མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ནས་མར་ཞུ་རྒྱུ་མ་གཏོགས་གཞུང་ལ་ཡར་འབུལ་རྒྱུའི་བསམ་བློ་མེད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྡེ་ཚན་འགན་འཛིན་ཉི་མ་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་ཚོགས་དངུལ་ཚུར་ཡོང་བ་དང་སྨན་བཅོས་ཆེད་ཕར་བཏང་བ་གཉིས་ལས་ལོ་ལྟར་ཕར་བཏང་བ་ཆགས་ཡོད་འདུག

དྲི་བ། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཐོག་མ་མགོ་བཙུགས་པ་ནས་ད་ལྟའི་བར་ཚོགས་མི་འཛུལ་ཞུགས་དང་ཚོགས་དངུལ་འཕར་ཆག་གི་གནས་སྟངས་གང་འདྲ་བྱུང་ཡོད་དམ།

ལན། ལས་གཞི་འདི་བཀའ་ཤག་སྐབས་བཅུ་གསུམ་པ་ནས་ཡོད་པ་ཞིག་དང་། ༢༠༡༢ ལོའི་ཟླ་ ༤ ཚེས་ ༡ ཉིན་ནས་ལས་གཞི་འདི་དངོས་སུ་མགོ་བཙུགས་པ་རེད། ད་ལོ་ནི་ལོ་བཞི་བ་དེ་རེད། འདས་པའི་ལོ་གསུམ་ལ་ལོ་ལྟར་ཚོགས་མི་ ༣༠༠༠ ཡས་མས་འཕར་གྱི་ཡོད་པ་རེད། དེ་ནས་ཚོགས་མི་ནས་ཚོགས་དངུལ་ཚུར་བྱུང་བ་དང་། སྨན་ཡོན་ཆེད་ཕར་སོང་པའི་བར་ལ་ཧང་སང་བའི་ཁྱད་པར་ཆེན་པོ་ཤོར་ཡོད་པ་རེད། དེར་ང་ཚོས་ག་རེ་ཡིན་མིན་ཞིབ་འཇུག་བྱས་ཡོང་དུས། མང་ཆེ་བ་ནང་མིའི་ནང་ལ་ན་ཚ་ཡོད་མཁན་མང་པོ་ཞིག་ལས་གཞི་འདིའི་ནང་འཛུལ་ཞུགས་བྱས་འདུག

ལོ་དང་པོ་ནས་ཚོགས་དངུལ་ཚུར་བྱུང་བ་དང་སྨན་བཅོས་ལ་ཕར་སོང་བ་གཉིས་ལ་ཧེ་བག་ཆེན་པོ་ཆགས་ཡོད་པ་རེད། དཔེར་ན། ལོ་དང་པོར་ ༢༠༡༢ ལོའི་ཟླ་ ༤ ཚེས་ ༡ ནས ༢༠༡༤ ལོའི་ཟླ་ ༤ ཚེས་ ༡ ཉིན་བར་གྱི་ལོ་གཉིས་ནང་ཚོགས་མི་ ༡༩༩༦༠ ཡོད་པ་དེར་ཚོགས་དངུལ་ཚུར་བྱུང་བ་ཧིན་སྒོར་ ༡༥༤༦༦༨༥༡།༠༠ ཡོད་རེད། དེའི་ནང་ནས་སྨན་བཅོས་ཁེ་ཕན་ཐོབ་པའི་ཚོགས་མི་གྲངས་ ༡༡༣༣ ཡིན་པ་དང་། དེ་དག་ལ་ཕར་སོང་བ་ཧིན་སྒོར་ ༢༤༧༤༠༥༥༥།༠༠ ཆགས་འདུག ལོ་གཉིས་ནང་དངུལ་འཕར་མ་ཧིན་སྒོར་ ༩༢༧༣༧༠༤།༠༠ ཙམ་ཕར་སོང་ཡོད་པ་རེད། དེ་ནས་ ༢༠༡༤ ལོའི་ཟླ་ ༤ ཚེས་ ༡ ནས་ ༢༠༡༥ ལོའི་ཟླ་ ༣ ཚེས་ ༣༡ བར་གྱི་ལོ་གཅིག་རིང་ཚོགས་མི་ ༡༣༡༥༠ བྱུང་ཡོད་པ་དང་ཚོགས་དངུལ་ཚུར་བྱུང་པ་ཧིན་སྒོར་ ༡༠༥༦༩༣༣༧།༠༠ རེད། དེའི་ཁྲོད་ཀྱི་ཚོགས་མི་ ༩༡༠ ལ་སྨན་བཅོས་ཁེ་ཕན་ཐོབ་ཡོད་པ་དང་། དེ་དག་ལ་ཕར་སོང་བ་ཧིན་སྒོར་ ༡༨༥༨༠༩༤༢།༠༠ ཆགས་ཡོད་སྟབས། ཧིན་སྒོར་ ༨༠༡༡༦༠༥།༠༠ ཙམ་འཕར་མ་སོང་ཡོད་པ་རེད། ང་ཚོའི་གཞུང་ངོས་ནས་ལས་གཞི་འདི་ཚོང་གི་ངོ་བོ་མིན་པར་མི་མང་ལ་ཁེ་ཕན་སྐྲུན་བཞིན་ཡོད་པ་ཤེས་པར་བྱ་ཆེད་རེད། ཚོང་ཡིན་ན་ཁེ་ཕན་མེད་པར་ཚོང་རྒྱག་མཁན་ཡོད་པ་མ་རེད། ང་ཚོའི་འགྲོ་སོང་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་རེད་ལ་དེ་ལ་དཔག་པའི་མི་མང་ཚོ་ལ་ཕན་ཐོགས་ཀྱང་ཆེན་པོ་ཞིག་ཡོང་གི་ཡོད་པ་རེད།

དྲི་བ། ད་ལོ་ཨ་རིའི་རོགས་ཚོགས་ཤིག་ལ་བརྟེན་ཏེ་རོགས་དངུལ་བརྒྱ་ཆ་ ༧༠ ཞིག་ཚོགས་མི་ཚོར་ཚོགས་དངུལ་ཕུལ་པ་དེ་བོད་ནས་གསར་དུ་འབྱོར་མཁན་ཚོའི་ནང་ནས་ ༢༠༠༤ ལོའི་ཚུན་ཆད་མ་གཏོགས་རག་མེད་པའི་རྒྱུ་མཚན་གང་ཡིན་ནམ།  

༢༠༠༤ ལོ་ནས་ད་ལྟའི་བར་བོད་ནས་གསར་དུ་འབྱོར་མཁན་ཚོར་རོགས་སྐྱོར་བྱེད་དགོས་པའི་རྒྱུ་མཚན་དེ་ ༢༠༠༤ ལོ་ནས་ཡོང་མཁན་དེ་ཚོ་རྒྱ་གར་ལ་བསླེབས་ནས་ཞེ་དྲགས་ཕྱིན་མེད་སྟབས། འཚོ་བ་དང་གང་ཅིའི་ཐད་ནས་གསར་དུ་གཞིས་ཆགས་ཀྱི་ཡོད་པ་ལྟ་བུ་རེད། དཔལ་འབྱོར་དང་གང་ཅིའི་ཐོག་ལ་དཀའ་ངལ་ཡོད་པ་རེད། བརྒྱ་ཆ་ ༧༠ ཡི་རོགས་སྐྱོར་དེ་སྡེ་ཚན་གཞན་ལྔ་ལ་རག་ཡོད་པ་རེད། རྒན་གསོ་ཁང་དང་ཉམ་ཐག་ཨང་ཐོབ་ནང་མ་ཚུད་པར་སྤྱི་ཚོགས་ནང་ལྷག་སྡོད་མཁན་དང་། ཁྱིམ་ཚང་ནང་ལ་ཕྲུ་གུ་གསུམ་དང་གསུམ་ལས་མང་པ་སྐྱེས་ཡོད་མཁན། སྔོན་མ་ནས་འཛུལ་ཞུགས་བྱས་ཡོད་པའི་ཚོགས་མི་ཚོར་ལོ་གཅིག་རིང་ལ་བྱ་དགའ། དགོན་སྡེ་ཁག་གི་བོད་རིགས་གྲྭ་བཙུན་བཅས་ལ་བརྒྱ་ཆ་ ༧༠ ཡི་རོགས་དངུལ་དེ་ཐོབ་ཡོད་རེད།

དྲི་བ། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ཚོགས་མིའི་ལག་དེབ་ཀྱི་དོན་ཚན་ ༧ པའི་དུ་རང་སྲོག་གཅོད་མཁན་ལ་ཁེ་ཕན་དེ་སྤྲོད་རྒྱུ་མིན་པ་དང་། དོན་ཚན་ ༨ པའི་ནང་ལ་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གི་སྨན་རིན་ལ་བརྒྱ་ཆ་ ༡༠ གཅོག་རྒྱུ་ཡིན་པ། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སུ་ཡོད་པའི་སྨན་རིན་བརྒྱ་ཆ་ ༢༠ གཅོག་རྒྱུ་ཡིན་ཟེར་བ་དེའི་རྒྱབ་ལྗོངས་ག་རེ་ཡིན་ནམ།

རང་སྲོག་གཅོད་ཐབས་བྱས་པ་སྨན་བཅོས་ལྟ་སྐྱོང་ནང་མི་ཚུད་པའི་གནད་དོན་རྒྱབ་ལྗོངས་གནས་ཚུལ་དེའི་ནང་ཁ་གསལ་བོར་བྲིས་ཡོད་པ་མ་རེད། ཡིན་ན་ཡང་། ཁ་ཤས་ཤིག་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་རྩ་དོན་ཆེད་དུ་དེ་འདྲ་བྱུང་སྲིད་པ་དང་། ཡང་ཁ་ཤས་ཤིག་གིས་སོ་སོས་སྒེར་གྱི་སེམས་བཅོས་མ་ཐུབ་པར་རང་ཤི་རྒྱག་མཁན་ཡོང་སྲིད་པ་རེད། དཔེར་ན། བོད་པའི་སྤྱི་ཚོགས་ནང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་བསྲགས་གཏོང་བ་སོགས་བྱུང་མི་སྲིད་པ་མ་རེད། དེ་འདྲ་ཡིན་དུས་ང་ཚོས་ལས་གཞིའི་ཁོངས་སུ་མི་ཚུད་ཅེས་ཞུ་ཐུབ་ཀྱི་ཡོད་མ་རེད། སྤྱིར་བཏང་གིས་མི་སྒེར་གྱིས་རང་སེམས་རང་གིས་བཅོས་མ་ཐུབ་པར་རང་སྲོག་གཅོད་ཐབས་བྱས་པའི་རིགས་ལས་གཞི་འདིའི་ནང་ཚུད་ཀྱི་ཡོད་པ་མ་རེད།

རྒྱ་གར་རྒྱལ་ཡོངས་ལ་འཕྲོད་བསྟེན་ཁྱབ་ཁོངས་སུ་ཡོད་པའི་སྨན་ཁང་ ༣༠ ལྷག་ཅིག་ཡོད་པ་དེ་ཚོ་ཕྱི་ལུགས་སྨན་རིན་ལ་བརྒྱ་ཆ་ ༢༠ གཅོག་རྒྱུ་དང་། བདེ་ལེགས་སྨན་ཁང་གི་སྨན་རིན་ལ་བརྒྱ་ཆ་ ༡༠ མ་གཏོགས་གཅོག་རྒྱུ་མེད་པ་དེ་བདེ་ལེགས་སྨན་ཁང་གིས་སྔོན་མ་ནས་སྨན་གྱི་རིན་གོང་མར་བཅག་སྟེ་བཙོང་གི་ཡོད་པ་རེད། དེ་བཞིན། སྨན་རྩིས་ཁང་གི་བོད་སྨན་ལ་བརྒྱ་ཆ་ ༡༠ གཅོག་རྒྱུ་བྱས་ཡོད་པ་དེ། བཙན་བྱོལ་སྤྱི་ཚོགས་ནང་བོད་སྨན་ཟ་མཁན་བརྒྱ་ཆ་མང་པོ་ཡོད་པ་དང་། ཁོ་ཚོ་ཡང་ལས་གཞི་འདིའི་ནང་འཛུལ་ཞུགས་བྱ་རྒྱུའི་ཆེད་རེད།

དྲི་བ། སྨན་བཅོས་ལྟ་སྐྱོང་ལག་དེབ་ནང་གི་དྲི་བ་དྲིས་ལེན་ཁྲོད་ཀྱི་དྲི་བ་ ༢༩ བ་དེ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ལོ་གཅིག་ལ་འཛུལ་ཞུགས་བྱས་ནས་ལོ་རྗེས་མར་འཛུལ་ཞུགས་མ་བྱས་ན་རྗེས་ཕྱོགས་བསྐྱར་ཞུགས་བྱ་མི་ཆོག་ཟེར་བ་དེའི་རྒྱུ་མཚན་གང་ཡིན་ནམ།  

སྤྱིར་བཏང་ལས་གཞི་འདིའི་ནང་ཡར་འཛུལ་བ་དང་མར་འཐོན་རྒྱུ་སོགས་རང་དབང་རེད། ཡིན་ནའང་ཐོག་མ་ལས་གཞི་འདིའི་ནང་ཞུགས་ཏེ་ལོ་གཅིག་དང་གཉིས་ལ་ཚོགས་དངུལ་མ་སྤྲད་པར་འཐོན་ཚར་ན། དེའི་རྗེས་ནས་བསྐྱར་ཞུགས་བྱ་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། དེ་ག་རེ་རེད་ཅེ་ན། མི་ཁ་ཤས་ཀྱིས་ཁྱིམ་ཚང་ནང་གི་མི་ཞིག་ལ་ན་ཚ་བྱུང་ཡོང་དུས་ལོ་དེར་ནང་མི་ཚོ་ལས་གཞིའི་ནང་འཛུལ་ཞུགས་བྱེད་པ་དང་། དེ་ནས་ནང་མི་ནད་པ་དེ་བཤག་བཅོས་བྱས་ནས་དྲག་ཚར་རྗེས། ལོ་རྗེས་མར་ལས་གཞིའི་ནང་ནས་འཐོན་འགྲོ་བ་དང་། ནང་མི་གཞན་ཞིག་ན་བའི་སྐབས་ལ་བསྐྱར་དུ་ཞུགས་རྒྱུ་ཡིན་ཟེར་མཁན་ཡོང་གི་འདུག ཁོ་རང་ཚོའི་བསམ་བློའི་ནང་ལ་ཁེ་ཕན་ལེན་རྒྱུ་མ་གཏོགས་གཞན་གང་ཡང་མེད་སྟབས། དེ་དག་ལ་ང་ཚོས་ཁོ་རང་ཚོའི་འདོད་པ་ལྟར་སྐོང་ཐུབ་ཀྱི་ཡོད་པ་མ་རེད།

དྲི་བ། རྒྱལ་ཁབ་གཞན་གྱི་གཞུང་གི་སྨན་བཅོས་ཉེན་སྲུང་ལས་གཞིའི་ནང་དང་པོ་ཡར་གཞུང་ལ་ཚོགས་དངུལ་ལོ་མང་རིང་འཇལ་བ་ཡིན་ན། རྗེས་སུ་ཚོགས་མི་དེ་ལོ་ན་གྲས་པོ་ཆགས་དུས་ཁོ་ཚོར་ཕྱིར་དངུལ་ཞིག་སྤྲོད་ཀྱི་འདུག ང་ཚོའི་སྨན་བཅོས་ལྟ་སྐྱོང་ལ་དེ་འདྲའི་འཆར་གཞི་ཡོད་དམ།

ང་ཚོའི་འདི་རྒྱལ་ཁབ་ཡོད་པའི་གཞུང་གི་སྨན་བཅོས་ཉེན་སྲུང་ལྟ་བུ་མིན་པར་འདི་ནི་སྤྱི་ཚོགས་དགེ་རྩ་རང་གི་ཆེད་དུ་རེད། ད་ལྟ་ཚུར་ཡོང་བའི་ཚོགས་དངུལ་གྱིས་ཕར་སྤྲོད་རྒྱུ་འདང་གི་ཡོད་མ་རེད། མི་མང་པོ་ལས་གཞི་འདིའི་ནང་ཞུགས་ཏེ་མ་རྩ་ཡག་པོ་ཆགས་ན་དེ་ལ་འབབ་པའི་བསམ་བློ་གཏོང་རྒྱུ་ཡོད་རེད། དཔེར་ན། ཚོགས་མི་ཚོར་སྨན་བཅོས་ཁེ་ཕན་དེ་ཡང་འབུམ་གཅིག་ནས་གཉིས་དང་གསུམ་ལ་སྤར་ཆོག་གི་རེད། ཡང་ན་མི་གཅིག་ལོ་ལྔ་ནས་བཅུ་ལ་འཛུལ་ཞུགས་བྱས་རྗེས་ཚོགས་དངུལ་འབུལ་བའི་བརྒྱ་ཆ་ཆག་ཡང་གཏོང་རྒྱུ་སོགས་ཡོད་པ་རེད། ད་ལྟ་ང་ཚོར་ཚུར་ཡོང་བ་ལས་ཕར་འགྲོ་བ་མང་པོ་ཆགས་ཀྱི་ཡོད་སྟབས་འདི་ལས་ལྷག་གི་ཁེ་ཕན་ཞིག་བསྐྲུན་ཐུབ་ཀྱི་ཡོད་པ་མ་རེད།

དྲི་བ། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་མི་མང་ལ་ཕན་ཐོགས་པ་ཞིག་ཡིན་པ་མིག་མཐོང་ལག་ཟིན་ཡིན་ཡང་། ད་བར་ལས་གཞི་འདིའི་ནང་ཞུགས་མཁན་གྱི་གྲངས་འབོར་དེ་ཙམ་འཕར་ཐུབ་ཀྱི་མེད་པའི་རྒྱུ་མཚན་གང་ལ་ངོས་འཛིན་གནང་གི་ཡོད་དམ།  

ང་ཚོའི་རྒྱལ་ཁབ་ཤོར་ནས་ལོ་ལྔ་བཅུ་ལྷག་རིང་གཞན་པའི་རོགས་དངུལ་ལ་བརྟེན་ནས་ཡོང་པ་ཡིན་སྟབས། ང་ཚོའི་བསམ་བློའི་ནང་གཞན་བརྟེན་དེ་ཤུགས་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་ལབ་དུས་གཞུང་ནས་མར་ཞུ་རྒྱུ་མ་གཏོགས་གཞུང་ལ་ཡར་འབུལ་རྒྱུའི་ལྟ་བ་སྐྱོ་བོ་ཞེ་དྲགས་རེད། གཉིས་ནས། ང་ཚོའི་སྤྱི་ཚོགས་ནང་ལ་འཕྲོད་བསྟེན་ཉེན་སྲུང་སྐོར་ལ་གོ་རྟོགས་ཧ་ཅང་དམའ་བོ་རེད། མ་འོངས་པར་ན་ཚ་འདྲ་མིན་ཡོང་སྲིད་པའི་བསམ་བློ་དང་སྔོན་ནས་ཉེན་སྲུང་གི་གྲ་སྒྲིག་དགོས་པའི་བསམ་བློ་དེ་མི་འདུག རྒྱུ་མཚན་གཞན་ཞིག་ནི་ལས་གཞི་འདིའི་ནང་ཞུགས་ཡོད་པའི་ཚོགས་མི་ཁག་ཅིག་གིས་ཁེ་ཕན་ཡག་པོ་ལེན་གྱི་ཡོད་ཀྱང་། ཚོགས་མི་བརྒྱ་ཆ་ ༥༠ ཙམ་ལ་ཁེ་ཕན་ལེན་རྒྱུའི་ན་ཚ་རིགས་ཡོང་གི་མེད་སྟབས། སྤྱི་ཚོགས་ནང་སྒྲུང་སྣ་ཚོགས་བཟོས་ཏེ་ལས་གཞི་འདིའི་མི་ལ་མགོ་སྐོར་གཏོང་གི་ཡོད་པ་དང་། གཞུང་གིས་དངུལ་ཟ་བཞིན་ཡོད་པ་སོགས་ཀྱི་དཀྲོག་གཏམ་སྣ་ཚོགས་བཤད་པ་དེས་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་རེད་བསམ་གྱི་འདུག རོགས་དངུལ་རག་མཁན་དེ་ཚོས་ཁུ་སིམ་སིམ་ལེན་རྐྱང་བྱེད་པ་ལས། སྤྱི་ཚོགས་ནང་ཁ་གསང་པོ་བྱས་ཏེ་བཤད་ཀྱི་ཡོད་པ་མ་རེད།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. ཧོར་བུ་ཡེ་ཤེས says:
    ལོ་ 11 སྔོན།

    མི་མང་ཚོ་ལ་གོ་རྟོགས་མེད་པ་མ་རེད །རྣམ་པ་ཚོ་ལས་ཀྱི་སྣེ་མོ་བས་ལྐོག་ཟ་དང་རྒྱབ་མདུན་གྱི་ལས་ཀ་མང་བོ་ལས་ཀྱི་ཡོད་ཙང་ཡིད་ཆེས་མེད་པ་རེད།བྱས་ཙང་དེ་ལུགས་ཀྱི་ལས་ཀ་ལས་དགོས་པ་ལས་ཁྱོད་ཀྱི་བྱ་བ་མི་གྲུབ་དུས་མི་མང་ལ་གོ་རྟོགས་མི་འདུག་ལབ་ནས་མི་མང་གོང་ལ་གཡུག་པ་དེ་ཁྱོད་རང་ལ་གོ་རྟོགས་མེད་བའི་རྟགས་རེད །དེང་སང་མི་མང་ཚོ་སྤྱང་བོ་ཞེ་དྲག་ཆགས་ཚར་བ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese