མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་དགྲ་འདུལ་ལ་སྲིད་སྐྱོང་སློབ་ཡོན་ཐོབ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་འདི་ལོའི་སྲིད་སྐྱོང་སློབ་ཡོན་བྱ་དགའ་སུ་ཇ་བོད་ཁྱིམ་གྱི་སློབ་བུ་བསྟན་འཛིན་དགྲ་འདུལ་ལགས་ལ་ཐོབ་པ་གསལ་བསྒྲགས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད། སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོབ་པའི་སུ་ཇ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དགྲ་འདུལ་ལགས་ལ་འཚམས་འདྲིའི་མཇལ་འཕྲད་གནང་ཡོད་པ་དང་། ཉིན་གུང་ཆུ་ཚོད་ ༡༢ ཐོག་བཀའ་ཤག་གི་ཚོགས་ཁང་འོག་མའི་ནང་། སྲིད་སྐྱོང་མཆོག་དང་ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱལ་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས། སུ་ཇ་བོད་ཁྱིམ་གྱི་སློབ་སྤྱི་ཀརྨ་ཤེས་རབ་ལགས་བཅས་ལྷན་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་།

ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་བསྐྱར་དུ་སློབ་བུ་བསྟན་འཛིན་དགྲ་འདུལ་ལགས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་སྦྲགས། གཞི་རྩའི་སློབ་ཡོན་གནང་རྒྱུ་དེ་ག་ཚོད་བརྒྱ་ཆ་མཐོ་ན་སློབ་ཡོན་དེ་ཙམ་གྱིས་མང་བ་གནང་གི་ཡོད་ཀྱང་། སྲིད་སྐྱོང་སློབ་ཡོན་ཐོག་མར་མགོ་བཙུགས་སྐབས་ག་འདྲ་གནང་དགོས་ཀྱི་འདུག་ཅེས་ལས་བྱེད་ཚོའི་ནང་བགྲོ་གླེང་ཏོག་ཙམ་བྱུང་བ་རེད། ཡིན་ནའང་། མཐའ་མར་འབུམ་གཅིག་བཟོས་པ་ཡིན་ན། གོ་བདེ་པོ་ཞིག་དང་ཅུང་ཕོན་ཆེན་པོ་ཞིག་ཡོད་པ་རེད་བསམ་ནས་གཏན་འཁེལ་གནང་བ་དང་། སྤྱིར་བཏང་དངུལ་དངུལ་རེད་དེ་སྲིད་སྐྱོང་གསོལ་རིས་སྤྲད་ནས་སློབ་སྦྱོང་ཐོག་འབད་བརྩོན་བྱེད་མཁན་གྱི་སློབ་ཕྲུག་ཚོར་མཐོང་དང་ངོས་འཛིན་བྱས་པ་ཡིན་ན། ཐུགས་ཕན་སོས་ཀྱི་རེད་བསམ་པའི་ཐོག་ནས་འབད་བརྩོན་བྱས་པ་རེད། སྐབས་དེར་སློབ་ཕྲུག་ཚོས་ཆོབ་དང་སྦྲགས་ཏེ། བརྒྱ་ཆ་ ༩༥ ཟེར་བ་དེ་ཤེལ་སྒོའི་ནང་གི་མོག་མོག་རེད་རག་རྒྱུ་ཡོད་པ་མ་རེད་ཅེས་ལབ་མཁན་བྱུང་ཡོད་འདྲ། འོན་ཀྱང་། ཉེ་ཆར་བསྟན་འཛིན་དགྲ་འདུལ་དང་དེའི་སྔོན་དུ་བསྟན་འཛིན་ཆོས་སྐྱིད་གཉིས་ལ་སྲིད་སྐྱོང་སློབ་ཡོན་རག་ཡོང་དུས། སློབ་ཕྲུག་ཚོས་སློབ་སྦྱོང་ཧུར་ཐག་དང་ལས་བྱེད་ཚོས་ཀྱང་ཁུར་བླངས་ཏེ། ཤེས་ཡོན་ཐོག་སྤྱི་ཡོངས་ནས་གང་ལ་གང་འཚམ་ཡར་རྒྱས་འགྲོ་ཡི་ཡོད་ཅེས་ཞུས་པ་ཡིན་ནའང་ཞུ་ཚོད་ཐུག་པ་ཞིག་རེད་བསམ་གྱི་འདུག ཅེས་གསུངས་སོང་།

སློབ་བུ་བསྟན་འཛིན་དགྲ་འདུལ་ལགས་ཀྱིས་བོད་མི་སྤྱི་དང་ལྷག་པར་དུ་སློབ་ཕྲུག་ཚོས་དཀའ་ལས་རྒྱག་དགོས་སྐོར་ལ་ཁོང་གིས། སོ་སོས་དཀའ་ལས་བརྒྱབ་པ་ཡིན་ན་འབྲས་བུ་གཏན་གཏན་འཐོབ་རྒྱུ་ཡོད་པས། ག་དུས་ཡིན་ནའང་བོད་པ་ཞིག་ཡིན་པའི་སེམས་ཤུགས་མ་ཆག་པ་དགོས་པ་དང་། དེ་བཞིན། བོད་པའི་སློབ་ཕྲུག་ཚོའི་ངོས་ནས་ད་ལྟ་དཀའ་ལས་རྒྱག་པའི་དུས་ཚོད་ཅིག་ཏུ་སླེབ་ཡོད་སྟབས། སྤྱི་ཚོགས་ལ་འགྱུར་བ་འགྲོ་བཞིན་པ་དང་བསྟུན་ཏེ་བཟང་ཕྱོགས་ལ་བལྟས་ནས་དཀའ་ལས་རྒྱག་དགོས་སྐོར་དང་། ཁོ་རང་གི་གྲུབ་འབྲས་ཚང་མ་དགེ་རྒན་རྣམ་པའི་བཀའ་དྲིན་ཡིན་པས་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། སློབ་ཕྲུག་ཚོའི་ངོས་ནས་དུས་རྒྱུན་དགེ་རྒན་རྣམ་པར་བརྩི་བཀུར་ཞུ་དགོས་སྐོར་བརྗོད་སོང་།

ཡང་ཁོང་གིས་མ་འོངས་པར་ཆབ་སྲིད་ཚན་རིག་དང་ལོ་རྒྱུས་ཐོག་ནས་འབུམ་རམས་པ་གཏན་གཏན་འཐོན་ཐུབ་པ་བྱ་རྒྱུ་ཡིན་པ་མ་ཟད། སྤྱིར་བཏང་ཆབ་སྲིད་ཚན་རིག་ལ་དབྱེ་བ་མང་པོ་ཡོད་པའི་ནང་ནས་གཅིག་གི་ཐོག་ལ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་བོད་པ་དེར་བཀའ་འདྲི་ཞུས་ཟེར་བ་ལྟ་བུ་ཞིག་ཆགས་ཐུབ་པའི་རེ་བ་བཅངས་ཡོད་སྐོར་སོགས་བརྗོད་སོང་།

དྲི་བ་དྲིས་ལན་སྐབས་སྲིད་སྐྱོང་མཆོག་གིས་སྲིད་སྐྱོང་སློབ་ཡོན་བྱ་དགའ་གནང་ཕྱོགས་ཐོག་གསུངས་དོན། སྲིད་སྐྱོང་སློབ་ཡོན་ལ་བརྒྱ་ཆ་ ༩༥ ལོན་དགོས་པ་མ་གཏོགས་ཆ་རྐྱེན་གཞན་གང་ཡང་མེད་སྟབས། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBS)ཀྱི་འགྲོ་སྟངས་བྱས་པ་ཡིན་ན། སློབ་ཚན་ ༥ ཡི་བརྒྱ་ཆ་ག་ཚོད་ཡིན་ནའང་དེ་རྩིས་ནས་སློབ་གྲྭར་ཚུད་པའི་ལམ་ལུགས་ཡོད་པ་གཞིར་བཟུང་སྟེ།་སྲིད་སྐྱོང་སློབ་ཡོན་ཡིན་ནའང་སློབ་ཚན་ ༥ ལ་བརྒྱ་ཆ་ ༩༥ ལོན་པ་ཡིན་ན་འགྲིག་གི་ཡོད་པ་རེད། ཡིན་ནའང་། བོད་ཡིག་དེ་གལ་ཆེན་པོ་ཡིན་པས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་དགོས་ཀྱི་འདུག་ཅེས། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚོགས་ཆུང་ནས་ཚོགས་འདུ་ཚོགས་ཏེ་ཐུགས་ཐག་བཅད་ཡོད་ལ། མ་འོངས་པར་ཡང་དེ་ལྟར་འགྲོ་བའི་རེ་བ་ཞུ་ཡི་ཡོད། མ་ཟད་ད་ལོར་སྲིད་སྐྱོང་སློབ་ཡོན་རག་མཁན་བསྟན་འཛིན་དགྲ་འདུལ་མ་ཡིན་པའི་སློབ་ཕྲུག་གཉིས་མེད་ནའང་གཅིག་ཡོད་པ་འདྲ་བོ་ཆགས་འདུག་ཀྱང་། སློབ་ཚན་ ༤ ལ་བརྒྱ་ཆ་ ༩༥ རེ་རག་ཡོད་ཀྱང་སློབ་ཚན་ ༡ ལ་བརྒྱ་ཆ་ ༩༥ མ་རག་དེ་འདྲ་ཆགས་འདུག ཅེས་དང་། མ་འོངས་པར་སློབ་ཡོན་མ་འདྲ་བ་མང་ཙམ་བཟོས་ཏེ་སློབ་ཕྲུག་སྤྱི་ཡོངས་ལ་ཕན་ཐོགས་ཡོང་བར་འབད་བརྩོན་གནང་བཞིན་ཡོད་སྐོར་སོགས་གསུངས་སོང་།

སུ་ཇ་བོད་ཁྱིམ་གྱི་སློབ་སྤྱི་གསར་པ་ཀརྨ་ཤེས་རབ་ལགས་ཀྱིས་སུ་ཇ་བོད་ཁྱིམ་གྱི་ཐེངས་དང་པོའི་འཛིན་རིམ་ ༡༢ ཀྱི་ཡིག་རྒྱུགས་གྲུབ་འབྲས་སྐོར་ལ། ད་ལོ་ང་ཚོའི་སློབ་གྲྭའི་འཛིན་གྲྭ་ ༡༢ པའི་ཡིག་ཚད་ཐེངས་དང་པོ་ཡིན་ལ། ཡིག་ཚད་གཏོང་མཁན་སློབ་ཕྲུག་ ༡༢༩ ཡོད་པ་ཚང་མས་ཡིག་ཚད་འཕྲོད་ཡོད་པ་མ་ཟད། ད་རེས་དམིགས་བསལ་བྱས་ཏེ་སྲིད་སྐྱོང་སློབ་ཡོན་ལེན་མཁན་སློབ་ཕྲུག་གཅིག་བྱུང་ཡོད་སྟབས། བོད་ཁྱིམ་སྤྱི་ཡོངས་ནས་རེ་བ་བརྒྱབ་པ་ནང་བཞིན་རེ་བ་གྲུབ་སོང་བསམ་པའི་ཚོར་སྣང་བྱུང་། ཡིན་ནའང་། ཡིག་ཚད་ཀྱི་བརྒྱ་ཆ་རག་པ་དེར་འདོད་པ་ཚིམ་པ་ཞིག་བྱུང་སོང་ངམ་ཟེར་ན་བྱུང་མ་སོང་། གང་ཡིན་ཟེར་ན། ང་ཚོར་སྲིད་སྐྱོང་སློབ་ཡོན་དེ་སློབ་ཕྲུག་གསུམ་བཞི་ཙམ་ལ་ཐོབ་པའི་དམིགས་ཡུལ་ཡོད། ཡིན་ནའང་། བརྒྱ་ཆ་སྤྲོད་ཕྱོགས་ཀྱི་ཐོག་ལ་ཁྱད་པར་ཏོག་ཙམ་ཡོད་དུས་སློབ་ཕྲུག་གཅིག་མ་གཏོགས་བསླེབས་མ་སོང་། དེ་ནས་གནས་ཚུལ་བཟང་པོ་ཞིག་ག་རེ་ཞུ་རྒྱུ་ཡོད་ཟེར་ན། ང་ཚོའི་སློབ་ཕྲུག་ ༡༢༩ ཡི་ནང་ནས་སློབ་ཕྲུག་ ༦ བརྒྱ་ཆ་ ༩༠ ལྷག་དང་། སློབ་ཕྲུག་ ༤༠ བརྒྱ་ཆ་ ༨༠ ལྷག སློབ་ཕྲུག་ ༦༠ ལྷག་བརྒྱ་ཆ་ ༧༠ ནང་བསླེབས་ཡོད་པ་དང་། བརྒྱ་ཆ་ ༥༠ ལྷག་ལེན་མཁན་སློབ་ཕྲུག་གཅིག་བྱུང་སོང་། ཡིན་ནའང་། ང་ཚོའི་ངོས་ནས་སློབ་ཕྲུག་ཚང་མས་བརྒྱ་ཆ་ ༦༠ ཡན་ལེན་ཐུབ་པའི་དམིགས་ཡུལ་བཟུང་བ་ཡིན། ཞེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༨ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 1

  1. འཇིགས་མེད་སེངྒེ། says:
    ལོ་ 11 སྔོན།

    ད་ཐེངས་སྲིད་སྐྱོང་སློབ་ཡོན་སྤྲོད་སྟངས་འདི་ཁྱད་མཚར་ཞིག་རེད། ད་སྔ་ངའི་བུ་མོར་སྤྱི་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཡག་པོ་སོན་ཡང་བོད་ཡིག་གྲུབ་འབྲས་ཡག་པོ་མ་བྱུང་བའི་དབང་གིས་དགའ་ལྡན་ཕོ་བྲང་གཟེངས་རྟགས་རག་མ་ཐུབ་པ་བྱུང་སོང་། སྐབས་དེ་དུས་ཤེས་རིག་ལས་ཁུངས་ཀྱིས་དགའ་ལྡན་ཕོ་བྲང་གཟེངས་རྟགས་སྤྲོད་སྐབས་བོད་ཡིག་སློབ་ཚན་དེ་གཙོ་གནད་སློབ་ཚན་ལྔའི་ནང་ངེས་པར་འཇོག་གི་ཡོད་ཅེས་འགྲེལ་བཤད་གནང་བྱུང་བས། དེ་བཞིན་དུ་ཁས་ལེན་ཞུས་པ་ཡིན། འོན་ཀྱང་ད་ཐེངས་བསྟན་འཛིན་དགྲ་འདུལ་གྱི་སློབ་ཚན་ལྔའི་ནང་བོད་ཡིག་བརྩིས་མེད་པ་རེད། དེ་ནི་ཤེས་རིག་ལས་ཁུངས་ལ་སྒྲིག་གཞི་མེད་པ་མིན་པར། སྲིད་སྐྱོང་སློབ་ཡོན་རག་མཁན་བྱུང་སོང་ཞེས་སྤྱི་ཚོགས་ནང་ཁྱབ་བསྒྲགས་ཤིག་བྱ་འདོད་པ་མིན་ནམ་སྙམ་པའི་དོགས་པ་བྱུང་། དེ་མིན་ན་དེང་སང་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ལ་ཆེ་མཐོང་སྤྲོད་མཚམས་བཞག་པ་ཡིན་གྱི་རེད།
    ཞོར་ནས་དྲི་བ་ཁ་ཤས་འདྲི་རྒྱུ་ཡོད།
    ༡། སློབ་ཚན་ལྔ་གང་རུང་ལ་བརྒྱ་ཆ་མཐོ་པོ་ལོན་པ་ཙམ་གྱིས་འགྲིག་གི་ཡོད་ན་བསྟན་འཛིན་དགྲ་འདུལ་ལ་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཀྱང་སྤྲོད་ཀྱི་རེད་དམ།
    ༢། ཕྱི་ཚེས་༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་སྒྱུ་རྩལ་སྡེ་ཚན་གྱི་བརྒྱ་ཆ་མཐོ་ཤོས་སུ་ཇ་སློབ་གྲྭའི་ཤ་བོ་ཆོས་ལྡན་ལ་བརྒྱ་ཆ་༩༣་༢ ཐོབ་ཡོད་ཅེས་བཀོད་འདུག་པས། ཡང་སྙིང་ཨང་དང་པོ་སུ་རེད།
    ༣། སྲིད་སྐྱོང་སློབ་ཡོན་དང་དགའ་ལྡན་ཕོ་བྲང་སློབ་ཡོན་གཉིས་ཀྱི་བརྒྱ་ཆ་བརྩི་སྟངས་གཅིག་པ་རེད་དམ་མ་རེད། མིན་ན་མིན་པའི་རྒྱུ་མཚན་གང་རེད།
    ༤། དེང་སང་བོད་ཡིག་གིས་ལྟོ་མི་སྟེར་བ་ཟེར་བ་དེ་དངོས་གནས་ཆགས་པ་རེད་དམ།

    སློབ་མ་བསྟན་འཛིན་དགྲ་འདུལ་གྱིས་བརྒྱ་ཆ་༩༥ ལོར་པར་བསྔགས་བརྗོད་ཞུ་འོས་ཀྱང་སྲིད་སྐྱོང་གཟེངས་རྟགས་སྤྲོད་སྟངས་འདི་ཁྲིམས་སྒྲིག་གང་ནས་བལྟས་ཀྱང་འདོད་བློ་ཁེངས་པ་མ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese