མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གྲུ་གཟེངས་ཤིག་འབྲི་ཆུའི་ནང་ནུབ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་ཟླ་བའི་དགོང་མོར་རྒྱ་ནག་ནན་ཅིན་ནས་ཁྲོན་ཆིན་དུ་སྐྱོད་བཞིན་པའི་གྲུ་གཟིངས་ཤིག་འབྲི་ཆུའི་ནང་ནུབ་སྟེ་ད་ལྟ་ད་དུང་ལྷག་ཡོད་འདུག

གཟའ་ཟླ་བའི་རྒྱ་ནག་གི་དགོང་མོའི་ཆུ་ཚོད་ ༩།༢༨ སྟེང་། རྒྱ་ནག་ནན་ཅིན་ནས་ཁྲོན་ཆིན་ལ་འགྲོ་བཞིན་པའི་ཤར་ཕྱོགས་སྐར་མདའ་ཞེས་པའི་གྲུ་གཟེངས་ཆེན་པོ་ཞིག་འབྲི་ཆུའི་ནང་ནུབ་ཡོད་པ་དང་། གྲུ་གཟེངས་དེའི་ནང་མི་ ༤༥༨ ཡོད་པ་ལས་ལོ་ཆུང་ཤོས་ ༣ དང་ཆེ་ཤོས་ ༨༠ ཡིན་འདུག

མྱུར་སྐྱོབ་པའི་འཚོལ་ཞིབ་བྱས་པ་བརྒྱུད་དེ་རིང་སྔ་དྲོ་བར་མི་ ༡༤ གསོན་པོར་རག་ཡོད་པ་དང་། འདས་གྲོངས་སུ་ཕྱིན་པའི་ཕུང་བོ་ ༡༨ རྙེད་སོན་བྱུང་ཡོད་འདུག གཞན་མི་ ༤༠༠ ད་དུང་འདས་གསོན་གྱི་གནས་ཚུལ་གང་ཡང་མ་ཤེས་པར་ལྷག་ཡོད་འདུག དེ་རིང་བྷེ་བྷེ་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་གསར་འགོད་པ་རྣམས་མཐའ་ཐུག་སྲུང་སྐོར་བའི་ཕྱི་ལོགས་སུ་བཀག་འདུག ཅེས་འཁོད་འདུག

བྷེ་བྷེ་སོ་གསར་ཁང་རྒྱ་ཡིག་སྡེ་ཚན་ལ་རྒྱ་ནག་བརྒྱུད་ལམ་ཁག་ནས་གནས་ཚུལ་འབྱོར་བ་ལྟར་ན། དོན་རྐྱེན་དེ་བྱུང་སྟེ་ཅུང་མ་འགོར་བར། རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གིས་ས་གནས་ལ་བརྡ་ཡིག་ཅིག་བཏང་སྟེ། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་གསར་འགོད་པ་གཅིག་ཀྱང་དོན་རྐྱེན་བྱུང་ཡུལ་དུ་རྒྱུས་ལོན་བྱེད་པར་གཏོང་མི་ཆོག་པ་དང་། ད་སྔ་འབྱོར་ཟིན་པ་དག་ཀྱང་གང་མགྱོགས་ཕིར་འཕུད་གཏོང་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་མ་ཟད། བརྒྱུད་ལམ་ཁག་ཚང་མས་གཅིག་གྱུར་ཐོག་ཞིན་ཧྭ་གསར་ཁང་གི་གནས་ཚུལ་བརྒྱུད་སྤེལ་བྱེད་དགོས་པ་དང་། པར་དང་བརྙན་སོགས་ཀྱིང་དབུས་བརྙན་འཕྲིན་ཁང་ནས་མཁོ་སྤྲོད་བྱས་པའི་པར་མ་གཏོགས་གཞན་བེད་སྤྱོད་གཏང་མི་ཆོག་ཅེས་བཀའ་ཕབ་འདུག

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་དོན་རྐྱེན་བྱུང་ཡུལ་དུ་བསྐྱོད་དེ། ནུས་པ་ཡོད་ཚད་ཀྱིས་མིའི་ཚེ་སྲོག་སྐྱོབ་ཐབས་བྱེད་དགོས་པའི་བཀོད་འདོམ་བྱས་ཡོད་འདུག ཤར་ཕྱོགས་སྐར་མདའ་ཞེས་པའི་གྲུ་གཟེངས་དེ་ད་ལྟ་ད་དུང་ཅན་ལེ་ཏཱ་མཱ་ཀྲུའི་རྒྱ་མཚོའི་ནང་ལྷག་ཡོད་པ་དང་། གནམ་གཤིས་ཡག་པོ་མེད་པ་དང་ཆུ་རྙོག་སོགས་ཀྱི་དབང་གིས་མྱུར་སྐྱོབ་པ་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

གྲུ་གཟིངས་དེའི་མགོ་གཙོ་ཀྲོང་ཧྲོན་ཝིན་ (Zhang Shunwen) དང་འགན་འཛིན་ཡཱང་ཀྲོན་ཆན་ (Yang Zhongquan) གཉིས་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག ཤར་ཕྱོགས་སྐར་མདའ་རྟགས་ཅན་གྱི་གྲུ་གཟིངས་དེ་ ༡༩༩༤ ལོར་བཟོ་སྐྲུན་བྱས་ཡོད་པ་དང་། གྲུ་གཟིངས་དེའི་ནང་འགྲུལ་བ་ ༥༣༤ ཤོང་གི་ཡོད་འདུག དོན་རྐྱེན་བྱུང་སྐབས་ཅང་སུ་ཞིང་ཆེན་ནན་ཅིན་ནས་ཁྲོན་ཆིན་ལ་སྐྱོད་བཞིན་ཅིང་། དེ་གཉིས་བར་སྤྱི་ལེ་ ༡༥༠༠ ལྷག་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡༠ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese