མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིར་གཏོང་ནང་འདྲེན་གྱི་ཉོ་འཚོང་ཉམས་རྒུད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་གྱི་དཔལ་འབྱོར་གསར་ལམ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་རྒྱ་ནག་གི་ཕྱིར་འདྲེན་ཚོང་ཟོག་ལས་ནང་འདྲེན་ཚོང་ཟོག་གི་ཁེ་སྤོགས་ལྡབ་འགྱུར་གྱིས་མར་ཆགས་སྲིད་པ་དེས། པེ་ཅིན་གཞུང་ལ་རྒྱ་ནག་ནང་གི་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཤིན་ཏུ་དལ་བའི་དཀའ་རྙོག་ལས་ཀྱང་གཡོ་འགུལ་འཕར་མ་ཞིག་ཐེབས་སྲིད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

བདུན་ཕྲག་སྔོན་མའི་གཟའ་ཟླ་བའི་ཉིན། རྒྱ་ནག་དབུས་རྒྱལ་ཕྱིའི་གནས་བབ་རྟོག་ཞིབ་དང་འཆར་འགོད་ལྷན་ཁང་ (GAC)ཞེས་པས་དཔྱད་འབྲས་ཤིག་ཁྱབ་བསྒྲགས་བྱས་པ་ལྟར་ན། དེང་སྐབས་རྒྱ་ནག་ནང་གི་ཚོང་ཟོག་ཕྱི་འདྲེན་ཁེ་ལས་པ་ཚོས། ཕྱིའི་རྒྱལ་ཁབ་ཁག་ནང་དངོས་ཟོག་མཁོ་འདོན་དང་དངུལ་ལོའི་འཛའ་ཐང་། ངལ་རྩོལ་བཟོ་བའི་གྲངས་འབོར། དེ་བཞིན། རྒྱ་ནག་ནི་འཛམ་གླིང་སྟེང་གི་དཔལ་འབྱོར་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཨང་གཉིས་ཡིན་པའི་གནོན་ཤུགས་སོགས་ལ་གདོང་ལེན་བྱེད་མུས་ཡིན་པ་དང་། ད་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་ནང་གི་ཕྱིར་འདྲེན་ཚོང་ཟོག་གི་ཡོང་འབབ་རྒྱ་ཆ་ ༢.༥ དང་། ནང་འདྲེན་ཚོང་ཟོག་གི་ཁེ་སྤོགས་རྒྱ་ཆ་ ༡༧.༦ མར་ཆག་པ་དེས། ཕྱི་ཟླ་ ༥ ནང་རྒྱ་ནག་གི་ཉོ་འཚོང་ལས་རིགས་ཐད་ལ། ཨ་སྒོར་ཁྲག་ཁྲིག་ ༥༩.༤༩ ལྷག་གི་འཕར་ཆག་བྱུང་ཡོད་སྐོར་བརྗོད་འདུག

 ཁ་སང་རྒྱ་གར་གྱི་དཔལ་འབྱོར་གསར་ཁང་གིས། རྒྱལ་སྤྱིའི་དཔལ་འབྱོར་དབྱེ་ཞིབ་པ་ཚོའི་བསམ་ཚུལ་བསྡུས་པ་ལྟར་ན། ད་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གི་ཕྱིར་གཏོང་ཚོང་ཟོག་རྒྱ་ཆ་ ༦.༤  དང་ནང་འདྲེན་ཚོང་ཟོག་བརྒྱ་ཆ་ ༡༦.༢  ཡིན་པ་དང་། ཕྱི་ཟླ་ ༥ ནང་ཕྱི་རགཏོང་དངོས་ཟོག་རྒྱ་ཆ་ ༥.༠ དང་ནང་འདྲེན་དངོས་ཟོག་བརྒྱ་ཆ་ ༡༠.༧ ལྷག་མར་ཆག་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

ཡང་སི་ཁྲོན་ཞིང་ཆེན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་ཁེ་ལས་བདེ་འཇགས་ལྷན་ཁང་གི་ཆེད་མཁས་པ་ལུ་ཡ་ཞིན་ (Liu Ya Xin) ཟེར་བ་ཞིག་གིས “རྒྱ་ནག་ནང་གི་ཕྱི་འདྲེན་ཚོང་ཟོག་ཐད་ནས་ཡར་རྒྱས་ཕྲན་བུ་ཕྱིན་པའི་གནས་བབ་དེ་ནི། རྒྱ་ནག་ནང་གི་ཕྱིར་གཏོང་ཁེ་ལས་ཡར་རྒྱས་སུ་སོང་བའི་རྟགས་མཚན་གང་ཡང་མ་ཡིན་ཞིང་། རྒྱ་ནག་གི་དངུལ་ལོའི་འཛའ་ཐང་གི་རྐྱེན་པས། རྒྱལ་ནང་གི་ཚོང་གཉེར་ཁང་ཡོད་ཚད་ད་དུང་རྒྱལ་སྤྱིའི་ཁྲོམ་ར་འཕར་ཆག་གི་སྟོབས་ཤུགས་ཀྱི་རྗེས་སུ་ལུས་ཡོད་པ་རེད། སྤྱིའི་ཆ་ནས་གོང་སྨོས་རྒྱ་ནག་དབུས་རྒྱལ་ཕྱིའི་གནས་བབ་རྟོག་ཞིབ་དང་འཆར་འགོད་ལྷན་ཁང་གིས་དཔྱད་འབྲས་ཕྱིར་བསྒྲགས་བྱས་པའི་ནང་། རྒྱ་ནག་གི་དཔལ་འབྱོར་གྱིས་ད་དུང་རྟེན་གཞི་ཞིག་འཚོལ་བཞིན་ཡོད་ཚུལ་བསྟན་འདུག་པ་ལྟར། ང་ཚོས་ཕྱིས་འབྱུང་གི་ཟླ་ ༤ ནས་ ༥ བར། རྒྱ་ནག་གཞུང་གིས་རྒྱལ་ནང་གི་དཔལ་འབྱོར་བརྟན་འཇགས་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་འབྲེལ། རྒྱ་ནག་གི་ཉོ་འཚོང་ཁེ་ལས་སྔར་བཞིན་ནུས་མེད་སྒྱིད་སྙོམ་ཅན་དུ་འགྱུར་སྲིད་པར་ཚོད་དཔག་བྱེད་ཀྱི་ཡོད” ཟེར།

ཉེ་བའི་ཟླ་བ་འདི་དག་གི་རིང་ལ། རྒྱ་སྒོར་གྱི་འཛའ་ཐང་ཨ་སྒོར་གྱི་འཛའ་ཐང་ལས་ལྡབ་འགྱུར་གྱིས་བརྒལ་ཏེ། རྒྱ་ནག་གི་ཉོ་འཚོང་འདུ་འགོད་ཀྱི་རྨང་གཞི་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ནའང་། སྲིད་བློན་ལེ་ཁི་ཆེང་གིས་རྒྱ་སྒོར་གྱི་འཛའ་ཆག་སྔོན་འགོག་བྱས་ཡོད་པ་རེད།

ཧ་ལམ་ ༢༠༡༤ ལོའི་ལོ་ཕྱེད་རིང་། རྒྱ་ནག་གཞུང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་བརྒྱ་ཆ་ ༧.༥ ཟིན་པ་ལས། རྒྱ་ནག་གི་ཉོ་འཚོང་དཔལ་འབྱོར་བརྒྱ་ཆ་ ༣.༤ ཙམ་ཡར་རྒྱས་སུ་ཕྱིན་ཡོད་འདུག་ལ། དེར་བརྟེན། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དམའ་རུ་བཏང་སྟེ། ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་ཁེ་འབབ་བརྒྱ་ཆ་ ༦.༠ ཟིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

འདི་ཟླའི་རེས་གཟའ་མིག་དམར་ཉིན། རྒྱ་ནག་གཞུང་གིས་བཟོ་ལས་དང་མ་འཛུགས། སིལ་ཚོང་ཁེ་ལས་སོགས་ཀྱི་ཐོན་འབབ་དཔྱད་ཞིབ་གནད་བསྡུས་ཤིག་ཕྱི་བསྒྲགས་བྱས་པའི་ཐད་ལ། རྒྱལ་སྤྱིའི་དཔལ་འབྱོར་དབྱེ་ཞིབ་པ་ཚོས། སྤྱིར་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་ ༧.༠ ལས་བཞི་ཆའི་གཉིས་ལྷག་གིས་འཕེལ་རྒྱས་སུ་འགྲོ་སྲིད་ནའང་། འཛའ་ཆག་གི་དཀའ་ཉེན་ལ་བརྟེན་ནས། རྒྱ་ནག་གི་དཔའ་འབྱོར་ཡར་རྒྱས་ཀྱི་དམིགས་ཚད་བརྒྱ་ཆ་ ༧.༠ ཟིན་རྒྱུ་མིན་སྐོར་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༠ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་ ཕྱིའི་རྒྱལ་ཁབ་ཁག་ནང་དངོས་ཟོག་མཁོ་འདོན་དང་དངུལ་ལོའི་འཛའ་ཐང་། ་་་་་་་་་
    འདི།
    ཕྱིའི་རྒྱལ་ཁབ་ཁག་ནང་དངོས་ཟོག་མཁོ་འདོན་དང་དངུལ་ལོའི་༼ལོར་༽འཛའ་ཐང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese