྐོག་རྔན་སྤྲོད་ཀྱི་ཡོད་པ་མཐོང་འདུག་ལ། མཐོང་ནས་ཀྱང་སྤོ་པོ་རྨོ་མོ་འདི་ཚོས་ཁོང་མོར་ཁོང་ཁྲོ་བསླངས་སོང་ཟེར། ཨ་མ་ལགས་ན་རེ“ང་རང་ཉིད་དང་འདྲ་བར། ཁོ་ཚོ་ཡང་སྔོན་ཆད་ཕྱི་ཕྱོགས་སུ་ཐར་རག་བར་དུ་སྐམ་ས་ཆེན་མོའི་ནང་སྡུག་པོ་ཡ་ང་བ་བཏང་ཡོད་པ་རེད། ཁོ་ཚོས་རང་ཉིད་ཀྱིས་མྱངས་ཟིན་པའི་དཀའ་སྡུག་དག་འདི་འདྲ་མགྱོགས་པོར་ཇི་ལྟར་བརྗེད་པ་ཡིན་ནམ། ཁོ་ཚོས་ངོ་མ་དམར་ཤོག་ཚོགས་པའི་བྱེད་ཐབས་ཅི་ཡིན་ཧ་གོ་གི་མེད་ཚོད་རེད”

ངའི་ཨ་མ་ལགས་དགུང་ལོ་བདུན་བཅུ་ཡིན། ཁོང་མོས་དྲ་ཚིགས་བཀོལ་སྤྱོད་ཀྱི་མེད། ཁོང་མོར་སྡོད་གནས་ཀྱང་མེད། ཁོང་མོས་གཟར་འཁོར་གཅིག་གི་ནང་ཐེངས་གཉིས་ལ་ (Ming Pao) གསར་ཤོག་ཀློག་གི་ཡོད། ཁོང་མོས་ (Apple Daily) གསར་ཤོག་རྩ་བ་ཉིད་ནས་ཀློག་གི་མེད། ཁོང་མོ་སྐམ་ས་ཆེན་པོའི་བརྙན་འཕྲིན་ལ་བལྟ་རྒྱུར་དགའ་བོ་ཡོད། ཡིན་ན་ཡང་། ཁོང་མོའི་བརྗོད་པའི་སྐད་ཆ་དེང་གི་ང་ཚོ་མི་རབས་འདིའི་སྐད་ལུགས་དང་འདྲ་བོ་ཡོད། ངས་ཁོང་མོར་ཁྱོད་ཀྱིས་ཆོད་སེམས་འདི་འདྲ་ཇི་ལྟར་བཅངས་ཡིན་ཞེས་འདྲི་དུས། ཁོང་མོས་བཤད་རྒྱུར། ལས་འགུལ་འགོ་ཚུགས་པ་ནས་བཟུང་། ངས་ནམ་རྒྱུན་གསར་གནས་ལ་ལྟ་གི་མེད་ཟེར།

ཕྱིས་སུ་བསམ་དུས། ངས་ཁོང་མོའི་ལངས་ཕྱོགས་དེ་སྔོན་ཆད་སྤོ་བོ་ལགས་ཀྱི་སྡུག་སྦྱོང་བཟོད་བསྲན་དང་། ཡང་ན་ཁོང་མོ་ལོ་ན་ཆུང་དུས་གཞིས་རྙིང་ (རྒྱ་ནག་སྐམ་ས་ཆེན་མོར་གོ) དུ་རེག་པའི་དཀའ་སྡུག་གི་མྱོང་བ་དག་ཡིན་ནམ་སྙམ་དུ་ཧ་ལས་བྱུང་། ཁོང་མོས་ནམ་ཞར་དཀའ་སྡུག་གིས་བསྐྱལ་བའི་འདས་དོན་དག་བརྗེད་ཁག་པར་འདུག

ཕྱོགས་གཞན་ཞིག་ནས་བཤད་ན། སྔོིན་ཆད་ང་རང་མ་སྐྱེས་ཡར་སྔོན། ཁོང་མོས་སྲིད་དབང་སྒེར་གཅོད་པའི་ (ཡང་ན་སྲིད་ལུགས་ཀྱིས་བསྐྱེད་པའི་དབང་ཤེད་སྒེར་སྤྱོད་མཁན་ཚོ) ཁྲིམས་འཆལ་དེ་འདྲ་རྩ་ནས་མྱངས་མྱོང་མི་འདུག དེས་ན། ཁོང་མོས་ལས་འགུལ་འདི་ལ་ངོ་རྒོལ་གནང་སྲིད་དམ། དེས་ན། ང་ཁོང་མོའི་ཁ་གཏད་དུ་ལང་ནས་རང་གི་མཐོང་ཐོས་མྱོང་གསུམ་ཀྱི་དངོས་ཡོད་གནས་ཚུལ་འདི་དག་ཇི་ལྟར་དུ་གླེང་ངམ།

བཙོན་ར་ནི་སྒྲིག་འཛུགས་ཤིག་གམ། སྲིད་གཞུང་ཞིག ཡང་ན། ཁྲིམས་སྲོལ་གྱི་སྟོགས་ཤུགས་ཙམ་དུ་མ་ཟད། ཡོད་ཚད་ཀྱི་ཡོད་ཚད་བཙོན་ར་ཡིན་འདུག བཙོན་རར་བརྟེན་པས། སྲང་ལམ་གྱི་འཁྱམ་པོ་དང་ཁྱིམ་མི། ད་དུང་ང་ཚོ་རང་ཉིད་དང་བཅས་རྒྱལ་སྲུང་དམག་འགྲེམ་འཇོག་གིས།  ངོ་རྒོལ་ལས་འགུལ་བ་ཚོར་དབྱུག་པས་རྡུང་བ་དང་དུག་རླངས་གཏོར་བ། རྐང་ལག་གི་བཟུང་ནས་འདྲུད་པ། འཛུན་བཟུང་བྱེད་པ། བརྙས་བཅོས་གཏོང་བ། དཔུང་སྟོབས་ཚད་ནས་ཐུབ་ཚོད་གཏོང་བ་བཅས་བྱེད། ཡིན་ན་ཡང་རིམ་གྱིས་རིམ་གྱིས་ངས་མི་རེ་རེ་བཞིན་དང་། ཁོ་ཚོའི་བསམ་སྦྱོར་རེ་རེ་བཞིན་གསལ་བོར་ཧ་གོ་ཡོང་། ‘ཞི་བའི་སྒེར་ལངས་ལས་འགུལ’གྱི་གཙོ་འཛིན་གསུམ་ལ་འཐབ་རྩོད་བྱེད་མིན་དང་། ཁོ་ཚོས་ཟང་ཆ་སློང་མིན། ཁོ་ཚོས་འཛིན་བཟུང་དང་དུ་ལེན་མིན། ཁོ་ཚོིའི་ལུས་སེམས་གཉི་གར་རྨས་སྐྱོན་ཕོག་མིན། ཁོ་ཚོས་ཉིན་མཚན་ཟླ་མཐུད་ཀྱིས་ཟས་བཅད་ངོ་རྒོལ་བྱེད་མིན་སོགས་གང་ལྟར་ཡང་། བཙོན་ར་ནས་དོན་རྐྱེན་གཞན་ཞིག་བྱུང་སོང་། དུས་སྐད་ཅིག་མའི་ཛ་དྲག་གི་གནད་དོན་དེ་ལས། ང་ཚོ་རང་དབང་རྩོད་ལེན་གྱི་ཉེ་སར་བཅར་ཡང་། མཚོ་གླིང་འདིའི་མུན་ནག་དང་འཇིག་ཉེན་ལས་ཐར་བའི་རང་དབང་གི་སླད་དུ། ང་ཚོའི་ལས་གྲོགས་ཚོས་ང་ཚོ་ཅི་སྙམ་དུ་བསྐྱར་སྲིད་ལ། ང་ཚོར་སྒྲིག་འཛུགས་ཀྱིས་མནར་གཅོད་དང་སྒྲིགས་ཁྲིམས་ཀྱི་ཉེས་ཆད་མ་གཏོགས། ཅི་གང་ཡང་མི་འཐོབ་སྲིད། ཡིན་ནའང་། ང་ཚོས་འདི་ལྟར་རང་འགུལ་གྱིས་མི་རིགས་འདྲ་མཉམ་དང་ཁེ་དབང་རྩོད་ལེན་བྱེད་དོན། ང་ཚོ་རང་དབང་རྟག་བརྟན་གྱི་འཇིག་རྟེན་ཞིག་ཏུ་འཚོ་ཞིང་གནས་ཐུབ་རྒྱུ་དེ་ཡིན།

གལ་ཏེ་དུས་སྐབས་འདི་འདྲ་རང་གི་ཁེ་དབང་རྩོད་ལེན་གནང་མཁན་རེ་འགའ་ཙམ་ལས་མེད་ཚེ། ད་དུང་ཡང་རང་དབང་གི་འོས་འགན་འདི་སྣང་མེད་རྒྱ་ཡན་དུ་གཏོང་མཁན་ནི་ཇེ་མང་དུ་འགྲོ་སྲིད་ལ། དེིའི་རྗེས་སུ། རང་གི་ཁེ་དབང་བརྩོན་ལེན་བྱེད་མཁན་རེ་གཉིས་ཤིག་ལས་ཡོད་སྲིད་ཅིང་། མཚོ་ཁུལ་འདིར་རང་དབང་དང་དྲང་བདེན་གྱི་དཔལ་ཡོན་རིག་གནས་དར་རྒྱས་སུ་འགྲོ་ཁག་པོ་རེད།

གླིང་ཕྲན་འདིར་ཟམ་མི་ཆད་པར་ཆག་གྲུམ་ཤོར་གི་ཡོད། གླིང་ཕྲན་འདིར་ཆག་གྲུམ་ཤོར་དོན་ཡང་། གྲོང་ཁྱེར་འདི་ཁྱོད་རང་དང་ང་རང་། ཡང་ན་ཁོ་རང་། སུ་ལའང་མི་དབང་བ་སྨོས་མ་དགོས། འོན་ཀྱང་མི་ཚང་མའི་འཆར་རྟོག་གི་མེ་ལོང་ཆག་གྲུམ་ཤོར་བའི་གླིང་ཕྲན་འདིའི་སྟེང་ལ་འཕྲོས་ཡོད།

གླིང་ཕྲན་འདིའི་གཞི་རྒྱ་ཆེ་ཆུང་དང་། གླིང་ཕྲན་འདི་ལ་དགའ་མིན་སྡང་མིན་ལ་མ་བལྟས་པར། གྲོང་ཁྱེར་འདི་གར་མངའ་བའི་གཙང་ཆུ་དེ་ཐུན་མོང་གི་རྩོད་གླེང་ཞིག་ཏུ་གྱུར་ཅིང་། གལ་ཏེ་རྩོད་གླེང་འདི་ཕན་ཚུན་བར་བསམ་ཤེས་གུ་ཡངས་དང་བགྲོ་གླེང་གྲོས་བསྡུར་གནང་བ་ཡིན་ན། གོང་མོས་འཆར་རྟོག་དེ་འདྲ། འགྲོ་བ་མིའི་རྨོངས་འཐོམ་མུན་ནག་ལས་སྒྲོལ་ཐུབ་པར་ཁོ་མོས་འདོད་དོ།།

 མ་རྩོམ་འབྲེལ་ཐག http://theoffingmag.com/department/essay/

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༢ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༦ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese