མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏིན་ཞོ་ཕིན་དང་རྒྱ་ནག་གི་ལྐོག་ཟ་རུལ་སུངས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

པའོ་ཐོང་། (Bào tóng)

རྒྱ་ནག་གཞུང་གིས་ཕན་ཚུན་བར་གྱི་འགལ་བ་སེལ་རྒྱུ་ཕར་ཞོག གྲོང་ཁྱེར་ཁག་ནང་མུ་མཐུད་དུ་ཞིབ་བཤེར་དྲག་གནོན་བྱེད་བཞིན་པའི་སྐབས་འདིར། ཟླ་སྔོན་མར་བདག་ལ་བཅར་འདྲི་མང་པོ་ཞིག་དང་ལེན་བྱེད་དུ་མ་བཅུག་ཅིང་། དེ་རིང་བདག་གིས་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་འཁོར་ ༢༦ ལོན་པའི་རྗེས་དྲན་གྱི་ཉིན་མོ་དང་འབྲེལ་ནས་འབོམ་རྩོམ་འདི་སྤེལ་བ་ཡིན།

རྒྱ་ནག་གཞུང་གིས་དུས་ངེས་ཅན་ཞིག་ནང་ལྐོག་ཟ་རུལ་སུངས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་སྐབས་འདིར། ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་མ་བྱས་པ་ནི། ནང་ཁུལ་དུ་ལྐོག་ཟ་རུལ་སུངས་ཤིག་ཁྱོན་ནས་མེད་པ་མ་ཡིན་ཏེ། དོན་དངོས་སུ། ༡༩༩༢ ལོར་ཏིན་ཞོ་ཕིན་གྱི་ ‘ཆེས་མིང་དུ་གྲགས་པའི་རྒྱ་ནག་ལྷོ་རྒྱུད་དུ་ཕྱོགས་བསྐྱོད’ རྗེས་ཀྱི་ལོ་ངོ་བཅུ་ཕྲག་གཉིས་ནང་། ཁོ་ཀུང་ཏུང་ཞིང་ཆེན་དུ་བསྐྱོད་ནས་ཕྱི་ཕྱོགས་སྒོ་འབྱེད་སྲིད་ཇུས་ (མངོན་ལྐོག་གང་རུང་ནས་དམར་ཤོག་ཚོགས་པའི་དཔོན་རིགས་ཡོད་ཚད་འབྱོར་ལྡན་པར་བསྒྱུར་བ) མཐོར་འདེགས་བཏང་རུང་། དྲང་མོར་བཤད་ན་སྐབས་དེར། ལྐོག་ཟ་རུལ་སུངས་བཏང་སྙོམས་སུ་འཇོག་རྒྱུ་ནི་ཏིན་ཞོ་ཕིན་གྱི་དམིགས་བྱ་གཙོ་བོ་ཞིག་ཡིན་འདུག

ཁ་སང་དེ་རིང་ཏིན་ཞོ་ཕིན་ནི་ (༡༩༧༨ – ༡༩༩༧ བར་རྒྱ་ནག་གི་ཆེས་བླ་ན་མཐོ་བའི་གཙོ་འཛིན་དུ་སྨྲ) དཔལ་རྒོད་ཅིག་གི་ཚུད་དུ་ཀུན་གྱིས་གུས་བཀུར་དང་ཡི་རངས་བྱེད་ཀྱིན་འདུག་སྟེ། སྔོན་གྱི་མའོ་ཙི་ཏུང་དང་ཕྱིས་ཀྱི་ཞི་ཅིན་ཕིན་གཉིས་དང་འདྲ་བར། དམར་ཤོག་ཚོགས་པས། ཏིན་ཞོ་ཕིན་ནི་ཆབ་སྲིད་སྨྲ་བ་པོ་ཞིག་ཏུ་འགྲེལ་བརྗོད་བྱེད་ཀྱི་ཡོད། ཡིན་ནའང་། གོང་མ་ཆིན་ཧྲི་ཧོང་ལ་མ་གཏོགས། ཏིན་ཞོ་ཕིན་ལ་དེ་འདྲའི་ཆབ་སྲིད་ཀྱི་ལྟ་གྲུབ་ཅིག་གཞར་ཡང་ཡོད་པ་མ་རེད།

ཆེས་ཐོག་མར་རྒྱ་ནག་གི་སྲིད་དབང་གཅིག་གྱུར་བྱེད་མཁན་གོང་མ་ཆིན་ཧྲི་ཧོང་ནང་བཞིན། ཏིན་ཞོ་ཕིན་གྱིས་ཆབ་སྲིད་ཀྱི་གཞུང་ལུགས་མ་བརྩམས་པར། དྲག་ཤུགས་ཁོ་ན་བཀོལ་བ་རེད། ཁོས་ལྐོག་ཟ་རུལ་སུངས་ཀྱི་ལམ་ཕྱོགས་སུ་འཐེན་པའི‘ཏིན་ཞོ་ཕིན་གྱི་བགྲོད་ལམ’སྟེང་རྒྱང་བསྐྱོད་བྱེད་ཆེད། མའོ་ཙི་ཏུང་ལ་ཐོབ་པའི་དམར་ཤོག་ཚོགས་པའི་དབང་ཤུགས་བེད་སྤྱད་པ་རེད།

འདི་གཉིས་རྩ་བ་ནས་འདྲ་གི་མ་རེད། དེང་སྐབས་མི་རེ་འགའ་ཞིག་གིས་ཆིན་ཧྲི་ཧོང་གིས་རུའུ་ལུགས་དང་དེའི་རྗེས་འབྲང་མཁས་པ་ཚོ་གསོན་སྲེག་བཏང་བའི་སྲིད་ཇུས་ལ་སྔགས་བརྗོད་བྱེད་ཀྱི་འདུག་ཀྱང་། ད་དུང་ཏིན་གྱི་ལམ་ཕྱོགས་ལ་སྔགས་བརྗོད་ཀྱི་བདུག་སྤས་བདུགས་པའི་དུ་བ་མུ་མཐུད་དུ་དག་ཞིང་ལ་འཐུལ་གྱི་ཡོད།

སྔོན་ཆད་མའོ་ཡི་སྒྲིག་སྲོལ་སྣང་མེད་ལ་བཏང་སྟེ། རིག་གནས་གསར་བརྗེ་ཆེན་མོར་ (༡༩༦༦ – ༡༩༧༦ བར) གཏོར་བརླག་སློང་མཁན་མི་བཞི་ཤོག་ཁག་ལ་ཁ་རྡུང་བཏང་བ་ནང་བཞིན། དེང་སྐབས་ཏིན་གྱི་སྒྲིག་སྲོལ་རྩ་བ་ནས་བརྗེད་དེ། རྒྱ་ནག་ནང་གི་ཁྱབ་ཆེ་བའི་ལྐོག་ཟ་རུལ་སུངས་དམིགས་འབེན་དུ་བཟུང་འདུག

ཐོག་མར་དཔོན་རིགས་འགའ་ཞིག་འབྱོར་ལྡན་པར་བསྒྱུར་བ།

ཏིན་ཞོ་ཕོན་གྱིས་ཆེས་མིང་དུ་གྲགས་པའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བསྒྲགས་གཏམ་སྤེལ་དུས། དམར་ཤོག་ཚོགས་པས‘ཐོག་མར་མི་རེ་འགའ་ཞིག་འབྱོར་ལྡན་པ་ཆགས་སུ་བཅུག’པ་རེད། འདི་ནི་དམར་ཤོག་ཚོགས་པའི་གཙོ་འཛིན་ཞིག་གིས་སྲིད་ཇུས་གསར་བའི་ལམ་ཕྱོགས་བཟུང་བའི་གྲས་ཀྱི་གཙོ་གནད་ཅིག་ཡིན་ཞིང་། རྒྱུ་མཚན། འདི་ནི་དམར་ཤོག་ཚོགས་པའི་གཞི་རྩའི་དམིགས་བྱ་དེ་དངོས་བརྒྱུད་གང་རུང་ནས་རྒྱབ་འགལ་དུ་གྱུར་བ་རེད།

ཏིན་ཞོ་ཕིན་གྱི་ལྷོ་རྒྱུད་ཕྱོགས་བསྐྱོད་སྐབས་སུ། ང་བཙོན་ཁང་དུ་བཅུག་ཡོད། དེ་ཡང་ཕྱི་ལོ་ ༡༩༨༩ ལོར་ང་དང་ངའི་འགོ་གཙོ་ (སྲིད་བློན་ཟུར་བ་དང་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཀྲོ་ཙེ་ཡང་) གཉིས་ལས་གནས་ནས་ཕུད་དེ་བཙོན་དུ་བཀག་པ་རེད།

ཐོག་མར་ངས་ཕྱི་བསྒྲགས་ཡིག་ཆ་འགའ་རེ་བཀླགས་པ་མ་གཏོགས། ཁོང་གི་དམིགས་ཡུལ་ཅི་ཡིན་གསལ་བོར་མི་ཤེས། ང་ལ་ཆེས་ཟབ་པའི་བག་ཆགས་ཤིག་བཞག་པ་ནི། ག་ས་ག་བར་ལུངས་སུ་འདྲེན་པའི་ཐིག་ཕྲེང་གསུམ་དེ། ‘གལ་ཏེ་ང་ཚོས་བཅོས་བསྒྱུར་མི་གཏོང་ཚེ། ང་ཚོ་འཆི་ཉེན་ལ་འཕྲད་ངེས་རེད’ཅེས་དང་། ‘བཅོས་བསྒྱུར་མི་གཏོང་མཁན་ཚོ། སྲིད་སྟེགས་ནས་འབབ་དགོས’ ཡང‘ཐོག་མར་མི་རེ་འགའ་ཞིག་ལ་འབྱོར་བ་རྒྱས་སུ་ཆུགས’ཞེས་པའི་ཁོང་གི་བཙན་གཏམ་དེ་རེད།

ཏིན་གྱི་བཙན་གཏམ་དང་ཕྱིའི་ལྟ་སྟངས། ཕྱི་གསལ་ནང་གསལ་གྱི་སྲིད་ཇུས་གང་ཡིན་རུང་། ཐོག་མར་ཕྱུག་པོ་ཆགས་མཁན་དེ་དག་སུ་ཡིན་ནམ།

ཕལ་ཆེར་ཏིན་ཞོ་ཕིན་གྱིས། དམར་ཤོག་ཚོགས་པའི་འཐུས་ཚབ་ཡིན་ཤག་བྱེད་པའི་ངལ་རྩོལ་མནའ་འབྲེལ་ཚོགས་པའམ། ཉེ་ཆར་དམར་ཤོག་ཚོགས་པ་བསྐྱར་གསོ་བྱེད་མཁན། ས་བདག་གྲལ་རིམ་དང་བཟོ་ཞིང་ཕྱུག་བདག གསར་བརྗེའི་ངོ་ལོག་དང་མི་ངན་ཤོག་ཁག གཡས་ཕྱོགས་པ་འདི་དག་སྟོན་གྱི་ཡོད་ཚོད་རེད། དེར་མ་ཟད། ཁོས་ད་དུང་ཤེས་ཡོན་ཅན་དང་། ཁོང་ཚོའི་ཤེས་བྱ་ཡོན་ཏན། ཁོང་ཚོའི་བཟོ་ལས་ལག་རྩལ་སོགས་གླེང་གི་ཡོད་ཀྱང་སྲིད། ཡིན་ནའང་། དོན་དངོས་སུ། གོང་སྨོས་འདི་དག་གང་ཡང་མ་ཡིན་པར། ཡིན་རྒྱུ་ནི། དམར་ཤོག་ཚོགས་པའི་ཚོགས་མི་དང་ཁོང་ཚོའི་ནང་མི། ཁོང་ཚོའི་ལས་གྲོགས་ཚོ་ཐོག་མར་ཕྱུག་པོ་ཆགས་དགོས་པ་ཡིན་འདུག

དེས་ན། ཐོག་མར་སུ་ཞིག་ལ་འབྱོར་བ་རྒྱས་དགོས་མིན་ཐད་རྩོད་ཤགས་ཡོད་པ་མ་རེད། ‘མཚོ་འགྲམ་ཀྱི་ལྡིང་ཁང་དུ་ཟླ་འོད་ཐོག་མར་འཕྲོས’ཞེས་པའི་བཤད་རྒྱུན་འདི་ཏོན་ཞོ་ཕིན་གྱིས་ལེགས་པོར་རྟོགས་འདུག་སྟེ། གསལ་བོར་གསལ་བཤད་ན། ཤོག་ཁག་ག་གེ་མོ་ཞིག་ལ་གོ་གནས་མཐོན་པོ་སྤྲོད་དེ། ཁོ་ཚོར་གོ་སྐབས་གསར་བའི་ཁེ་བཟང་འཐོབ་ཏུ་འཇུག་རྒྱུ་དེ་རེད།

བཀའ་འཁྲོལ་མེད་པར་གང་འདོད་ལ་ཞིང་ཆེན་གཞན་དུ་འཚོ་གནས་བཅོས་མི་ཆོག་པའི་སྲོལ་ཡིག་གི་རྐྱེན་པས། གྲོང་ཁྱེར་དུ་གནས་སྤོ་མི་ཆོག་པའི་ཞིང་པའི་གྲལ་རིམ་ཆེ་ཁག་དང་། དེ་བཞིན། ཏིན་གྱི་དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་གྱི་མཇུག་འབྲས་ལ་བརྟེན་ནས། སྲིད་གཞུང་གི་སྟངས་འཛིན་འོག་ཏུ་ཁེ་ལས་སྒྲིག་འཛུགས་ཁག་ནས་ཕྱིར་ཕུད་བཏང་བའི་དམག་ཟུར་ངལ་རྩོལ་བ་ (ནུབ་གླིང་དུ་དམག་ཟུར་སྐྱིད་སྡུག་ཚོགས་པ་ཞེས་ཀྱང་འབོད) སོགས་ལ་བསམ་གཞིག་ཞིབ་ཏུ་བཏང་ཚེ། ཕྱི་ལོ་ ༡༩༨༩ ལོར་དམར་ཤོག་ཚོགས་པའི་དབང་ཤུགས་བཟུང་བའི་ལྷན་ཚོགས་དེས་ཆབ་སྲིད་བཅོས་བསྒྱུར་ལ་ཕྱིར་རྒོལ་བསློགས་ཏེ། སྤྱི་ཚོགས་ཀྱི་འགལ་ཟླར་གྱུར་ཅིང་། དུས་ཟིང་གི་ཁྲོད་དུ་དབང་ཤུགས་དང་ནུས་ཤུགས་ལྡན་པའི་སྒིག་འཛུགས་ཁག་ལ་སྟངས་འཛིན་དང་དྲག་གནོན་བྱས་ཏེ། མི་མང་དཀྱུས་མ་འགའ་ཞིག་ཚོང་ལས་འདུ་འགོད་ཀྱི་རྒྱ་མཚོའི་ཀློང་དུ་ཞུགས་པའི་རེ་སྙེག་དེ་བསམ་ཐོག་ཏུ་མ་འཁེལ། སྤྱིར་ཁོ་ཚོར་འབྱོར་ཕྱུག་མ་རྒྱས་ནའང་། ཚོང་ལས་འདུ་འགོད་ཀྱི་རྒྱ་མཚོར་མ་བྱིང་བ་དེ་ཡང་ཁོ་ཚོར་རླུང་རྟ་རྒྱུག་པ་ལོས་ཡིན།

ཏིན་ཞོ་ཕིན་གྱི་གསར་བརྗེའི་མཐའ་བསྡོམས་ནི། དབང་ཤེད་ཅན་གཙོ་བོ་ཚོ། འབྱོར་ལྡན་པ་གཙོ་བོར་འགྱུར་དགོས་པ་དང་། དབང་ཤེད་ཚུལ་ལྡན་ཅན་ཚོར། འབྱོར་བའང་ཚུལ་ལྡན་རྒྱས་དགོས་པ། དབང་ཤེད་ཅི་ཡང་མེད་མཁན་ཚོ། ནམ་ཡང་དབུལ་ཕོངས་ཀྱིས་འཚོ་དགོས་པ་དེ་རེད།

རྒྱ་ནག་ནང་ཚོང་ལས་གཉེར་སྟངས།

ཏིན་ཞོ་ཕིན་རྒྱ་ནག་ལྷོ་རྒྱུད་དུ་ཕྱོགས་བསྐྱོད་སྐབས་སུ། ཁོས་གཏམ་དཔེ་འདི་འདྲ་ཞིག་བཤད་སྲོལ་ཡོད་དེ། “བྱི་ལ་དཀར་པོའམ་ནག་པོ་ཡིན་མིན་ཏེ་གཙོ་བོ་མ་རེད། ནམ་ཡིན་ཡང་བྱི་བ་འཛིན་མཁན་དེ་བྱི་ལ་ཡག་པོ་ཡོད་རེད”ཟེར། ཏིན་གྱི་དཔལ་འབྱོར་ཁྲོམ་རའི་བཀའ་འཁྲོལ་ལ་བརྟེན་ནས། ཚོང་ལས་འདུ་འགོད་ཀྱི་རྦ་རླབས་ལ་སྒུལ་སྐྱོམ་ཐེབས་ཏེ། རྒྱ་ནག་རྒྱལ་ཡོངས་དཔལ་འབྱོར་འདུ་འགོད་ཀྱི་མཚོ་མཐར་གཙང་ཕྱག་བྱས་པ་རེད། རྒྱ་ནག་གི་དཔལ་འབྱོར་འདུ་འགོད་དོ་མི་མཉམ་པའི་རྒྱུ་མཚན་ཡང་། ཡོད་ཚད་ཀྱི་ཐམས་ཅད་དམར་ཤོག་ཚོགས་པས་སྟངས་འཛིན་བྱས་པའི་རྐྱེན་རེད། མཚོ་སྟེང་གི་རྦ་རླབས་ལ་ཉེན་ཁ་ཆེ་སྟབས། བྱེད་ནུས་ཆེན་པོའི་སྒོ་ནས། དམར་ཤོག་ཚོགས་པས་མཚོ་ཁར་སྐྱོམ་པའི་ཉ་ཁྱུ་མང་པོ་རྒྱ་མཚོར་བསྐྱོད་དགོས་པའི་འཛིན་སྐྱོང་དང་སྟངས་འཛིན་བྱས་ཡོད།

སྐྱོམ་ཞིང་རྩུབ་པའི་རྒྱ་མཚོ་འདི་དག་གི་ཀློང་དུ། གལ་ཏེ་ཁྱོད་ཀྱིས་ཚོང་ལས་འདུ་འགོད་ཀྱི་སྒྲིགས་ཁྲིམས་ལ་སེམས་ཆུང་མ་བྱས་ཚེ། ཁྱོད་ལ་དམར་ཤོག་ཚོགས་པའི་དཔོན་རིགས་ཚོའི་ཐེ་གཏོགས་དང་འཁྲུག་རྩོད་འབྱུང་ངེས་ཡིན་ལ། རྒྱ་ནག་སྲིད་གཞུང་ལ་བདག་པའི་ཁེ་ལས་སྒྲིག་འཛུགས་ཁག་གིས་ཀྱང་ཁྱོད་ཀྱི་ཉོ་འཚོང་ལས་རིགས་ཐད་ལ་དཀའ་ཁག་བཟོ་སྲིད། དེ་ལྟར་རྒྱ་ནག་གི་དཔོན་རིགས་ཚོར་མི་མང་སྡུག་ལ་སྦྱོར་བའི་ཐབས་དང་ནུས་པ་ཁྱད་དུ་འཕགས་པ་ལྡན།

རྒྱ་ནག་ཡར་རྒྱས་ཀྱི་གཏམ་རྒྱུད་ཁྲོད་དུ། སུ་ལའང་རྒྱུས་ང་མེད་པའི་དཔའ་པོ་ཚོ་ནི། ཏིན་ཞོ་ཕིན་གྱི་ཆེས་ལས་གོ་ཆོད་པའི་བྱི་ལ་དེ་ཡིན་འདུག དེས་ན། ཁོ་ཚོས་སུ་ཞིག་ལ་སྣང་འཇོག་སྲིད་དམ་ཞེ་ན། སྤྱིར་བཏང་དམར་ཤོག་ཚོགས་པའི་དབང་ཤུགས་དང་། དམིགས་སུ། དམར་ཤོག་ཚོགས་པའི་དཔོན་རིགས་ཚོ། མདོར་ན་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཡོང་ཁཱང་ནས། རྫོང་དང་ཞིང་རིམ་པའི་རྒྱུན་ལས་ཚོ་ཡིན་པ་སྨོས་མ་དགོས།

འདས་པའི་མི་ལོ་བཅུ་ཕྲག་རིང་གསང་རྒྱར་བསྡམས་ཤིང་མངོན་དུ་མེད་པའི་རྒྱ་ནག་གི་དཔལ་འབྱོར་ཁྲོམ་རའི་ཆུ་ཀློང་ཆེན་པོ་དེ། ག་ལེ་ག་ལེར་ཕྱིར་བརྡོལ་བའི་མཐའ་གཞུག སྤྱི་ཚོགས་རིང་ལུགས་ཀྱི་ཆུ་རགས་རྨང་ནས་བསྣུབས་པ་རེད། རྒྱ་ནག་གི་དཔལ་འབྱོར་ཁྲོམ་ར་དེ་དམར་ཤོག་སྲིད་གཞུང་གི་སྒྲིག་འཛུགས་འོག་བཅུག་སྟེ། དཔལ་འབྱོར་ཁྲོམ་རའི་འགྲན་རྩོད་རང་བཞིན་དང་དང་དེའི་རང་དབང་གི་འདམ་ག དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བཅས་ཡོད་ཚད་བརླགས་ཚར་བ་རེད། ཁོ་ཚོས་བསྟུན་ཤེས་ཀྱི་སྒོ་ནས། རྒྱ་ནག་གི་དཔལ་འབྱོར་ཁྲོམ་ར་དེ། དམར་ཤོག་ཚོགས་པ་དང་སྲིད་དབང་ལེགས་ལམ་དུ་དཀྲི་བྱེད་དུ་མ་བཀོལ་བར། ལྡོག་སྟེ། མ་དངུལ་མཁོ་འདོན་གྱི་ལྟེ་བ་ནས། སྤྱི་ཚོགས་སྟེང་ཚོང་ཟོག་ཐོན་བསྐྱེད་བར་དང་། དངོས་ཟོག་གི་རྒྱུ་སྤུས་རྟོག་ཞིབ་ནས། དངོས་ཟོག་ཁྲོམ་རར་འགྲེམ་པའི་ཆོག་མཆན་དང་གན་རྒྱ་སོགས་ཀྱི་བར་དུ། ཚང་མ་དེ་ལྟ་དེ་ལྟར་དུ་སྒྲུབ་ཀྱི་ཡོད་ཅིང་། བྱེད་སྟངས་འདི་དུས་ནམ་ཡང་བསྒྱུར་ཐབས་ཡོད་པ་མ་རེད།

དམར་ཤོག་ཚོགས་པའི་དཔོན་རིགས་ཚོ། དམར་ཤོག་ཚོགས་པའི་སྲོག་སྙིང་ཡིན་སྟབས། དཔལ་འབྱོར་གསར་བའི་སྒྲིགས་ཁྲིམས་ཞེས་པ་དེ་ཡང་། དོན་ལ་སྲོག་སྙིང་དུ་གྱུར་བའི་དཔོན་རིགས་འདི་ཚོར་ཞབས་འདེགས་ཞུ་རྒྱུ་དེ་རེད། ཁེ་ལས་པ་དང་དཔོན་རིགས་ཚོ་ངན་འབྲེལ་གྱིས། རྒྱལ་ནང་གི་ཐོན་བསྐྱེད་རྩ་འབོར་ (G.D.P) མཐོར་འདེགས་གཏོང་གི་ཡོད་པ་རེད། འདི་ནི་ཁེ་ལས་པ་ཚོས་རང་གི་དཀའ་ངལ་སེལ་ཐབས་ལེགས་པོ་ཞིག་མ་ཡིན་པར། འདི་ནི་དཔོན་རིགས་ཚོའི་དམིགས་བྱ་དོན་ཐོན་དུ་འཁེལ་བའི་གོ་སྐབས་སྤྲད་པ་རེད། ཕྱི་ཕྱོགས་ཀྱི་ལྟ་སྣང་ཞིག་ལ། དམར་ཤོག་སྲིད་གཞུང་ཁོ་ན་ཡར་རྒྱས་སུ་གཏོང་གི་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།

དྲང་བདེན་མ་ཡིན་པའི་ཁྲོམ་རའི་སྒྲིག་འཛུགས་འདིས་མི་མང་གི་འཚོ་ཐབས་ལ་གཏོར་བཤིག་དང་རང་བྱུང་གི་ཐོན་ཁུངས་ཆུད་ཟོས། ཁོར་ཡུག་ལ་གཏོར་བརླག མི་ཪབས་རྗེས་མ་ཚོར་ཚབས་ཆེ་བའི་འགལ་རྐྱེན་བཟོ་ཡི་ཡོད་ཀྱང་། ཆབ་སྲིད་ཀྱི་གནད་དོན་ལ་བརྟེན་ནས། འདི་འདྲའི་ཟམ་མི་ཆད་པའི་གནོད་སྐྱོན་ལ་ནི་ཅི་མི་སྙམ་དུ་ཡལ་བར་དོེར་ཡོད།

གནད་དོན་འདི་དག‘ཡིད་ཀྱི་འཆར་རྟོག་མང་པོ’ཞིག་གི་ཚུལ་གྱིས་འབོད་སྐུལ་དུ་སྒྲོག་པ་དང་། ‘གནས་སྟངས་ཧྲིལ་བོར་དོ་སྣང་བྱེད་པ’ ‘སྒྲིག་འཛུགས་ཆུང་གྲས་ཁག་གིས། སྒྲིག་འཛུགས་ཆེན་པོ་ཁག་ལ་བྱེད་ནུས་བླ་ལྷག་འདོན་པ’ ‘གདན་དོན་གལ་ཆེན་ཁག གནད་དོན་ཆུང་གྲས་རིགས་ཀྱི་བབ་དང་བསྟུན་རྒྱུ’སོགས་ལས་ལྡོག་སྟེ། འབྱོར་ལྡན་པ་ཚོའི་རེ་སྐུལ་ལྟར་དུ། ཁོ་ཚོས་ཐོན་ཁུངས་འཚོལ་སྒྲུབ་བྱེད་ཅིང་། (ཁོ་ཚོས་རྒྱུ་ནོར་གསོག་སྒྲུབ་བྱེད་པ་ལས། རྒྱུ་ནོར་ལྐོག་ཟ་བྱེད་རྒྱུར་དགའ་བོ་ཡོད) དཔོན་རིགས་ཚོས་རྒྱུན་པར་རང་ཉིད་ཀྱིས་དམར་ཤོག་ཚོགས་པའི་ཁེ་ལས་ཆེན་པོ་སྒྲུབ་ཕྱོགས་ལ་ཡིད་ཆེས་བཅངས་ཡོད་སྙམ།

གལ་ཏེ་ཁྱོད་ཀྱིས་རྒྱ་ནག་ནང་ཚོང་དོན་ཆེན་པོ་ཞིག་སྒྲུབ་བར་འདོད་ཚེ། ཁྱོད་ཀྱིས་རྒྱབ་རྟེན་མང་པོ་ཞིག་ཅི་ནས་ཀྱང་ཉོ་དགོས་ཤིང་། ཁྱོད་ཀྱིས་རྒྱབ་རྟེན་དཔོན་རིགས་དེ་ལ་ཁེ་བཟང་ཅི་ཙམ་སྤྲོད་དགོས་མིན་དེ་ཡང་། ཁྱོད་ཀྱིས་གྲོང་དང་གྲོང་ཁྱེར། ཞིང་ཆེན། ཐ་ན་རྒྱལ་ཡོངས་རིམ་པར་ཤུགས་རྐྱེན་ག་འདྲ་ཐེབས་མིན་ལ་རག་ལས་ཡོད། ཐ་ན་དམའ་རིམ་དཔོན་རིགས་ཤིག་གིས་ཀྱང་། རང་གི་ཤོག་ཁག་གི་སུ་ཞིག་གིས་དཔོན་ཤུལ་འཛིན་རྒྱུ་དང་ཚོགས་པ་ཡར་རྒྱས་སུ་གཏོང་ཕྱོགས་བཅས་གཏན་འབེབ་དང་ཐག་གཅོད་བྱེད་ཀྱི་ཡོད།

གལ་ཏེ་ཁོ་རང་གི་ཁེ་ཕན་འགན་དུ་སྲུང་ཚེ། རྒྱབ་རྟེན་དཔོན་རིགས་ཤིག་ཁེ་གཉེར་དོ་དམ་པ་བསྙོན་མེད་ཅིག་ཆགས་སྲིད་ཅིང་། ཁེ་གཉེར་དོ་དམ་དེ་ད་གཟོད་མུ་མཐུད་མདུན་བསྐྱོད་ཆོག་པའི་ལམ་སྒྲོན་ལྗང་ཁུ་དག་ལ་ཡིད་རྟོན་བཅོལ་ཆོག་ལ། ཇི་སྲིད་བར་ཁོ་ལ་ཁེ་བཟང་འཐོབ་པ་དེ་སྲིད་དུ། ཁྲིམས་འགལ་ལུགས་ལྡོག་གི་ཁེ་ལས་དེས་སྤྱི་ཚོགས་སྟེང་ཕན་གནོད་ཅི་ཞིག་འབྱུང་མིན་དེ་ཡང་། སྐབས་དོན་དང་འབྲེལ་བ་ཡོད་པ་མ་རེད། རྒྱབ་རྟེན་དཔོན་རིགས་དེས་ད་དུང་ཁེ་ལས་བདག་པོ་དེ་འགོག་རྐྱེན་ཡོད་ཚད་ལས་ཐར་ཐབས་སུ་འགན་སྲུང་བྱེད་པ་རེད།  དེ་ལྟའི་འགན་སྲུང་ཁག་ཐག་ལ་བརྟེན་པས། ད་གཟོད་ཁོར་ཡུག་ལ་བག་ཟོན་མི་དགོས་པར། རྒྱལ་ནང་གི་ཚོང་ཟོག་གིས་འདོད་བློ་འཚིམ་པའམ། སྤྱི་ཚོགས་ཀྱི་བཟང་སྤྱོད་དང་ཡིད་རྟོན་ལ་བློས་འཁེལ་ཆོག་པ་རེད། ཡིན་ནའང་། རྒྱལ་ནང་གི་ཐོན་བསྐྱེད་རྩ་འབོར་ (G.D.P) མཐོར་འདེགས་གཏོང་རྒྱུར་རེ་དོགས་བྱས་ཆོག་པ་མ་རེད། འདི་ནི་རྒྱ་ནག་རྒྱལ་ཁབ་དམངས་གཙོ་ཆགས་པ་ནས་ལོ་ངོ་ ༦༥ རིང་ལ་འདི་ལྟར་བྱས་ནས་ཡོང་བ་རེད། དེང་སྐབས་ཁྲིམས་མཐུན་ལུགས་མཐུན་དུ་བསྙད་པའི་དམར་ཤོག་སྲིད་གཞུང་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་བསྡད་ཡོད་པ་རེད། དཔོན་རིགས་ཚོར་མཚོན་ན། ཁོ་ཚོའི་དམིགས་བྱ་འགྲུབ་པའི་བདེན་དཔང་ཅི་ཡང་མེད་ཅིང་། དཔལ་འབྱོར་ཡར་རྒྱས་དང་ལྐོག་ཟ་རུལ་སུངས་གཉིས་དུས་མཉམ་དུ་བྱུང་གི་ཡོད།

མའོ་ཙི་ཏུང་གིས་རང་སྒེར་གྱི་རྒྱུ་ནོར་དམར་ཤོག་ཚོགས་པའི་རྒྱུ་ནོར་ལ་བསྒྱུར་བ་རེད། ཡང་ཏིན་ཞོ་ཕིན་གྱིས་ཡོང་འབེབ་དང་གཏོང་ཕོད་ཆེན་པོའི་སྒོ་ནས། རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱུ་ནོར་ཁེ་དབང་དམར་ཤོག་ཚོགས་པའི་ཟ་སྐལ་དུ་འཕོ་འགྱུར་བཏང་བ་རེད། དམར་ཤོག་ཚོགས་པ་གསར་དུ་འཛུགས་མཁན་དང་གསར་བརྗེ་རིང་ལུགས་ཀྱི་མི་རབས་རྒྱུད་འཛིན་བྱས་ཏེ། དེ་རིང་བར་སྲིད་དབང་བརྒྱུད་སྤྲོད་ཀྱི་མཇུག་འབྲས་སུ། དམར་ཤོག་ཚོགས་པའི་དཔོན་རིགས་ཚོས། རྒྱ་ནག་གི་འབྱོར་ཕྱུག་མང་ཤོས་སྒེར་གཅོད་བྱེད་ཀྱི་ཡོད།

གནད་དོན་འདི་ལ་དག་མི་མང་གིས་དོ་སྣང་བྱེད་ཀྱི་ཡོད་རུང་། ཁ་གཏད་ཤོག་ཁག་གི་དཔོན་རིགས་དཀྱུས་མ་ཚོར་གྲགས་འགུལ་ཅི་ཡང་མེད་པར་བསྡད་ཡོད། ཁོ་ཚོས་བྱས་ཉེས་ཅི་དང་གང་བྱུང་བ་གསལ་བོར་རྟོགས་ཀྱང་། ཁོ་ཚོས་བཅའ་ཁྲིམས་འདི་འདྲ་ཞིག་གཏན་འབེབ་མི་བྱེད་རང་དབང་ཅི། འདི་ནི་ཏིན་ཞོ་ཕིན་རྒྱ་ནག་ལྷོ་རྒྱུད་དུ་ཕྱོགས་བསྐྱོད་བྱས་པའི་དམིགས་ཡུལ་དེ། དཔོན་རབས་གསར་བའི་སྲིད་ཇུས་ལག་ལེན་དུ་བསྟར་དུས། དམར་ཤོག་ཚོགས་པ་བརྟན་བརླང་ཡོང་ཆེད་ཡིན་པ་རེད།

༡༩༨༩ ལོའི་ནོར་སྐལ་ཐོབ་ཐང་།

༡༩༨༩ ལོའི་ཟླ་ ༦ ཚེས་ ༤ ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གཙོས། རྒྱ་ནག་གི་གྲོང་ཁྱེར་ཁག་ནང་ལྐོག་ཟ་རུལ་སུངས་མཚམས་འཇོག་དང་མྱུར་དུ་བཅོས་བསྒྱུར་གཏོང་དགོས་པའི་སྐད་འབོད་ཁྲོམ་སྐོར་བྱས་པར། ཏིན་ཞོ་ཕིན་གྱིས་མི་དམངས་བཅིངས་འགྲོལ་དམག་མངགས་ཏེ། ཞི་བའི་སྒེར་ལངས་ལས་འགུལ་ལ་དྲག་གནོན་བྱས་པ་རེད།

དྲུག་པའི་ཚེས་བཞིའི་ཉིན་གྱི་བརྡབ་གསིག་དང་རྨས་སྐྱོན་ལ་བརྟེན་ནས། ཁེ་ལས་འདུ་འགོད་ཀྱི་རྒྱ་མཚོ་ཞིག་ལ་སྒུལ་སྐྱོམ་བསླངས་སོང་། གནས་སྟངས་དེའི་འོག་ཏུ། མི་ཚང་མས་མི་སྨྲ་བའི་བརྟུལ་ཞུགས་བཟུང་བྱུང་། མི་ཚང་མའི་སྨྲ་བརྗོད་རང་དབང་ཤོར་སོང་། མི་ཚང་མའི་བཅོས་བསྒྱུར་རང་དབང་ཡང་ཤོར་སོང་། མི་ཚང་མ་མཐའ་འཁོར་དུ་ཕུད་སོང་། དེའི་མཇུག་འབྲས་སུ། ཕྱི་ལོ་ ༡༩༨༠ ལོའི་བཅོས་བསྒྱུར་གྱི་དམིགས་འབེན་རྩ་བ་ནས་འགོ་སྟེང་བསློགས་སོང་། དམར་ཤོག་ཚོགས་པས་དབུ་ཁྲིད་པའི་ཕྱི་ཕྱོགས་སྒོ་འབྱེད་སྲིད་ཇུས་དེས། ངལ་རྩོལ་མི་མང་དང་ཁེ་ལས་བདག་པོ་གཉིས་ཟུང་འབྲེལ་མ་ཐུབ་ལ། ཁོ་ཚོ་ནུས་མེད་དུ་གཏོང་མ་ཐུབ་ཅིང་། ཁེ་སྤོགས་སྒྲུབ་པའམ་ཁེ་སྤོགས་ཐུན་མོང་དུ་ཡང་སྤྱོད་ཐུབ། ཡིན་ནའང་། ཕྱི་ལོ་ ༡༩༨༩ ལོའི་ཁེ་ལས་འདུ་འགོད་ཀྱི་རྒྱ་མཚོར་སྐྱོམ་སྒུལ་ཐེབས་རྗེས། དམར་ཤོག་ཚོགས་པའི་དབང་ཤུགས་ལ་བརྟེན་ནས། ཁེ་སྤོགས་དང་ཐོན་ཁུངས་ཡོད་ཚད་བགོ་བཤའ་བརྒྱབ་སོང་།

དྲུག་བཞིའི་དོན་རྐྱེན་ལ་བརྟེན་ནས། ཏིན་ཞོ་ཕིན་གྱིས་དགྲ་བོ་ཚོད་འཛིན་གྱི་ས་ཐིག་གསར་བ་ཞིག་འཐེན་ཏེ། དམར་ཤོག་ཚོགས་པས་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་འགེབ་སྲུང་བྱས་ཤིང་། སུ་ཞིག་གིས་དམར་ཤོག་ཚོགས་པའི་ལྐོག་ཟ་རུལ་སུངས་འགེབ་སྲུང་བྱེད་པ་ལ་ཐེར་འདོན་བྱས་ན། མི་དེ་དམར་ཤོག་ཚོགས་པ་དང་བཅིངས་འགྲོལ་དམག་གི་དགྲ་ཟླར་འཛིན་གྱི་ཡོད།

རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། ‘སྦྲང་བདའ’དང‘སྟག་གསོད་ཀྱི’བྱ་འགུལ་ལག་བསྟར་བྱས་ཏེ། གནམ་ལྕགས་ཐོག་གིས་གཏོར་བ་ལྟར། རྒྱ་ནག་ལ་བརྡབ་གསིག་ཡ་ང་བ་ཐེབས་པ་རེད། ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ལ་དམ་དྲག་བྱེད་སྟངས་དེ་ཡང་། བལྟས་ཚོད་ཀྱིས་གསར་དུ་བྱུང་དོན་རྐྱེན་ཞིག་གཉིས་སུ་མེད་ནའང་། དོན་རྐྱེན་དེའི་བྱེད་ནུས་ལ་བརྟེན་པས། མི་མང་གི་བློ་མིག་འབྱེད་དུ་བཅུག་པ་རེད། ཚེ་སྲོག་གི་ཟུངས་ཁྲག་གིས་ཁ་དོག་བསྒྱུར་བའི་རྒྱ་ནག་གི་རྒྱལ་དར་དམག་པོ་དེ། མི་ངན་སྡུག་པ་ཅན་ཚོའི་སྐྱབས་གནས་ཤིག་ཏུ་གྱུར་ཅིང་། དགག་རྒྱག་དང་སུན་འབྱིན་བྱས་པའི་དམག་དཔོན་ཟུར་བ་ཚོར། དོན་དངོས་སུ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཕྲ་མོ་ཙམ་ལས་མེད་ཀྱང་། དགག་རྒྱག་དང་ཐེར་འདོན་གྱི་ལས་འགུལ་འདི་དག་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་ལྐོག་ཟ་རུལ་སུངས་ཀྱི་མིག་དཔེ་གསོན་པོ་གང་མང་ཞིག་གསང་རྒྱ་རུ་བསྡམས་སོང་། དེ་ལྟར་ཡང་། ལྐོག་ཟ་རུལ་སུངས་འདིའི་མགོ་མཇུག་བར་གསུམ། དུས་ནམ་ཡང་གསང་ཐབས་ཡོད་པ་མ་རེད་ལ། མི་མང་གི་སེམས་རྒྱུད་ཀྱི་ངེས་ཤེས་ནག་སུབ་གཏོང་བའི་གོ་སྐབས་དེ་བས་ཀྱང་ཡོད་པ་མ་རེད།

ཡིན་ན་ཡང་དམར་ཤོག་ཚོགས་པས་ལྐོག་ཟ་རུལ་སུངས་ལ་འཐབ་རྩོད་བྱེད་ཀྱིན་པའི་སྒང་འདིར། གལ་ཏེ་རང་དབང་གི་མི་སེར་ (རྒྱལ་དམངས་ཚོགས་པའི་ཁོངས་མི) ཚོས་རྩ་དོན་འདི་ལ་མོས་མཐུན་བྱེད་པ་ནི། ཁྲིམས་འགལ་ནག་ཉེས་ཤིག་ཡིན་པ་རེད།

ཕྱི་ ལོ་ ༡༩༨༩ ནང་བཞིན། ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་འཛིང་བྱེད་པའི་ལས་འགུལ་ལ་དྲག་གནོན་བྱེད་ ཀྱི་ཡོད་ཁར། དབུས་སྲིད་གཞུང་ལ་ཕུལ་བའི་སྙན་སེང་དང་ཁྲིམས་རའི་སྒྲིག་འཛུགས་གང་དུ་ཡང་རྒྱ་ ནག་གིས་མི་མང་ལ་ཐུབ་ཚོད་གཏོང་བ་དང་རྒྱུ་ནོར་ཧམ་གཉེར་བྱེད་བཞིན་པ་འདི། ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་ལེགས་བཅོས་ཡོ་བསྲུང་གཏོང་འདོད་ཡོད་པ་མ་ རེད། མི་མང་གིས་ལྐོག་ཟ་རུལ་སུངས་ལ་སུན་འབྱིན་བྱེད་པ་ནི། དོན་དམ་རང་གིས་རང་ཉིད་ཁྲིམས་ར་དང་བཙོན་རར་འདེད་ཀྱིན་ཡོད་པ་གསལ་བོར་རྟོགས་ ཡོང་། རྒྱ་ནག་གཞུང་གིས།  ལེགས་ཉེས་བདེ་སྡུག་ཅི་ཞིག་ཡིན་རུང་། དེའི་ཕྱི་གསལ་ནང་གསལ་དང་དེའི་འགན་འཁྲིའི་འདུ་ཤེས་སོགས་ཀྱི་རིན་ཐང་ལྟ་ཚུལ་ཡོད་ཚད། ཕྱིའི་དགྲ་བོས་བསླངས་པའི་དཀའ་རྙོག་གི་ལག་ཆ་འབའ་ཞིག་གི་ཚུལ་དུ་དམའ་འབེབ་གཏོང་གི་ཡོད། དེང་གི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཟོ་ལས་རིག་རྩལ། གོ་ལ་སྤྱི་སྙོམ་ཅན་དུ་བརྗོད་པའི་དུས་སྐབས་འདིར། དམར་ཤོག་ཚོགས་པའི་ཐལ་དྲག་པའི་ཐེ་གཏོགས་ཀྱི་དབང་ཤུགས་ཁོ་ན་འཕེལ་ཞིང་རྒྱས་བཞིན་འདུག

དམར་ཤོག་ཚོགས་པའི་འཇིག་ཉེན་ལ་མ་བལྟར་བར། དམར་ཤོག་སྲིད་གཞུང་གིས་ངོ་མ་ལྐོག་ཟ་རུལ་སུངས་ལ་འཐབ་རྩོད་བྱེད་འདོད་ཡོད་དམ་ཞེ་ན། མི་རེ་ཟུང་གིས་བཤད་ལྟར། གནད་དོན་འདི་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཚོས་གསལ་བོར་རྟོགས་པ་རེད།

ངས་འདིར་དོན་དག་གཉིས་བཤད་འདོད་བྱུང་། དང་པོ། རྒྱ་ནག་གཞུང་ཇི་སྲིད་བར་ཏིན་ཞོ་ཕིན་གྱི་སྲིད་ཇུས་ལམ་ཕྱོགས་སུ་བསྐྱོད་པ་དེ་སྲིད་དུ། ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་རྩ་སློག་གཏོང་ཐུབ་པ་མ་རེད། ‘སྦྲང་བདའ’དང‘སྟག་གསོད’ནི་ བཅོས་ཐབས་ཀྱི་རྩ་བ་དང་ཡན་ལག་གང་ཡང་མ་རེད་ལ། ལས་འགུལ་དེས་ཐ་ན་ཚེབས་ཆེ་བའི་ནད་གཞི་ཞིག་སེལ་ཐབས་ཡོད་པ་མ་རེད། རྒྱ་སྟག་གིས་མི་མེད་ལུང་སྟོང་འགྲིམ་པ་དང་སྦྲང་གཤོག་གིས་ཉི་འོད་སྒྲིབ་པ་ལྟར། ཁྱོད་ཀྱིས་ལྐོག་ཟ་རུལ་སུངས་མཁན་བརྒྱ་འམ་སྟོང་ལ་འཐབ་ཀྱང་། ལྐོག་ཟ་རུལ་སུངས་ཀྱི་བགྲོད་ལམ་ངོ་མ་དེ་བསྒྱུར་ཐབས་ཡོད་པ་མ་རེད། ཡིན་ནའང་། ང་ལ་ད་དུང་རེ་འདུན་གཅིག་ཡོད་དེ། གལ་ཏེ་རྒྱ་ནག་གི་དཔོན་རིགས་ཚོས་ཏིན་ཞོ་ཕིན་གྱི་སྲིད་ཇུས་ལམ་ཕྱོགས་འདོར་ཐུབ་ ཚེ། ད་གཟོད་ལྐོག་ཟ་རུལ་སུངས་གཙང་བཤེར་བྱེད་པའི་རེ་བ་ཡོད་པ་རེད། 

གཉིས་པ། འདི་གར་སླར་ཡང་དྲུག་བཞིའི་དོན་རྐྱེན་གྱི་རྗེས་དྲིན་ཉིན་མོར་འཁེལ་བ་རེད། མི་མང་གིས་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་མ་སྐུལ་མང་མོས་ཀྱི་སྒོ་ནས། སྐབས་དེར་ཉེས་མེད་མི་མང་དམར་གསོད་བཏང་བ་དང་དེའི་དྲང་བདེན་མ་ཡིན་པའི་ཉེས་ དམིགས་ཁས་ལེན་དགོས་པའི་རེ་འབོད་གཏོང་གི་ཡོད་ཅིང་། འདི་ང་རང་གི་རེ་འདུན་ཡང་ཡིན། འོན་ཀྱང་དུས་ཡུན་རིང་བོར། ང་ཚོས་གནད་དོན་འདི་འདྲ་འབྱུང་སྲིད་པའི་སྔོན་དཔག་ཅི་ཡང་བྱས་མི་འདུག་ན། ངས་ཁྱོད་ཚོས་རང་ཉེས་དང་ནོར་འཁྲུལ་ཁས་ལེན་པའི་རེ་འདུན་དེ་ཙམ་བཅངས་མེད། དེ་ལྟར་ལགས་ཀྱང་། ནམ་ཉི་མ་ཞིག་ལ་སླར་ཡང་གནད་དོན་ཚབས་ཆེན་ཞིག་འབྱུང་སྲིད་མིན་དེ་ངས་བཤད་མི་ ཕོད། 

 

བསྒྱུར་མཆན། རྒྱ་རིགས་རྩོམ་པ་པོ་པོ་ཐོང་ (Bào tóng) ལགས་ནི་དུས་ཡིན་རིང་བོར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བློན་ཟུར་བ་དང་སྤྱི་ཁྱབ་དྲུང་ཆེ་ཀྲོ་ཙེ་ཡང་ (༡༩༨༩ ལོར་གནས་དབྱུང་བཏང་། ༢༠༠༥ ལོར་ཚེ་ལས་འདས།) གི་སློབ་སྟོན་པ་ཡིན་ཞིང་། ཁོང་གི་འབོལ་རྩོམ་འདི་ཟླ་འདིའི་ཚེས་ ༣ ཉིན་ནེའུ་ཡོག་དུས་བབ་ཐོག་སྤེལ་ཡོད་པ་བོད་བསྒྱུར་བྱས་པ་ཡིན།

མ་རྩོམ་འབྲེལ་ཐག http://www.nytimes.com/2015/06/04/opinion/bao-tong-how-deng-xiaoping-helped-create-a-corrupt-china.html?_r=1

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༡ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese