རྔ་བ་རྫོང་ཁོངས་ནས་ཡིན་པའི་བུད་མེད་འཕགས་མ་ལགས་དང་ཁོང་མོའི་ཚ་བོ་འཇིགས་མེད་ལགས་གཉིས་ཆུ་ཤུལ་བཙོན་ཁང་ནས་བཙོན་གྲོལ་བཏང་སྟེ་ཕ་ཡུལ་དུ་འབྱོར་ཡོད་འདུག
འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༥ ཚེས་ ༢༩ ཉིན་རྔ་བ་རྫོང་ཁོངས་ནས་ཡིན་པའི་འཕགས་མ་ལགས་དང་། ཁོང་མོའི་ཚ་བོ་འཇིགས་མེད་ལགས་གཉིས་ལྷ་སའི་ཆུ་ཤུལ་བཙོན་ཁང་ནས་ཀློད་གྲོལ་བཏང་སྟེ། ཚེས་ ༣༡ ཉིན་གཉེན་ཉེ་དང་ས་གནས་བོད་མིའི་ཕེབས་བསུའི་ཁྲོད་ཁྲིན་ཏུའུ་གནམ་ཐང་དུ་འབྱོར་ཡོད་པ་དང་། ཁྲིན་ཏུའུ་རུ་གཟུགས་པོར་བརྟག་དཔྱད་བྱས་རྗེས། ཁ་སང་ཕྱི་ཚེས་ ༡ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡།༤༠ ཐོག ཕ་ཡུལ་གྱི་གཉེན་ཉེ་དང་བོད་རིགས་སེར་སྐྱ་མི་མང་མང་པོ་གཞུང་ལམ་གཡས་གཡོན་དུ་གྲལ་སྒྲིག་སྟེ། བསང་གསོལ་དང་རླུང་རྟ་མཆོད་དེ་ལྷ་རྒྱལ་ལོ། བོད་རྒྱལ་ལོ། ཞེས་པའི་ཁ་གཡང་གི་ཕེབས་བསུའི་ཁྲོད་ཕ་ཡུལ་དུ་འབྱོར་ཡོད་འདུག
ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་གྱི་བོད་
ཁོང་གཉིས་རྔ་བ་རྫོང་ལོ་རྟ་ཡུལ་ཚོ་ཤོ་དགུ་སྡེ་བ་ནས་ཡིན་ཞིང་། འཕགས་མ་ལགས་རང་ལོ་ ༣༧ ཡས་མས་ཡིན་པ་དང་། ཁོང་མོར་བུ་མོ་གཉིས་དང་བུ་གཅིག་བཅས་བྱིས་པ་གསུམ་ཡོད་འདུག
གསར་འགོད་པ། པདྨ་མཚོ།