མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་བདེ་སྒོ་མོ་ཆེར་ལོག་འགྲོ

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཟླ་ ༦ ཚེས་ ༤ ཉིན་འཛམ་གླིང་ས་ཕྱོགས་གང་སར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་བྱས་ཡོད།  

དུས་རབས་སྔ་མའི་མཇུག་ཙམ་ལ་རྒྱ་ནག་གི་གཞོན་སྐྱེས་ཚོས་རང་དབང་དང་དམངས་གཙོ་ནི་དཔལ་འབྱོར་འཛུགས་སྐྲུན་ལས་གལ་ཆེན་ཡིན་པའི་ངེས་ཤེས་རྙེད་དེ། ༡༩༨༩ ལོར་མཐོ་རིམ་སློབ་མ་ཚོས་སྣེ་ཁྲིད་དེ་པེ་ཅིན་དུ་དམངས་གཙོའི་ལས་འགུལ་སྤེལ་སྐབས། མང་ཚོགས་ཧ་ཅང་མང་པོ་མཉམ་ཞུགས་གནང་ཡོད་པ་མ་ཟད། མཐའ་ན་གཞུང་འབྲེལ་ལས་བྱེད་མི་སྣས་ཀྱང་ཆ་ཤས་བླངས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད། མཐར་ལོ་དེའི་ཟླ་ ༦ ཚེས་ ༤ ཉིན་ཏིན་ཞའོ་ཕིན་གྱི་བཀའ་འབྲེལ་འོག་དྲག་གནོན་བྱས་ཏེ། ལས་འགུལ་བ་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ཤུལ་ལུས་རྣམས་བཅོན་འཇུག་བྱས་པ་དང་། དེའི་ཁྲོད་ཀྱི་མི་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་བྲོས་བྱོལ་བྱས་ཡོད།

ཁ་སང་ཕྱི་ཟླ་ ༦ ཚེས་ ༤ ཉིན་འཛམ་གླིང་ཡུལ་གྲུ་གང་སར། རྒྱ་རིགས་རང་དབང་དོན་གཉེར་བ་ཚོས་རྣམ་པ་འདྲ་མིན་ཐོག་དྲུག་བཞིའི་དུས་དྲན་སྲུང་གཙི་ཞུས་ཡོད་ཅིང་། ཉིན་མོ་འདི་ལ་ “རྣམ་བདེ་སྒོ་མོ་ཆེའིི་དོན་རྐྱེན” དང་། “དྲུག་བཞིའི་དམར་གསོད་ཆེན་མོ།” “རྒྱ་ནག་གི་དམངས་གཙོའི་གསར་བརྗེ” སོགས་སུ་འབོད།    

ཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག རྒྱ་ནག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༢༦ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཏེ། ཞོགས་པ་ནས་དྲུག་བཞིའི་དོན་རྐྱེན་སྐོར་གྱི་ཡིག་ཆ་བཀྲམ་ཡོད་པ་དང་། ཕྱི་དྲོའི་ཆུ་ཚོད་ ༦།༠༠ ཐོག་དྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། དངོས་བྱུང་གློག་བརྙན་ལྕགས་ཁྲབ་འཁོར་ལོའི་མདུན་གྱི་མི་ (The Tank Man ) ཞེས་པ་ཞིག་མི་མང་ལ་བསྟན་ཡོད།

སྐབས་དེར་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་བརྗོད་དོན། ང་ཚོའི་བོད་པར་མཚོན་ན་དེ་རིང་གི་ཉིན་མོ་འདི་ནི་གལ་ཆེན་ཞིག་ཡིན་སྟབས། རྒྱ་གཞུང་གི་དྲག་གནོད་འོག་སྡུག་བསྔལ་མྱོང་བཞིན་པའི་རྒྱ་རིགས་ཚོའི་དཀའ་ངལ་དེ་རྒྱལ་ཁབ་ཕྱི་ལ་སྟོན་རྒྱུ་དང་། ལོ་ངོ་ ༢༦ སྔོན་ལ་བྱུང་བའི་དོན་རྐྱེན་དེ་ད་དུང་བྱུང་མིན་ལ་ཞེ་སྣང་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག་ལས་འགུལ་འདི་སྤེལ་ཡིན་བ་ཡིན་སྐོར་དང་། ད་ལྟའི་རྒྱ་ནག་ནང་ཁུལ་གྱི་བརྒྱུད་ལམ་ཁག་ཏུ་ ༦།༤ བཀག་འགོག་ནན་མོ་བྱས་ཡོད་སྟབས། སློབ་ཕྲུག་ཁ་ཤས་ཀྱིས་ཟླ་ ༦ ཚེས་ ༤ ཡི་ཆེད་དུ་ཟླ་ ༥ ཚེས་ ༣༥ ཞེས་པའི་ལས་འགུལ་ཤུགས་ཆེན་པོ་སྤེལ་བཞིན་ཡོད་པ་སོགས་བརྗོད་སོང་།

ཁ་སང་ཨོ་སི་ཀྲོ་ལི་ཡའི་སི་ཌི་ནེ་གྲོང་ཁྱེར་གྱི་བྷལ་མོར་གླིང་ཁ་(Belmore Park) ཞེས་པར་དྲུང་བཞིའི་དུས་དྲན་སྲོང་གཙིའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། དེར་སི་ཌི་ནེའི་རྒྱ་ནག་དམངས་གཙོ་འབྲེལ་ལམ་ལྷན་ཚོགས་ (Sydney Network for Democracy in China) ཞེས་པས་ཨ་རིའི་འཇིམ་རྐོས་པ་གྲགས་ཅན་སྐུ་ཞབས་ཁྲིན་ཝེ་མིན་ (Cheng Weiming) དང་ཁོ་རང་གིས་བཟོས་པའི་རང་དབང་གི་ལྷ་མོ་ཞིག་གདན་འདྲེན་ཞུས་ཏེ། ནེའུ་སོ་ཐི་ཝ་ལེས་ (New South Wales) ཀྱི་ས་གནས་གཞུང་འབྲེལ་ལས་བྱེད་རྒྱ་རིགས་ཇེན་ལེན་ (Jenny Leong) རྗེས་དྲན་ལས་འགུལ་སྟེང་ཞུགས་ཏེ། རང་དབང་ལྷ་མོའི་འཇིམ་སྐུ་དེ་ཞལ་འབྱེད་བྱས་ཡོད་འདུག  

ཁ་སང་དགོང་མོ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་གྱི་རང་དབང་ཐང་ཆེན་དུ། “གནམ་བདེ་སྒོ་མོ་ཆེར་ལོག་འགྲོ ཉི་གདུགས་བཟུང་ནས་དྲུག་བཞིར་མྱ་ངན་ཞུ།” ཞེས་པའི་མགོ་བརྗོད་འོག་དྲུག་བཞིའི་དུས་དྲན་སྲུང་གཙིའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། དེར་གར་ཐོག་བརྩེགས་གཉིས་སྟེང་ནས་གནམ་བདེ་སྒོ་མོ་ཆེའི་རྒྱབ་ལྗོངས་དང་། ལོ་སྔོན་མའི་ཧོང་ཀོང་གི་ཉི་གདུགས་གསར་བརྗེའི་ལས་འགུལ་གྱི་འབོད་ཚིག དེ་བཞིན་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་པའི་མཚོན་བྱེད་སྣ་ཚོགས་འགྲེམས་སྟོན་བྱས་ཡོད་འདུག

སྐབས་དེར་ཐེ་ཝན་བོད་མིའི་ཕན་བདེ་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས། བོད་མི་རིགས་དང་རྒྱ་མི་རིགས། སོག་པོ། ཡུ་གུར་མི་རིགས་སོགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྡུག་སྦྱོང་མྱོང་གི་ཡོད་པ་རེད། ཅེས་བརྗོད་པ་དང་འབྲེལ་ཏེ། “རྒྱ་གཞུང་གིས་མིའི་ཚེ་སྲོག་བགྲང་ལས་འདས་པ་རྩ་མེད་བཟོས་ཀྱང་ད་དུང་ངོས་ལེན་བྱེད་ཀྱི་མེད་སྟབས། ང་ཚོ་དུས་ནམ་ཡང་ཁོ་ཚོས་བཤད་པའི་སྐད་ཆར་ཡིད་ཆེས་མེད།” ཅེས་དང་། ཁོང་གིས། གལ་སྲིད་རྒྱ་ནག་མི་མང་གིས་རང་དབང་ལྡན་པའི་དམངས་གཙོར་རོལ་ཐུབ་པའི་ཉི་མ་ཞིག་བྱུང་ན། ད་གཟོད་འཛམ་གླིང་ལ་ཞི་བདེ་ཡོང་སྲིད་པ་ཞིག་ཡིན་སྟབས། ཚང་མས་མུ་མཐུད་དུ་འབད་བརྩོན་བྱ་དགོས། ཞེས་བརྗོད་འདུག

ཁ་སང་ཕྱི་དྲོར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ། མི་གྲངས་བརྒྱ་ལྷག་གིས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་རྔམ་སྟོན་དང་དགོང་མོ་སྒྲོན་མེ་འབར་ཏེ་མྱ་ངན་སོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག ལས་འགུལ་གོ་སྒྲིག་གནང་མཁན་ཞའོ་ཅང་ (Shiao Jiang)ལགས་ཀྱིས། ལོ་ངོ་ ༢༦ སྔོན་ལ་བཅིངས་འགྲོལ་དམག་ཟེར་བས་པེ་ཅིན་ནས་ཕལ་ཆེན་མི་ ༡༠༠༠ ལྷག་མེ་མདའ་བརྒྱབ་ནས་དམར་གསོད་བཏང་ཡོད་པ་དང་། དམག་མིས་དྲག་གནོན་འོག་བུ་ཕྲུག་འདས་གྲོངས་སུ་ཕྱིན་པའི་ “གནམ་བདེ་སྒོ་མོ་ཆེའི་ཨ་མ་” ཚོ་གྲངས་འབོར་ནི་ ༢༠༣ ཡིན་ཡང་། ད་དུང་ས་ཁུལ་གཞན་ནས་པེ་ཅིན་ལ་ཡོང་པའི་སློབ་ཕྲུག་ཚོའི་གྲངས་འབོར་དང་གཞན་མི་ག་ཚོད་ཅིག་གྲོངས་ཡོད་པ་ཚོད་དཔག་བྱེད་དཀའ་བ་ཞིག་ཆགས་ཡོད། ཅེས་བརྗོད་འདུག

འདང་དགོང་ཧོང་ཀོང་ཝིག་ཊོ་རི་གླིང་ཀ་ (Victoria Park) ཡི་ནང་སྒྲོན་མེའི་འོད་མདངས་ཞེས་པའི་དྲུག་བཞིར་རྗེས་དྲན་དགོང་ཚོགས་ཤིག་བསྐོངས་པའི་སྟེང་མི་མང་ ༡༣༥༠༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང་། དེའི་ཁྲོད་རྒྱ་ནག་སྐམ་ས་ནས་ཡོང་བའི་མི་མང་པོ་ཞིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག བྷེ་བྷེ་སིའི་རྒྱ་ཡིག་སྡེ་ཚན་གྱིས་ལས་འགུལ་བ་ཧེ་ཅིན་རིན་(He Junren) ལ་བཅའ་འདྲི་བྱེད་སྐབས། ཁོང་གིས་ལོ་སྔོན་མ་དེ་མི་ལོ་ཧྲིལ་བོ་ཉེར་ལྔ་འཁོར་བའི་རྗེས་དྲན་ཡིན་སྟབས་དགོང་ཚོགས་ལ་འཛུལ་བཞུགས་བྱེད་མཁན་མང་པོ་ཡོད། ད་ལོ་དགོང་ཚོགས་ཀྱི་མི་གྲངས་ལོ་སྔོན་མ་དང་བསྡུར་ན་མི་ ༤༥༠༠༠ ལྷག་ཉུང་དུ་སོང་ཡོད་ཀྱང་། ད་ལོའི་རྗེས་དྲན་བྱེད་སྟངས་ལོ་སྔོན་མའི་རྗེས་དྲན་དང་ཁྱད་པར་ཆེན་པོ་མེད། ཡིན་ན་ཡང་། ད་ལོ་གལ་ཆེན་པོ་ཁ་ཤས་སྣོན་པ་བྱས་ཡོད་པ་ནི། དཔེར་ན། མགོ་འཛིན་དང་གཞས་པ་ཚོས་ཉི་གདུགས་འཛིན་དགོས་པ་དང་། ལས་འགུལ་ཁྲོད་འཛིན་བཟུང་བྱས་པའི་ནང་མི་ཚོར་བཅའ་འདྲིའི་བརྙན་ཐུང་དང་། གཞན། སློབ་ཆེན་ཆེ་ཁག་ ༤ ཡི་སློབ་མའི་འཐུས་མི་ཚོས་གར་སྟེགས་སྟེང་ནས་རྩ་ཁྲིམས་ཀྱི་དེབ་མེར་བསྲེགས་བཏང་ཡོད་པ་དེས། རྩ་ཁྲིམས་དེ་དམངས་གཙོ་མིན་པར་བསྒྱུར་བཅོས་བྱ་དགོས་པ་མཚོན་ཡོད། ཅེས་སོགས་བརྗོད་འདུག

དེ་རིང་བྷེ་བྷེ་སི་རྒྱ་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་དྲུག་བཞིའི་ཉིན་མོ་མ་བསླེབ་སྔོན་ནས་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་དྲུག་བཞིའི་དོན་རྐྱེན་ལ་དྲག་གནོད་བྱེད་སྐབས་མི་ག་ཚོད་འདས་གྲོངས་སོང་ཡོད་མེད་ཀྱི་ཁ་གྲངས་དང་། དེ་བཞིན་དྲུག་བཞིའི་དོན་རྐྱེན་སྐབས་འཛིན་བཟུང་བྱས་ཏེ་ད་ལྟ་བཙོན་ཁང་དུ་ཡོད་པ་རྣམས་ཀློད་གྲོལ་གཏང་དགོས་སོགས་བརྗོད་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༨ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese