མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བྷེ་བྷེ་སི་བརྒྱུད་ལམ་ནས་གནས་ཚུལ་བསྒྲགས་པ་ལྟར་ན། ཕྱི་ཚེ་ ༦ ཉིན་ནས་བཟུང་། འཇར་མན་རྒྱལ་ཁབ་ནང་འཚོགས་བཞིན་པའི་འཛམ་གླེང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ (G7) ཀྱི་གྲོས་མོལ་ཚོགས་ཆེན་སྟེང་། དེང་གི་སའི་གོ་ལའི་དྲོད་ཚད་ཀྱི་འཇིག་ཉེན་དང་ཁ་ཆེ་འཇིགས་སྐུལ་རིང་ལུགས་ཀྱི་རྩོད་རྙོག་སོགས་ཞི་འཇགས་སུ་གཏོང་ཐབས་སྐོར་ལ་གྲོས་གླེང་བྱེད་ཀྱིན་ཡོད་འདུག

དེ་ཡང་ཧྥ་རན་སི་དང་འཇའ་མན། ཨ་རི། ཨིན་ཇི། ཁེ་ན་ཌ། ཨེ་ཊ་ལེ། ཉི་ཧོང་བཅས་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཤིག་ཡིན་ཞིང་། ཚོགས་ཆེན་སྟེང་དུ། འཇར་མན་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་གྱི་སྲིད་བློན་ཨན་གྷི་ལ་མིར་ཁིལ་ལགས་ཀྱིས་གསུངས་རྒྱུར། ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་ངོས་ནས་སའི་གོ་ལའི་དྲོད་ཚད་མཐོ་རུ་འཕར་བཞིན་པའི་འཇིག་ཉེན་དང་། དེང་གི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས། དབུལ་ཕོངས་སུ་འགྱུར་བཞིན་པའི་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་དཀའ་སྡུག་ལ་རོགས་སྐྱོར་དང་ཐེབ་རྩ་གསར་འཛུགས་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། ད་དུང་ཨི་རག་དང་ནེ་རྗེ་རེ་ཡ། ཊོ་ནེ་སེ་ཡ་གཙོས། ཁ་ཆེ་རྒྱལ་ཁབ་ཁག་ནང་གི་ཆོས་ལུགས་ལྟ་གྲུབ་རྩོད་གླེང་གི་འཇིགས་སྐུལ་ཐད་ལའང་བགྲོ་གླེང་གྲོས་མོལ་བྱེད་ཀྱི་ཡོད་འདུག

ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་འཇར་མན་ཤར་བྱང་གི་རི་བོ་བྷ་བ་རེ་ཡན་ཨལ་ཕི་སིའི་ (Bavarian Alps) འགྲམ་རྒྱུད་དུ་རྟེན་གཞི་བྱས་པའི་འཇར་མན་གྲོང་སྡེ་སྤྱི་ཁབ་ལྷན་ཁང་ནང་སྐོང་འཚོགས་བྱས་ཡོད་ཅིང་། ཚོགས་ཆེན་སྟེང་དུ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཨིན་ཇིའི་སྲིན་བློན་ཁེ་མི་རོན། ཉི་ཧོང་གི་སྲིད་བློན་ཧྲན་ཙོ་ཨ་བྷུ། ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌ། ཁེ་ན་ཌའི་སྲིད་བློན་ཧར་ཕིར། དེ་བཞིན། ཨེ་ཊ་ལེའི་སྲིད་བློན་རན་ཙེ་སོགས་མཉམ་ཞུགས་བྱས་ཡོད་པ་དང་། རེས་གཟའ་ཟླ་བའི་ཉིན་གྱི་གྲོས་གཞི་གཙོ་བོ། དེང་གི་སའི་གོ་ལའི་དྲོད་ཚད་དང་རང་བྱུང་གི་ནུས་ཤུགས་ཐོན་སྐྱེད་སྐོར་ཡིན་ཚུལ་བརྗོད་ཅིང་། དེ་ལ་འཇར་མན་གྱི་སྲིད་བློན་ཨན་གྷི་ལ་མིར་ཁིལ་གྱིས། ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་ངོས་ནས། དེང་གི་བཟོ་ལས་ཐོན་སྐྱེད་ཀྱི་རྐྱེན་པས། སའི་གོ་ལའི་དྲོད་ཚད་ 2C ལ་འཕར་ཡོད་ལུགས་འགྲེལ་བརྗོད་དང་དེ་ངོས་ལེན་བྱེད་དགོས་སྐོར་བསྙད་ཅིང་། ཡང་ཁོང་མོས་ཕྱི་ཟླ་ ༡༢ ནང་ཧྥ་རན་སིའི་རྒྱལ་སར། ‘ཨ་རིའི་སའི་གོ་ལའི་དྲོད་ཚད་ཐད་ཀྱི་ཚོགས་ཆེན’མ་འཚོགས་སྔོན་ལ། དེར་བཞུགས་ལྷན་ཚོགས་ཀྱི་སྐུ་མགྲོན་རྣམ་པས། སའི་གོ་ལའི་དྲོད་ཚད་དམའ་རུ་གཏོང་ཐབས་སུ་འབོད་བརྩོན་བྱེད་དགོས་པའི་རེ་སྐུལ་ཡང་ཞུས་ཡོད་འདུག དེར་མ་ཟད། ཨི་རག་གི་སྲིད་བློན་ཨལ་ཨ་བྷ་ཌེ་དང་། ནེ་རྗེ་རེ་ཡའི་སྲིད་འཛིན་བྷོ་ཧ་རེ། ཊོ་ནེ་སེ་ཡའི་སྲིད་འཛིན་ཨེ་སི་བྷ་སེ་གསུམ་ཡང་། ད་རེབ་ཀྱི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་མཉམ་ཞུགས་ཀྱིས། དེང་གི་བྷོ་ཁོ་ཧ་རམ་ (Boko Haram) དང་ཨཡེ་སེ་ (IS) ལྟ་བུའི་ཁ་ཆེ་ཆོས་ལུགས་ཤོག་ཁག་གི་རྩོད་གླེང་དང་འཇིགས་སྐུལ་ཐད་ལའང་ཞི་གྲོས་བྱ་རྩིས་ཡོད་ལུགས་བརྗོད་འདུག

ཁ་སང་རེས་གཟའ་ཉི་མའི་ཉིན། ཨིན་ཇིའི་སྲིད་བློན་ཁེ་མི་རོན་གྱིས། ཉེ་ལམ་ཨིན་ཇི་གཞུང་གིས་ཨི་རག་རྒྱལ་ནང་དུ་རམ་འདེགས་དྲག་ཆས་དམག་ ༡༢༠ ཆེད་གཏོང་གིས། ཡུལ་དེའི་ཨཡེ་སེ་ཁ་ཆེ་ཆོས་ལུགས་ཤོག་ཁག་ལ་རྒོལ་འཛིང་བྱས་པ་དེ། ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་ངོས་ནས། དེ་ནི་ཚབས་ཆེ་བའི་འཇིགས་སྐུལ་དང་དྲག་པོའི་དཔུང་འཇུག་བྱས་པ་ཡིན་ཚུལ་གླེང་སློང་བྱེད་སྲིད་པར་འགྲེལ་བརྗོད་བྱས་ཡོད་པ་དང་། ཨཡེ་སེ་ཞེས་པའི་ཁ་ཆེ་ཆོས་ལུགས་ཤོག་ཁག་དེས། ཨི་རག་ནང་གི་ཨ་རིའི་རམ་འདེགས་མཁའ་དམག་དམིགས་འབེན་དུ་བཟུང་སྟེ། ཊིར་ཀེ་དང་ཨི་རག་གི་མཐའ་ཁུལ་ཁག་ལ་འཇིགས་སྐུལ་དང་དམ་དྲགས་བྱེད་མུས་ཡིན་པ་མ་ཟད། ནེ་རྗེ་རེ་ཡ་རྒྱལ་ནང་དུ་ཡང་། ཡུལ་དེ་གའི་བྷོ་ཁོ་ཧ་རམ་ཞེས་པའི་འཇིགས་སྐུལ་ཤོག་ཁག་ལ་རྒོལ་འཛིང་གྱིས། ཁ་ཆེ་ཆོས་ལུགས་ཀྱི་ཟིང་ཆ་ལངས་ཡོད་པ་རེད། བྷོ་ཁོ་ཧ་རམ་ཞེས་པའི་ཤོག་ཁག་འདི་ནི་ཕྱི་ལོ་ ༢༠༠༩ ལོ་ནས་ཁ་ཆེ་ཆོས་ལུགས་ཤོག་ཁག་ཅིག་ཏུ་གསར་འཛུགས་བྱེད་ཆེད། ཊིར་ཀེའི་རྒྱལ་ནང་དུ་ཟིང་ཆ་སློང་གི་ཡོད་པ་ཞིག་ཡིན་སྐོར་བརྗོད་འདུག

ཡང་ཕྱི་ཚེ་ ༧ ཉིན་གྱི་རྒྱ་ནག་དབུས་བརྙན་འཕྲིན་ (CCTV) ལས་ཁུངས་ཀྱི་གསར་གནས་སྤེལ་བ་ལྟར་ན། གོང་སྨོས་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་ཚོགས་ཆེན་འཚོགས་སའི་ཁྲོམ་སྲང་ཁག་ཏུ། མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས། ཆེས་མཐོའི་དཔོན་རིགས་ཚོགས་ཆེན་ལ་ངོ་རྒོལ་དང་སྐད་འབོད་བྱས་ཏེ། ཁོང་ཚོས་སའི་གོ་ལའི་དྲོད་ཚད་དམའ་རུ་གཏོང་བ་དང་དབུལ་སྐྱོབ་ཐེབ་རྩ་གསར་དུ་འཛུགས་རྒྱུ་སོགས་ཀྱི་སྟོང་གཏམ་ལ་སྐྱོན་བརྗོད་དང་། དེ་བཞིན། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་ཁྲོམ་ར་མཉམ་ལས་ཀྱིས། ཚོང་ཟོག་ཐོན་སྐྱེད་བྱས་པ་དེས། ཁོར་ཡུག་དང་སྤྱི་ཚོགས་ཁེ་དབང་ཙམ་དུ་མ་ཟད། ད་དུང་འཛད་སྤྱོད་པའི་བདེ་ཐང་ལའང་གནོད་འཚེ་གཏོང་གི་ཡོད་ཚུལ་བཤད་ཅིང་། སྐབས་དེར་ངོ་རྒོལ་ལས་འགུལ་བ་དང་སྤྱི་བདེ་ཉེན་རྟོག་པའི་བར་ལ་འཁྲུག་འཛིང་ཤོར་ཏེ། ལས་འགུལ་བ་མང་པོ་འཇུ་བཟུང་དང་བཀག་བསྐྱིལ་བྱས་ཡོད་པ་མ་ཟད། འཇར་མན་གྱི་སྤྱི་བདེ་མི་སྣ་སྟོང་ཕྲག་ ༡༧ ལྷག་གིས་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་འཚོགས་སའི་མགྲོན་ཁང་སྐོར་སྲུང་བྱས་ཡོད་འདུག་ལ། ཨོ་སི་ཁྲུ་རེ་ཡན་གྱི་ཉེན་རྟོག་མི་སྣ་ ༢༠༠༠ ལྷག་གིས་འཇར་མན་དང་ཨོ་སི་ཁྲུ་རེ་ཡན་གྱི་མཐའ་མཚམས་སྲུང་སྟེ། ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ཡོད་སྐོར་བརྗོད་འདུག

ཡང་ཕྱི་ཚེ་ ༨ ཉིན་གྱི་གནས་ཚུལ་ལྟར་ན། ཆེས་མཐོའི་དཔོན་རིགས་ལྷན་ཚོགས་འཚོགས་ནས། ཉིན་གཉིས་པའི་ཚོགས་ཐུན་དང་པོའི་སྟེང་དུ་། གྷི་རེ་སི་དང་ཡུ་ཁི་རེན་རྒྱལ་ཁབ་གཉིས་ནང་བྱུང་བཞིན་པའི་ཛ་དྲག་གི་རྩོད་གླེང་དང་ཟིང་འཁྲུག་སྐོར་ལ་གྲོས་གླེང་བྱས་ཡོད་པ་དང་། སྐབས་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མས། ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཀྱི་དབུ་ཁྲིད་ཚོས། ཡུ་ཁི་རེན་རྒྱལ་ནང་གི་ཨུ་རུ་སུའི་བཙན་འཛུལ་དང་དམ་དྲག་གི་སྲིད་ཇུས་ཀྱི་ཁ་གཏད་དུ་ལང་དགོས་སྐོར། དེ་བཞིན། ཉིན་གཉིས་ནང་ཡུ་ཁི་རེན་ཤར་རྒྱུད་ཀྱི་ཛ་དྲག་གི་རྩོད་རྙོག་མང་པོ་འདུམ་འགྲིག་བྱེད་དགོས་ལུགས་བརྗོད་ཅིང་། ཡང་ཨིན་ཇིའི་སྲིད་བློན་ཁེ་མི་རོན་གྱིས། ཡུ་རོབ་གླིང་མཉམ་འབྲེལ་སྒོས། ཨུ་རུ་སུ་དང་མཐའ་མཚམས་རྩོད་གླེང་གི་ལངས་ཕྱོགས་སྲ་བརྟན་དུ་གཏོང་རྒྱུ་དང་། ཚོགས་ཆེན་སྟེང་གི་དབུ་ཁྲིད་ཚོས་ཡུ་ཁི་རེན་གྱི་གནས་སྟངས་ལ་གཞིག་སྟེ། མའོ་སི་ཁོ་སྲིད་གཞུང་ལ་ཛ་དྲག་གི་ཉེན་བརྡ་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་ཡོད་ཚུལ་བརྗོད་འདུག



འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 1

  1. མཁར་སྟོད། says:
    ལོ་ 11 སྔོན།

    ཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་དབུ་ཁྲིད་རྣམས་པ་ ཇར་མཱི་ནཱིར་ལྷན་འཛོམས་གནང་སྟེ་ རྒྱལ་སྤྱིའི་གནད་དོན་རྒྱ་ཆེའི་ཐད་གྲོས་མོལ་གནང་གི་ཡོད་ཅིང་ གཟའ་ཉི་མའི་ཉིན་དབུ་འཛུགས་གནང་བའི་ཉིན་གཉིས་ཀྱི་ལྷན་ཚོགས་དེའི་ཐོག་ ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཤིན་ཛཱོ་ཨཱ་བྷེ་ཡིས་ གཙོ་བོ་རྒྱ་ནག་དང་ ར་ཤི་ཡེའི་སྐོར་གླེང་སློང་གནང་སྟེ་ ཡུལ་གྲུ་དེ་གཉིས་ཀྱིས་དྲག་ཤུགས་ལ་བརྟེན་ནས་ ལྷོ་དང་ཤར་རྒྱ་ནག་རྒྱ་མཚོ་དང་ ཡུ་ཀེ་རན་གྱི་ད་ལྟའི་གནས་སྟངས་ལ་འགྱུར་བ་གཏོང་རྩིས་བྱེད་ཀྱི་ཡོད་པ་དེ་དག་ལ་ ཚོགས་ཞུགས་ཚང་མས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པའི་ཞུ་བསྐུལ་ནན་པོ་གནང་རྒྱུའི་འཆར་གཞི་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese