མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་མིའི་བྱས་ཉེས་ཐེར་འདོན་གྱི་སྙན་ཐོ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྙན་ཐོ་ཞིག་ཕྱི་བསྒྲགས་བྱས་པའི་ནང་ནེ་ཇི་རི་ཡའི་དམག་དཔུང་གིས་བྷོ་ཁཱོ་ཧ་རམ་ཤོག་ཁག་དང་དམག་འཐབ་ཁྲོད་ཡུལ་མི་ ༨༠༠༠ ལྷག་བསད་ཡོད་སྐོར་བཀོད་ཡོད་འདུག

ཁ་སང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འདས་པའི་ལོ་གཅིག་ཙམ་རིང་ནེ་ཇི་རི་ཡའི་བཙོན་ཟུར་དང་གཞུང་ཞབས། དམག་དཔོན་བཅས་ཁྱོན་ཡུལ་མི་ ༤༠༠ ལྷག་ལ་བཅར་འདྲི་བྱས་ཏེ་ཤོག་ལྷེ་ ༡༣༣ ཅན་གྱི་སྙན་ཐོ་༼ཁོ་ཚོའི་ཕྲག་པར་སྐར་རྟགས་དཔུང་རྒྱན་བཏགས་ཡོད་ཀྱང་ལག་པས་མི་གསོད་ཁྲག་སྦྱོར་བྱེད་ཀྱི་འདུག༽ཅེས་པ་ཞིག་བཏོན་ཏེ། ༢༠༡༡ ལོ་ནས་ད་བར་ནེ་ཇི་རི་ཡའི་དམག་མིས་བྷོ་ཁཱོ་ཧ་རམ་གྱེན་ལོག་ཤོག་ཁག་དང་དམག་འཐབ་བྱས་ཏེ། བྷོ་ཁཱོ་ཧ་རམ་གྱི་རྟེན་གཞིའི་ས་ཁུལ་གྱི་ཡུལ་མི་ ༡༠༠༠ དམར་གསོད་བཏང་བ་དང་། ཡུལ་མི་ ༧༠༠༠ ལྷག་བཙོན་ཁང་ནང་ལྟོགས་ཤི་ཐེབས་བཅུག་ཡོད་སྐོར་བཀོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྙན་ཐོའི་ནང་། “ནེ་ཇི་རི་ཡའི་དམག་དཔུང་གིས་བྷོ་ཁཱོ་ཧ་རམ་གྱེན་ལོག་ཤོག་ཁག་དང་དམག་བརྒྱབ་སྟེ། བྷོ་ཁཱོ་ཧ་རམ་གྱི་རྟེན་གཞིའི་ས་ཁུལ་གྱི་ཡུལ་མི་སྐྱེས་པ་དང་ཕྲུ་གུ་བུ་ལོ་ ༩ ཡན་མང་པོ་འཇུ་བཟུང་བྱས་ཏེ། མི་ ༡༢༠༠ ལྷག་དམར་གསོད་བཏང་ཡོད་པ་མ་ཟད། མི་ ༧༠༠༠ ལྷག་བཙོན་ཁང་ནང་ཟ་མ་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མ་སྦྱར་བར་མནར་གཅོད་བཏང་ནས་ལྟོགས་ཤི་ཐེབས་བཅུག་ཡོད་སྟབས། ང་ཚོས་རྒྱལ་སྤྱིའི་ནག་ཉེས་འདྲི་གཅོད་ཁྲིམས་ཁང་གིས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་ནེ་ཇི་རི་ཡའི་དམག་སྤྱི་བཞི་དང་དམག་དཔོན་ལྔ་ཡོད་པ་དག་ལ་འདྲི་གཅོད་བྱས་ཏེ། ཁོ་ཚོའི་ནག་ཉེས་རྩད་ཞིབ་བྱས་ནས་ཁྲིམས་གཅོད་བྱེད་དགོས།”ཞེས་བཀོད་ཡོད་འདུག

ནེ་ཇི་རི་ཡའི་སྲིད་འཛིན་བྷུ་ཧ་རེའི་ (Muhammadu Buhari) མགྲིན་ཚབ་པ་གྷར་བྷ་ཤི་ཧུ་(Garba Shehu) ཡིས་རྒྱ་གར་གྱི་བརྒྱུད་ལམ་ (DNA) ཐོག “གཞུང་གིས་སྙན་ཐོར་ཞིབ་འཇུག་བྱས་ཏེ་དམངས་གཙོའི་ཁྲིམས་ལུགས་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུས་ཏེ། དམག་འཁྲུག་སྐབས་ནག་ཉེས་གསོག་མཁན་སུ་ཡིན་ཡང་ཐར་པར་མ་གཏང་བར་ཡུལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན།”ཞེས་བརྗོད་འདུག

༢༠༡༡ ལོ་ནས་བཟུང་ད་བར་བྷོ་ཁཱོ་ཧ་རམ་གྱེན་ལོག་ཤོག་ཁག་གིས་རྡོ་སྣུམ་གྱིས་ཕྱུག་པའི་ནེ་ཇི་རི་ཡ་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་ཆེད། ནེ་ཇི་རི་ཡའི་ནུབ་བྱང་ས་ཁུལ་ནས་མགོ་བཙུགས་ཏེ། རྒྱལ་ཡོངས་ནང་དྲག་འཛིང་བྱ་འགུལ་སྤེལ་ནས་ཡུལ་མི་ ༡༣༠༠༠ ལྷག་བསད་པ་དང་། ཡུལ་མི་ས་ཡ་གཅིག་དང་ཕྱེད་ལྷག་ཡུལ་ལུང་གཞན་ནང་ཉེན་གཡོལ་འགྲོ་དགོས་བཟོས་ཡོད་པ་མ་ཟད། ནེ་ཇི་རི་ཡའི་ས་ཆ་གསུམ་ཆ་གཅིག་ལྷག་བཙན་བཟུང་བྱས་ཡོད། ༢༠༡༥ ལོའི་ལོ་མགོ་ནས་བཟུང་ནེ་ཇི་རི་ཡ་དང་ཅཱ་ཌི་ (Chad)། ཀེམ་རོན་བཅས་ཀྱི་དམག་མིས་བྷོ་ཁཱོ་ཧ་རམ་གྱེན་ལོག་དང་དམག་བརྒྱབ་སྟེ། དེ་སྔོན་གྱེན་ལོག་ཤོག་ཁག་གིས་བཙན་བཟུང་བྱས་པའི་ས་ཁུལ་མང་ཆེ་བ་ཚུར་ལེན་ཐུབ་ཡོད་ཀྱང་། འདི་ལོ་ནེ་ཇི་རི་ཡའི་དམག་དཔུང་གིས་བྷོ་ཁཱོ་ཧ་རམ་གྱི་རྟེན་གཞིའི་ས་ཁུལ་གྱི་མི་ ༡༠༠༠ ལྷག་དམར་གསོད་བཏང་བ་དང་། མི་ ༥༠༠༠ བཙོན་ཁང་ནང་ལྟོགས་ཤི་ཐེབས་བཅུག་ཡོད་སྟབས། ཁ་སང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་དེའི་སྐོར་ལ་ཞིག་བཏོན་ཡོད་ཀྱང་། ནེ་ཇི་རི་ཡ་གཞུང་གིས་ངོས་ལེན་བྱས་མི་འདུག

དེ་རིང་ནེ་ཇི་རི་ཡའི་སྲིད་འཛིན་བྷུ་ཧ་རེའི་ (Muhammadu Buhari) གྱིས་ཅཱ་ཌི་ (Chad) དང་ཀེམ་རོན་གཞུང་དང་གྲོས་མོལ་བྱས་ཏེ། བྷོ་ཁཱོ་ཧ་རམ་གྱེན་ལོག་ཤོག་ཁག་ལ་ཁ་གཏད་གཅོག་རྒྱུའི་དམག་ཇུས་གསར་པ་ཞིག་གཏིང་རྒྱུ་ཐག་གཅོད་བྱས་ཡོད་ཚུལ་བསྒྲགས་ཡོད་པ་མ་ཟད། ནེ་ཇི་རི་ཡའི་དམག་སྤྱི་ཁེར་སི་ཨོ་ལུ་ཁོ་ལཱ་ཌི་ (Chris Olukolade) ཡིས། ཉེས་ཡང་ཚོགས་པས་ཕྱོགས་ཞེན་ཅན་གྱི་སྙན་ཐོ་ཞིག་བཏོན་ནས་ནེ་ཇི་རི་ཡའི་དམག་དཔུང་དང་དམག་སྤྱིར་ཉེས་མེད་ཉེས་འགེལ་གྱི་སྐྱོན་འཛུགས་བྱས་ཡོད་ཀྱང་། ད་བར་ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་མེད་པ་མ་ཟད། ནག་ཉེས་གསོག་མཁན་ཚོར་ཉེས་པ་མ་བཏང་བར་བཞག་མེད་སྟབས། རྒྱལ་སྤྱིའི་ཁྲིམས་ཁང་ལ་གཏུག་དགོས་དོན་གང་ཡང་མེད་ཅེས་བརྗོད་འདུག

ནེ་ཇི་རི་ཡའི་རྒྱལ་སར་རྟེན་གཞི་བྱས་པའི་དབྱིན་ཡུལ་གྱི་གཞུང་ཚབ་ཁང་གིས་ནེའུ་ཡོག་དུས་བབ་དང་དབྱིན་ཡུལ་གྱི་གྷར་ཌིན་ཐོག་བརྗོད་དོན། ང་ཚོས་ནེ་ཇི་རི་ཡ་གཞུང་ལ་གཞུང་དམག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་སྟབས། དམག་དཔུང་གི་སྒྲིག་ཁྲིམས་ལ་བཅོས་སྒྱུར་བཏང་སྟེ་ཉེས་གསོག་དམག་མི་དང་དམག་ སྤྱིར་ཆད་པ་གཅོད་དགོས་པའི་ལམ་སྟོན་བྱས་པ་ཡིན་ཞེས་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས། ནེ་ཇི་རི་ཡ་གཞུང་གིས་ཉེས་ཡང་ཚོགས་པའི་སྙན་ཐོར་ཞིབ་འཇུག་བྱས་ཏེ་བདེན་པ་ར་འཕྲོད་བྱེད་དགོས། ང་ཚོས་དྲག་སྤྱོད་ཤོག་ཁག་དང་དམག་རྒྱག་སྐབས་དམག་མིས་ཆེད་ལས་ཀྱི་སྤྱོད་ལམ་ལ་ཚོད་འཛིན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ཨ་རིས་ནེ་ཇི་རི་ཡ་གཞུང་ལ་གནད་དོན་དེའི་ཐོག་རོགས་རམ་གང་ཐུབ་བྱ་རྒྱུ་ཡིན་ཞེས་ བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༡༨ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese