མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་སྐོར་བའི་འགྲོ་ལམ་བཀག

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བལ་ཡུལ་བརྒྱུད་གངས་རིན་པོ་ཆེ་འགྲོ་སའི་ལམ་བཀག་ཡོད་སྟབས་རྒྱ་གར་གྱི་གནས་སྐོར་བ་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ ༢༥༠༠༠ ལྷག་ལ་དཀའ་ངལ་འཕྲད་ཡོད་འདུག

ཟླ་འདིའི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་བཞི་པའི་ཉེར་ལྔའི་བལ་ཡུལ་གྱི་ས་ཡོམ་རྐྱེན་པས་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ལ་གོད་ཆག་ཆེན་པོ་ཕོག་ཡོད་པར་བརྟེན། བལ་ཡུལ་བརྒྱུད་གངས་རིན་པོ་ཆེར་གནས་སྐོར་དུ་འགྲོ་སའི་ཏ་ཌོ་པཱ་ཎེ་དང་ར་སུ་ཝ་སོགས་ཀྱི་འགག་སྒོ་བཀག་སྟེ། རྒྱ་གར་གྱི་གནས་སྐོར་བ་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ ༢༥༠༠༠ ཙམ་གངས་རིན་པོ་ཆེར་འགྲོ་མ་ཐུབ་པར་བལ་ཡུལ་ནང་ལྷག་ཡོད་འདུག

བལ་ཡུལ་ཡུལ་སྐོར་སྤྲོ་འཆམ་དང་མཁའ་འགྲུལ་ལྷན་ཁང་གིས་རྒྱ་གར་ཧིན་རྡུ་དུས་བབ་ཐོག “བལ་ཡུལ་བརྒྱུད་གངས་རིན་པོ་ཆེར་ལྟ་སྐོར་དུ་འགྲོ་མཁན་དག་ནི་ཡོང་འབབ་གལ་ཆེ་ཤོས་ཤིག་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བསམ་ཤེས་མ་བྱས་པར་མཐའ་མཚམས་བཀག་སྟེ་ང་ཚོར་དཀའ་ངལ་བཟོ་བཞིན་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནས་ཚུལ་དེ་གླེང་སློང་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།”ཅེས་བརྗོད་འདུག

ཀེ་ལ་ཤ་ཡུལ་སྐོར་ཚོགས་པའི་ཚོགས་གཙོ་པར་ཁཱ་ཤེ་ (Prakash Shrestha) ཡིས་ཀ་ཋ་མན་གྲུ་དུས་བབ་ཐོག “ཉེ་ལམ་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ཁེ་ལས་ཁག་ ༣༨ ཀྱི་ཡུལ་སྐོར་བ་ ༢༥༠༠༠ གངས་རིན་པོ་ཆེར་བསྐྱོད་མ་ཐུབ་པར་བལ་ཡུལ་ནང་ལྷག་ཡོད་པ་མ་ཟད། ད་དུང་ཡུལ་སྐོར་བ་ ༢༥༠༠༠ ལྷག་ཡོང་འཆར་ཡོད་སྟབས་གཞུང་གིས་ཐད་འཕུར་གནམ་གྲུ་བརྒྱུད་གངས་རིན་པོ་ཆེར་སྐྱེལ་རྒྱུ་དང་། ཡང་ན་ནུབ་ཕྱོགས་ས་ཁུལ་ནེ་པལ་གྷུན་དྷེ་དང་སར་ཁེ་ཌི་ (Nepalgunj-Surkhet) བརྒྱུད་གངས་རིན་པོ་ཆེར་འགྲོ་རྒྱུའི་མཐུན་རྐྱེན་སྦྱོར་དགོས།”ཞེས་བརྗོད་འདུག

ལོ་ལྟར་ཕྱི་ཟླ་ ༥ ནས་ ༩ བར་ནི་ཆོས་ལུགས་པ་ཚོ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ལ་མཇལ་སྐོར་དང་། ཡུལ་སྐོར་སྤྲོ་འཆམ་པ་ཚོ་ལྟ་སྐོར་དུ་འགྲོ་བའི་དུས་ཚོད་ཡག་ཤོས་དེ་ཡིན་པ་དང་། ལོ་རེར་ཧིན་རྡུའི་ཆོས་ལུགས་རྗེས་འབྲང་པ་དང་ཡུལ་སྐོར་སྤྲོ་འཆམ་བ་འབུམ་ ༢ ལྷག་ཡོང་གི་ཡོད་སྟབས། བལ་ཡུལ་གྱི་ལས་འཚོལ་བ་མི་འབུམ་གཅིག་མ་ཟིན་ཙམ་ལ་ལས་ཀ་རག་གི་ཡོད་ཀྱང་། ཉིན་ཤས་གོང་རྒྱ་ནག་གཞུང་གིས་བལ་ཡུལ་བརྒྱུད་གངས་རིན་པོ་ཆེར་འགྲོ་སའི་ལམ་བཀག་པར་བརྟེན། ད་ཆ་རྒྱ་གར་བ་དང་ཡུལ་བ་མི་ ༢༥༠༠༠ ཙམ་གནས་སྐོར་དུ་འགྲོ་མ་ཐུབ་པར་ལྷག་ཡོད་འདུག

༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱས་སྐབས། རྒྱ་དཀར་ནག་བར་གྲོས་མཐུན་ཁག་ ༡༢ ལ་མིང་རྟགས་བཀོད་ཡོད་པའི་ཁྲོད། རྒྱ་གར་གཞུང་གིས་རྒྱ་གར་གྱི་ཧིན་རྡུའི་གནས་མཇལ་བ་ཚོ་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་འགྲོ་བར་སྟབས་བདེ་ཆེད། ལ་དྭགས་ས་གནས་བདེན་མཆོག་དང་ཨུ་ཊར་ར་ཁཱན་ཌི་མངའ་སྡེའི་ས་གནས་ཀུ་མོན་ (Kumaon)། ཧི་མ་ཅལ་མངའ་སྡེའི་ས་གནས་ཀེ་ནཱོར་(Kinnaur) བཅས་ཀྱི་ས་མཚམས་ཁག་སྒོ་ཕྱེ་རྒྱུ་མིན་པར། བོད་དང་འབྲས་ལྗོངས་ས་མཚམས་སྣ་ཐོད་ལ་ནས་གཞིས་ཀ་རྩེ་བརྒྱུད་གནས་འགྲོ་དགོས་པ་བཟོ་རྒྱུའི་གྲོས་མཐུན་བྱུང་ཡོད་པ་ལྟར། ༢༠༡༥ ལོའི་ཟླ་ ༢ ཚེས་ ༡༩ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུ་ཞི་མ་ (Sushma Swaraj) མཆོག་གིས་གངས་རིན་པོ་ཆེར་གནས་གཟིགས་འགྲོ་ཕྱོགས་སྐོར་གྱི་དྲ་ཚིགས་ (http://kmy.gov.in ) ཞེས་པ་ཞིག་དབུ་འབྱེད་དང་། ཟླ་འདིའི་ཚེས་ ༨ ནས་ཟླ་ ༩ པའི་ཟླ་མཇུག་བར་བོད་དང་འབྲས་ལྗོངས་ས་མཚམས་སྣ་ཐོད་ལ་ནས་གཞིས་ཀ་རྩེ་གྲོང་ཁྱེར་བརྒྱུད་ལམ་ཁ་ཕྱེ་རྒྱུ་ཡིན་པ་མ་ཟད། གནས་སྐོར་བ་ཚོ་བོད་ཀྱི་གྲོང་ཁྱེར་གཞིས་ཀ་རྩེར་མ་འཐོན་གོང་རྒྱ་གར་རྒྱལ་ས་ལྡི་ལིར་འགྲོ་འོང་ལག་ཁྱེར་ཞུ་བར་ཡོང་དགོས་པ་དང་། འགྲོ་འོང་ལག་ཁྱེར་ཞུ་སྐབས་གཞུང་གིས་སྡོད་ས་དང་ཁ་ལག་སོགས་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་བསྒྲགས་ཡོད། 

དེ་རིང་རྒྱ་གར་གྱི་གནས་སྐོར་བ་ཀཱ་པུར་ཤར་མ་ཞུ་བ་ཞིག་གིས་བལ་ཡུལ་གྱི་ཆ་འཕྲིན་ཐོག ང་ཚོ་ནང་མི་དྲུག་གིས་བལ་ཡུལ་གྱི་འགྲིམ་འགྲུལ་ལས་ཁང་ཞིག་དང་སྐད་ཆ་བཤད་དེ། བལ་ཡུལ་གྱི་ས་མཚམས་ཏ་ཌོ་པཱ་ཎེ་བརྒྱུད་གངས་རིན་པོ་ཆེར་འགྲོ་སྐབས། རྒྱ་ནག་གཞུང་གིས་འགག་སྒོ་བཀག་སྟེ་འགྲོ་མ་ཐུབ་སྟབས་མགྲོན་ཁང་ཞིག་གླས་ནས་བསྡད་ཡོད་ཅེས་བརྗོད་འདུག

ཧིན་རྡུའི་ཆོས་ལུགས་རྗེས་འབྲང་བ་ཚོས། གངས་རིན་པོ་ཆེ་ནི་ལྷ་དབང་ཕྱུག་གི་སྒོམ་སྒྲུབ་ཉམས་ལེན་གནང་བའི་གནས་མཆོག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མ་ཕམ་གཡུ་མཚོའི་ཆུ་འཐུང་ན་ལོ་བརྒྱ་ལྷག་གི་སྡིག་གྲིབ་སེལ་ཐུབ་པ་མ་ཟད། ལྷ་དབང་ཕྱུག་གི་གནས་སུ་འགྲོ་ཐུབ་པའི་བཤད་ཚུལ་ཡོད་པ་ལྟར། བོན་པོ་དང་གཅེར་བུ་བ་སོགས་ཀྱིས་ཀྱང་རང་རང་གི་ངོས་འཛིན་དང་བཤད་རྒྱུན་ལྟར་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་གནས་རྩ་ཆེན་པོར་བརྩི་སྲོལ་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    བལ་ཡུལ་ཏག་ཏག་རེད། རྒྱ་དམར་གྱི་ངོ་གདོང་ནག་པོ་མ་ཚོར་ན། བོད་ཀྱི་ཆོས་སེམས་མཛའ་མཐུན་ཚོར་ག་ལ་ཐུབ། བལ་ཡུལ་གནས་སྐོར་བ་དེ་ཚོ་གཏན་དུ་བོད་ཡུལ་དུ་ཡོང་མ་བཅུག་ན་ཏག་ཏག་རེད། གུང་བྲན་ཏང་ལ་མཚོན་ནས་བཤད་ན། གནས་སྐོར་བ་འདི་དག་ནི་རྨོངས་དད་པ་ཏག་ཏག་ཡིན་པའི་ངོས་ནས་འགོག་འོས་པ་ཤིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese