མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་སྒོར་ས་ཡ་ ༣༠ ཡིས་ས་ཡོམ་གོད་ཆག་ལ་རོགས་རམ་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཉེ་ལམ་བལ་ཡུལ་ནང་ས་ཡོམ་གོད་ཆག་བྱུང་བའི་ཁྲོད་ཀྱི་བོད་མི་ཚོར་བར་བརྒལ་ངལ་སེལ་རོགས་སྐྱོར་བལ་སྒོར་ས་ཡ་ ༣༠ གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡།༠༠ སྟེང་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་བཅས་ཀྱིས་བལ་ཡུལ་གྱི་ས་ཡོམ་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བ་ཡུལ་ནང་གི་ས་ཡོམ་གོད་ཆག་ཁྲོད་གནོད་འཚེ་ཕོག་མཁན་ཡོངས་ལ་སེམས་གསོ་དང་འབྲེལ་ཏེ། ས་ཡོམ་གྱི་གོད་ཆག་འོག་འཐོར་ཞིག་བྱུང་བ་ཁག་ལ་རྒུད་སྐྱོབ་ལས་འཆར་ཁག་གསུམ་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཐོག་མར་བལ་སྒོར་འབུམ་ ༥༦ བགོ་འགྲེམས་ཀྱི་ཛ་དྲག་ངལ་སེལ་ལས་རིམ་སྤེལ་གྲུབ་པ་དང་། ནད་ཡམས་དང་དེ་མིན་དཀའ་ངལ་མང་དག་ཅིག་ཡོང་ངེས་ཚོད་དཔག་བྱེད་བཞིན་ཡོད་སྟབས། ཕུགས་འཁྱོལ་བསྐྱར་བཟོའི་ལས་འཆར་གྱི་སྔོན་ལ་བར་བརྒལ་ངལ་སེལ་གྱི་ལས་འཆར་དགོས་གལ་ཆེན་པོར་གཟིགས་ཏེ། བཀའ་ཤག་ནས་རོགས་དངུལ་ཐབས་འཚོལ་གནང་མུས་ཁོངས་ནས་བལ་སྒོར་ས་ཡ་ ༣༠ གཤམ་གསལ་བར་བརྒལ་ངལ་སེལ་ལས་འཆར་ཐོག་གཏོང་རྒྱུའི་ཐག་གཅོད་གནང་ཡོད་སྐོར་སོགས་གསུངས་སོང་།

༡། ཤི་སྐྱོན་བྱུང་བའི་རྗེས་ཤུལ་ཁྱིམ་ཚང་ལ་ཤི་པོ་རེར་བལ་སྒོར་འབུམ་ ༢ རེ་བརྩིས་པའི་བལ་སྒོར་ ༢༦,༠༠,༠༠༠།
༢། ཉམ་ཐག་ཐོ་གཞུང་ཁ་པའི་ཁོངས་འཚོ་སྣོན་ཐོབ་བཞིན་པ་མི་གྲངས་ ༡༣༩ ལ་ཟླ་རེར་འཚོ་སྣོན་འཕར་མ་སྒོར་ ༣༠༠༠ རེ་བརྩིས་པའི་ཟླ་དྲུག་འཚོ་སྣོན་འཕར་མ་ཁྱོན་བསྡོམས་བལ་སྒོར་ ༢༥,༠༢,༠༠༠།

༣། ས་གནས་མགོ་འཛིན་ནས་ཕུལ་གསལ་གཞིས་ཁང་འཐོར་ཞིག་ཕྱིན་པ་གྲངས་ ༡༡༡ ལ་བལ་ཡུལ་གཞུང་ནས་བགོ་སྤྲོད་བྱེད་བཞིན་པའི་ལྕགས་ཤོག་གི་འཕྲལ་སེལ་སྡོད་ཁང་གསར་རྒྱག་ཆེད་བལ་སྒོར་ ༡༤,༨༠,༠༠༠།
༤། གཞིས་ཆགས་ཁག་ནང་གཞིས་ཁང་དང་དེ་བཞིན། ལས་ཁུངས། ལས་ཤག་སོགས་ལ་གས་སྐྱོན་ཤོར་བ་ཁག་བཟོ་བཅོས་ཆེད་བལ་སྒོར་ ༤༦,༠༠,༠༠༠།
༥། སྦ་ཁང་དང་། ཤར་ཁུམ་ཐུབ་བསྟན་ཆོས་གླིང་བཅས་བཙུན་དགོན་གཉིས་ལ་དམིགས་བསལ་རྒུད་སྐྱོབ་བལ་སྒོར་ ༣༠,༠༠,༠༠༠།
༦། རྣམ་རྒྱལ་མཐོ་སློབ་དང་། རྣམ་རྒྱལ་འབྲིང་སློབ། སྲོང་བཙན། ཨ་ཏི་ཤ། ལེགས་བཤད་ཚལ། ཀེ་ལ་ཤ། ཤར་ཁུམ་སློབ་གྲྭ་བཅས་བཟོ་བཅོས་དང་འཕྲལ་སེལ་འཛིན་ཁང་གོ་སྒྲིག་ཆེད་ཐོ་གཞུང་ཟུར་ཡོད་ལྟར་ཁྱོན་བསྡོམས་བལ་སྒོར་ ༨༧,༠༠,༠༠༠།
༧། སྨན་བཅོས་དང་འཕྲོད་བསྟེན་རོགས་སྐྱོར་ཆེད་བལ་སྒོར་ ༢༥,༥༠,༠༠༠།
༨། འཛིན་སྐྱོང་དང་། དེ་མིན་གོང་སྨོས་ནང་མ་ཚུད་པའི་ལས་འཆར་དང་ལས་དོན་གྱི་འགྲོ་གྲོན་དམིགས་སྒོར་བལ་སྒོར་ ༤༥,༦༨,༠༠༠།

བཀའ་ཤག་ནས་སྐུ་ཚབ་དོན་གཅོད་ཚོར་བཀོད་ཁྱབ་གནང་ཟིན་པ་ལྟར། ཟླ་འདིའི་མཇུག་ཙམ་ལ་རོགས་དངུལ་དེ་དག་བལ་ཡུལ་དུ་འབྱོར་རྒྱུར་རེ་བ་ཞུ་བཞིན་ཡོད་སྐོར་སོགས་བཀོད་འདུག

མཇུག་ཏུ་གསར་འགོད་པས་སྲིད་སྐྱོང་མཆོག་ལ་རོགས་དངུལ་བགོ་འགྲེམས་མིང་ཐོའི་ནང་དུ་བལ་ཡུལ་ཁུལ་དུ་གཏན་སྡོད་བྱེད་མཁན་ལྟ་བུ་ཁོ་ནར་དམིགས་པ་འདྲ་པོ་ཞིག་འདུག་པས། གཏན་འཇགས་ཀྱི་སྡོད་གནས་མེད་མཁན་ཚོ་དེའི་ནང་ཚུད་ཀྱི་ཡོད་མེད་དང་། ཁོ་ཚོའི་ཁྲོད་ནས་དཀའ་ངལ་ཡོད་རིགས་ཚོར་རོགས་སྐྱོར་གང་གནང་འཆར་ཡོད་མེད་སྐོར་དྲིས་པར་ཁོང་གིས། ང་ཚོས་གཞི་རྩའི་རོགས་རམ་བྱེད་ས་དེ་གཏན་སྡོད་བྱེད་མཁན་གཞིས་ཆགས་ཁག་དང་། བལ་ཡུལ་རྒྱལ་སར་སྡོད་མཁན་ཁ་འཐོར་མི་མང་རེད། བལ་ཡུལ་གྱི་ས་གནས་མགོ་འཛིན་དང་། ཛ་དྲག་ཚོགས་ཆུང་ནས་སྤྲོད་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཐོ་གཞུང་གཞིར་བཟུང་ནས་རོགས་དངུལ་གནང་གཏན་ཁེལ་རེད། ཉམས་ཐག་ཁོངས་གཏོགས་ཀྱི་ཁྱིམ་ཚང་ ༡༣༩ ཡོད་པའི་ནང་གཞིས་ཆགས་སུ་སྡོད་མཁན་དང་རྒྱལ་སར་སྡོད་མཁན་གཉིས་ཀ་ཡོད་པ་རེད།  སྤྱི་ཡོངས་ནས་ཛ་དྲག་ཚོགས་ཆུང་གིས་བལ་ཡུལ་དུ་ཡོད་པའི་བོད་མིའི་མི་འབོར་ཚོད་དཔག་བྱས་ན་སྟོང་ཕྲག་ ༡༨ དང་། དཔྱ་ཁྲལ་ལག་དེབ་བགོ་འགྲེམས་གཞིར་བཟུང་བྱས་ན་ང་ཚོས་ཤོད་བཞིན་པ་སྟོང་ཕྲག་ ༡༣ ཡོད་ཟེར་གྱི་ཡོད། ད་ལྟ་བལ་ཡུལ་ལ་བཞུགས་མ་ཐུབ་པར་དྷ་རམ་ས་ལ་དང་ལྡེ་ར་རྡུན་གཙོས་པའི་རྡོར་རྗེ་གླིང་སོགས་སུ་ཕེབས་བསྡད་མཁན་དེ་འདྲ་ཡོད་པ་རེད། ཁོ་རང་ཚོར་འཕྲལ་དུ་ལས་ཀ་སྤྲོད་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག ཡིན་ཡང་ཁོ་ཚོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་ཕྲུ་གུ་སློབ་གྲྭར་གཏོང་མ་ཐུབ་པ་སོགས་ཀྱི་གནས་སྟངས་བྱུང་གི་ཡོད་ན། ང་ཚོས་ཁོ་ཚོར་ཤེས་རིག་ལས་ཁུངས་ལ་འབྲེལ་བ་ཞུས་ནས་བུ་ཕྲུག་སློབ་གྲྭར་འཇུག་རྒྱུར་མཐུན་རྐྱེན་སྦྱོར་རྒྱུ་ཡིན། དཔེར་ན། ས་མཚམས་ཁུལ་གྱི་བོད་མིའི་ནང་མི་ཞིག་གི་ཕ་མ་གཉིས་ཀ་གྲོངས་ཏེ། བུ་མོ་གཅིག་ལས་ལྷག་མེད་སྟབས། ད་ལྟ་ང་ཚོས་ཁོ་མོ་བོད་ཁྱིམ་སློབ་གྲྭར་འཇུག་རྒྱུའི་ལས་ཀ་འགྲོ་བཞིན་པ་རེད། ཅེས་གསུངས་བྱུང་།

སྲིད་སྐྱོང་མཆོག་ལ་མ་འོངས་པར་ས་ཡོམ་བྱུང་སྐབས་རི་སྙིལ་བ་དང་ཁང་པ་ཞིག་རལ་འགྱུར་བ། ས་རུད་ཐེབས་པ། ནད་ཡམས་སོགས་བྱུང་སྲིད་པ་ཞིག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་དེར་སྔོན་འགོག་བྱ་རྒྱུའི་ཐབས་ལམ་གང་འདྲ་ལག་བསྟར་གནང་རྩིས་ཡོད་མེད་དྲིས་པར་ཁོང་གིས། ང་ཚོས་འཕྲོད་བསྟེན་གྱི་ཡན་ལག་སྨན་ཁང་ཆེད་དུ་བལ་སྒོར་འབུམ་ ༢༥ དང་ཁྲི་ལྔ་བཞག་ཡོད་པ་རེད། དེ་ནི་མ་འོངས་པར་ས་ཡོམ་རྐྱེན་པས་ནད་ཡམས་དེ་འདྲ་བྱུང་སྲིད་པ་ཞིག་ཡིན་པ་མ་ཟད། ཡོང་གི་རེད་ཟེར་གྱི་ཡོད་སྟབས། གཞི་རྩའི་སྨན་ཁང་ཁག་གིས་འགྲོ་སོང་གཏོང་ཆེད་འགྲོ་གྲོན་དེ་འཕུལ་ཡོད་པ་རེད། ཁང་པ་རྦད་དེ་རྩ་མེད་འགྲོ་མཁན་ཚོར་ནང་མི་རེར་བལ་སྒོར་ ༡༥༠༠༠ རེ་དང་ཁང་པ་སྐྱོན་ཤོར་བ་བཟོ་བཅོས་རྒྱག་དགོས་པ་དག་ལ་ནང་མི་རེར་བལ་སྒོར་ ༡༠༠༠༠ སྤྲོད་རྒྱུ་བྱས་ཡོད་པ་རེད།

ང་ཚོའི་ལས་གཞི་གསུམ་པ་དེ་ཁང་པ་དང་སློབ་གྲྭ་དེ་འདྲ་གསར་རྒྱག་བྱེད་དགོས་པ་དང་བལ་ཡུལ་ནང་གི་འཚོ་གནས་ཆེད་ལས་གཞི་སྤེལ་རྒྱུ་སོགས་རེད། དཔེར་ན་ཨ་རིའི་གཞུང་གི་ (PRM) ནས་ང་ཚོར་འདི་ལོ་རོགས་དངུལ་སྤྲོད་རྒྱུའི་བཀའ་འཁྲོལ་ཐོབ་པ་དེ་ཨ་སྒོར་ ༢༨༤༠༠༠༠ རེད། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་མི་འབོར་གྱི་བརྒྱ་ཆ་ ༡༣ ཙམ་བལ་ཡུལ་ནང་ཡོད་པ་རེད། ཡིན་ཡང་ན་ནིང་ང་ཚོས་དམིགས་བསལ་བྱས་ནས་རོགས་དངུལ་བརྒྱ་ཆ་ ༡༥ གནང་ཡོད་པ་རེད། ད་ལོ་བལ་ཡུལ་ནང་ས་ཡོམ་མ་བྱུང་སྔོན་ལ་བརྒྱ་ཆ་ ༢༠ གནང་རྒྱུ་ཐག་གཅོད་ཡོད་པ་དེ་ཨ་སྒོར་ ༦༠༠༠༠༠ མ་ཟིན་ཙམ་ཆགས་ཀྱི་ཡོད་པ་དང་། དེ་བལ་སྒོར་ལ་རྩིས་ན་ས་ཡ་ ༦༠༠ ཙམ་རེད། དེ་ཕྱི་ཟླ་ ༩ ནས་ ༡༠ བར་ལ་འཐོན་གྱི་རེད། དེའི་ནང་ནས་གཞིས་ཆགས་ཁག་དང་འཚོ་བ་སྐྱེལ་ཆེད་ལས་འཆར་ག་རེ་བསྒྲིག་རྒྱུའི་ཐད་འཆར་གཞི་གཅིག་ཡོད་པ་རེད། དེ་བཞིན་ང་ཚོའི་རེ་བར་ཕལ་ཆེར་རོགས་ཚོགས་གཞན་ཞིག་ནས་བལ་ཡུལ་གྱི་བོད་མིའི་ཆེད་བལ་སྒོར་འབུམ་ ༡༠༠ ནས་ ༢༠༠ བར་གནང་རྒྱུའི་རེ་བ་ཡོད། ཡིན་ནའང་གཙོ་བོ་དེ་རོགས་ཚོགས་ཁག་གི་རོགས་དངུལ་ག་ཚོད་གནང་མིན་ལ་རག་ལས་ཡོད་པ་རེད། ཅེས་གསུངས་བྱུང་།

 གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༩ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༡ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༢ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 1

  1. རང་བཙན། says:
    ལོ་ 11 སྔོན།

    རོགས་དངུལ་བགོ་འགྲེམས་མིང་ཐོའི་ནང་དུ་བལ་ཡུལ་ཁུལ་དུ་གཏན་སྡོད་བྱེད་མཁན་ལྟ་བུ་ཁོ་ནར་དམིགས་པ་འདྲ་པོ་ཞིག་འདུག གཏན་འཇགས་ཀྱི་སྡོད་གནས་མེད་མཁན་ཚོ་དེའི་ནང་ཚུད་ཀྱི་ཡོད་དམ་་་་??????
    གོང་གི་དྲི་བ་འདི་ཧ་ཅང་འདོད་པ་ཁེངས་པའི་དྲི་བ་ཞིག་རེད། ད་ལྟ་བལ་ཡུལ་ནང་དཀའ་ངལ་ཆེ་ཤོས་འཕྲད་ཡོད་མཁན་ཚོ་བོད་ནས་གསར་དུ་འབྱོར་ཏེ་འཁྱུ་ས་བརྟེན་ས་གང་ཡང་མེད་མཁན་དག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese