མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུས་འོས་བསྡུ་ལྷན་ཁང་གིས་སྲིད་སྐྱོང་དང་སྤྱི་འཐུས་སྐབས་ ༡༦ པའི་སྔོན་འགྲོའི་འོས་བསྡུ་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༨ དང་། དངོས་གཞིའི་འོས་བསྡུ་ཆེན་མོ་འཆར་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གནང་གཏན་འཁེལ་བ་གསལ་བསྒྲགས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཐོག གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་དབུས་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་དང་། བསྟན་འཛིན་ཆོས་འཕེལ་ལགས་སོགས་ལྷན་བཞུགས་ཐོག བཙན་བྱོལ་བོད་མིའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་བ་དང་། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༨ དང་། དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་གཏན་འཁེལ་ཡོད་སྟབས། འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༣༠ ནང་ཚུན་དུ་བོད་མི་རང་ལོ་ ༡༨ གསར་དུ་སོན་པ་ཚོས་དེབ་སྐྱེལ་ཀྱི་ལས་དོན་མགོ་འཛུགས་གནང་རྒྱུ་ཡིན་པ་དང་། བཅའ་ཁྲིམས་དོན་ཚན་ ༣༧ པའི་དགོངས་དོན་ལྟར། ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་གཉིས་རེ། བྱང་ཨ་རི་དང་ལྷོ་ཨ་རིའི་ཁུལ་ནས་སྤྱི་འཐུས་གཉིས། ཡུ་རོབ་དང་ཨ་ཧྥེ་རི་ཀ་ནས་སྤྱི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡའི་ཁུལ་ནས་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་ ༤༥ འོས་འདེམས་གནང་རྒྱུ་ཡིན་འདུག

ལྷན་ཚོགས་ཐོག་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་གཏན་འབེབས་དང་། རྩིས་ཁྲ་འབུལ་ཕྱོགས། དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་སྒྲིག་གཞི་སྒྲོག་སྦྱངས་གནང་བའི་ནང་།
གཅིག སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མི་དང་། དེའི་ཕྱོགས་གཏོགས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲིལ་བསྒྲགས་བྱ་ཡུལ་གསར་ཤོག་ཁག་ནང་བསམ་ཚུལ་དཔར་འགྲེམས་བྱེད་རྒྱུ་དང་། སྦྱར་ཡིག་འདྲ་མིན་བཟོ་རྒྱུ། དེབ་ཆུང་དང་སྒྲ་འཛིན་འཁོར་ཐག་བཟོ་རྒྱུ། མི་ང་འདུ་འཛོམས་སྐབས་སོ་སོའི་བསམ་ཚུལ་གཏམ་བཤད་བྱ་རྒྱུ། དྲ་རྒྱ། སྤྱི་ཚོགས་དྲ་ལམ་སོགས་བརྒྱུད་གསལ་བསྒྲགས་སྤེལ་རྒྱུ་བཅས་འོས་གཞིར་ཞུགས་མི་སོ་སོའི་དྲིལ་བསྒྲགས་ཐོག་དངུལ་གྲོན་གཏོང་རྒྱུའི་གཏན་འབེབས་ཚད་གཞི་ནི། སྲིད་སྐྱོང་ལ་ཧིན་སྒོར་འབུམ་ ༨ དང་། སྤྱི་འཐུས་བྱེ་བྲག་པར་ཧིན་སྒོར་འབུམ་ ༣ ལས་མ་བརྒལ་བ་གཏོང་ཆོག་ཀྱང་། འགྲོ་གྲོན་གཏོང་རྒྱུའི་དངུལ་འབོར་ཁྲིམས་མཐུན་ཡིན་དགོས། གཉིས། གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཁག་ཕུད་སྤྱི་སྒེར་སུ་ཐད་ནས་སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེའི་ཡིག་ཐོག་ཆོག་མཆན་མེད་པར་ས་གནས་གང་དུ་ཡང་རྒྱབ་གཉེར་གསལ་བསྒྲགས་དང་དེ་འབྲེལ་འགྲོ་སོང་གཏོང་མི་ཆོག ཆོག་མཆན་ཡོད་པའི་འགྲོ་སོང་ཁག་འོས་གཞིར་ཡོད་པའི་སྐྱེ་བོ་དེའི་འོས་བསྡུ་དང་འབྲེལ་བའི་འགྲོ་གྲོན་རྩིས་ཁྲའི་ཁོངས་སུ་བརྩི་དགོས། གསུམ། འོས་གཞིའི་སྐྱེ་བོ་སོ་སོའི་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་མཐའ་དག་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་འོས་མི་ཡོང་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་དུ་འབུལ་དགོས། བཞི། སྲིད་སྐྱོང་དང་ཡང་ན་སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་གསལ་བསྒྲགས་ཡིག་ཆ་དང་། ལྟེབ་ཤོག་འགྲེམས་སྤེལ། གྱང་སྦྱོར་པར་རིས་གསལ་བསྒྲགས་སོགས་ཀྱི་ནང་འགྲེམ་སྤེལ་དང་པར་སྐྲུན་བྱེད་མཁན་གཉིས་ཀྱི་མིང་བྱང་ངེས་གསལ་དགོས་རྒྱུ། ལྔ། འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག ༧གོང་ས་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། དེ་བཞིན་མཚོན་རྟགས་ཚུལ་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་བཀྲ་སོགས་གང་དུ་ཡང་བེད་སྤྱོད་མི་ཆོག

དྲུག སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་མིར་ཞུགས་མཁན་དང་། དེའི་ཕྱོགས་གཏོགས་རྒྱབ་སྐྱོར་བ་རྣམས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཆེན་མོ་གཉིས་ཀར་བྱ་འཐུས་ཀྱང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ཆ་ཚང་ཚུལ་བཞིན་ཐུགས་སྣང་གིས་ཉམས་ལེན་མ་འཛོལ་བར་སྒྲིག་སྲུང་དགོས། ལྷག་པར་དུ་ནང་གསེས་ ༧ པའི་ནང་༼འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་པར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས། ༽ཞེས་གསལ་བ་ལྟར་དང་། འོས་བླུགས་པའི་ཉིན་མོ་དེར་འོས་འཕེན་པར་བརྒྱུད་སྐུལ་ཤོག་རྫར་འགྲེམས་སྤེལ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག བདུན། འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་ཁག་གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་དང་མ་འགལ་བ་བྱེད་དགོས་ཐོག ཆབ་སྲིད་ཀྱི་གནས་སྟངས་དཀའ་ངལ་ཅན་གྱི་ས་ཁུལ་ཁག་ཏུ་འོས་གཞིར་ཞུགས་མཁན་མི་འགྲོའི་འདྲ་པར་དང་གསལ་བསྒྲགས་ཡིག་ཆ་སོགས་སྦྱོར་འགྲེམས་མི་ཆོག བརྒྱད། འོས་གཞིར་ཞུགས་མི་དང་། དེའི་ཕྱོགས་གཏོགས་རྒྱབ་སྐྱོར་བ་སུ་ཐད་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་སྤེལ་རྒྱུ་དང་། གསར་འགོད་གསལ་བསྒྲགས། དེ་བཞིན་གསལ་བསྒྲགས་ཡིག་འགྲེམས་སོགས་བྱ་དགོས་རིགས་ས་གནས་དེ་གའི་འོས་བསྡུ་ལས་ཁང་ལ་མཁྱེན་རྟོགས་སླད་སྙན་གསན་ཞུ་དགོས། དགུ། གོང་གསལ་དོན་ཚན་གང་རུང་དང་འགལ་བ་དངོས་ར་འཕྲོད་བྱུང་ཚེ་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ པའི་འབྲུ་དོན་འོག་འགལ་ཚབས་ལ་གཞིགས་ཏེ། སྒྲིག་དོན་ཉེས་ཆད་འགེལ་རྒྱུ་ཡིན། ཞེས་བཀོད་འདུག

མཇུག་ཏུ་གསར་འགོད་པས་དེ་སྔོན་བལ་ཡུལ་ནང་འོས་བསྡུ་གནང་སྐབས་དཀའ་ངལ་འཕྲད་ཡོད་སྟབས། དཀའ་ངལ་དེ་སེལ་ཐབས་ཐོག་དགོངས་བཞེས་ག་འདྲ་གནང་གི་ཡོད་དྲིས་པར་འགན་འཛིན་ལགས་ཀྱིས། བལ་ཡུལ་ནང་གི་གནས་སྟངས་དེ་གོང་དུ་འགྲེལ་བཤད་བརྒྱབ་པ་དེ་བཞིན་ཆགས་བསྡད་ཡོད་པ་རེད། ད་ལྟའི་ཆར་བལ་ཡུལ་གྱི་གནས་སྟངས་ང་ཚོ་ཚང་མས་བློ་ཕམ་དགོས་པ་ཞིག་ཆགས་བསྡད་ཡོད་དུས། ང་ཚོས་ཆབ་སྲིད་གནད་དོན་དེ་ཚོ་གཟབ་གཟབ་བྱས་ཏེ་ལས་དོན་དེ་ཚོ་གནང་དགོས་ཀྱི་ཡོད་པས། འོས་བསྡུའི་དོན་ཚན་ ༩ ཡི་ནང་ལོགས་ཏུ་ཆབ་སྲིད་ཀྱི་དཀའ་ངལ་ཡོད་པའི་ས་གནས་ཁག་ཏུ་གསལ་བསྒྲགས་ཀྱི་པར་རིས་སོགས་སྦྱར་འགྲེམས་མ་བྱེད་རོགས་ཞེས་བཀོད་ཡོད། དེ་གནད་འགག་ཅིག་ཆགས་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། ད་ལྟ་བལ་ཡུལ་གྱི་གནས་སྟངས་ཐབས་སྐྱོ་བོ་དེ་འདྲ་ཆགས་ཡོད་སྐབས། ང་ཚོས་འོས་བསྡུའི་ཐོག་ཟིང་ཆ་འདྲ་བོ་ཞེ་དྲགས་བྱས་པ་ཡིན་ན། ཡུལ་མིའི་སེམས་ལ་གཏན་གཏན་ཕོག་པའི་ཉེན་ཁ་ཡོད་པ་རེད་ཅེས་འོས་བསྡུ་ལྷན་ཁང་གི་དགོངས་པ་བཞེས་སྟངས་གཅིག་དེ་རེད། དེ་ནས་འོས་བསྡུའི་ཐོག་སྒྲིག་གཞིའི་ནང་འོས་བསྡུའི་དཀའ་ངལ་ཅན་ཚོས་འོས་བསྡུ་སྔ་ནུར་བྱེད་ཆོག་གི་རེད་ཅེས་བཀོད་ཡོད་པ་ལྟར། འོས་བསྡུ་སྔོན་ལ་བྱེད་རྒྱུའི་ལམ་ག་ཞིག་ཡོད་པ་རེད། ཡིན་ནའང་། རྗེས་ལ་བྱས་ན་འགྲིག་གི་མ་རེད་གསུངས་ཡོད་ཀྱང་། ས་གནས་ཀྱི་གནས་སྟངས་ལ་ལྟ་གིན་ལྟ་གིན་ཐག་གཅོད་གནང་དགོས་པ་ཞིག་རེད། ཅེས་དང་། དྲ་ལམ་དང་སྦྲགས་ཐོག་བརྒྱུད་ནས་འོས་བསྡུ་བྱེད་པར་དེ་སྔོན་དཀའ་ངལ་མང་པོ་འཕྲད་པར་བརྟེན་ལས་གཞི་དེ་ད་ལན་མེད་སྐོར་དང་། སུད་ཚོང་བ་དང་སློབ་ཕྲུག་སོགས་ཁ་འཐོར་དུ་གནས་ཡོད་པ་ཚོར་འོས་བསྡུའི་མཐུན་འགྱུར་ཏག་ཏག་ཅིག་བསླེབ་ཐུབ་ཀྱི་མེད་སྟབས། དབུས་འོས་བསྡུ་ལྷན་ཁང་གི་ངོས་ནས་གང་ཐུབ་ཐུབ་ཀྱིས་མཐུན་རྐྱེན་སྦྱོར་ཀྱི་ཡོད་སྐོར་སོགས་གསུངས་སོང་།

ཡང་གསར་འགོད་པས་འོས་བསྡུའི་སྒྲིག་གཞིའི་ནང་དབུས་འོས་བསྡུ་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་མ་བྱས་གོང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ཚོས་གསར་འགོད་གསལ་བསྒྲགས་སྤེལ་ན་འགྲིག་གི་ཡོད་མེད་དྲིས་པར་ཁོང་གིས། འོས་བསྡུའི་སྒྲིག་གཞི་ནང་ལ་དམིགས་བསལ་གསལ་ཁ་གང་ཡང་ཡོད་པ་མ་རེད། གསལ་ཁ་མེད་སྟབས་འོས་བསྡུ་ལྷན་ཁང་གིས་བཀག་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། དེ་རིང་ང་ཚོའི་གསལ་བསྒྲགས་འདིའི་ནང་ལ་ག་རེ་ཡོད་ལབ་ན། དེ་འདྲའི་རིགས་བྱེད་ཀྱི་ཡོད་ན་ས་གནས་འོས་བསྡུ་ལས་ཁུངས་ལ་སྙན་སེང་ཞུ་དགོས་ཞེས་བཀོད་ཡོད་པ་རེད། སྲིད་སྐྱོང་གི་འོས་མིར་ལངས་མཁན་ཁོང་གིས་གནས་ཚུལ་དེ་མཁྱེན་མེད་སྟབས། གསར་འགོད་གསལ་བསྒྲགས་གནང་བ་རེད། དེ་རིང་འདིར་གསལ་བསྒྲགས་ཞུས་ཡོད་སྟབས་གལ་སྲིད་སང་ཉིན་གནངས་ཉིན་གསར་འགོད་གསལ་བསྒྲགས་གནང་བ་ཡིན་ན། འོས་བསྡུ་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་ཆགས་ཀྱི་རེད། ད་ཐེངས་གསལ་བསྒྲགས་འདི་བརྒྱུད་ཚང་མས་བརྩི་འཇོག་གནང་རྒྱུའི་རེ་བ་ཡོད། ཅེས་གསུངས་སོང་།

གཞན། འོས་བསྡུའི་ལས་དོན་སྒྲིག་མཐུན་ཚགས་ཚུད་ཡོང་སླད། འདི་ལོའི་ཕྱི་ཟླ་ ༧ པའི་ཟླ་མཇུག་ཏུ་དབུས་འོས་བསྡུ་ལྷན་ཁང་གི་གོ་སྒྲིག་འོག དྷ་ས་དབུས་སྣེ་ལེན་ཁང་དུ་ས་གནས་ཁག་གི་འོས་བསྡུའི་འགན་འཛིན་རྣམ་པ་དང་། ཚོགས་མི་བཅས་མི་གྲངས་ ༩༠ ལྷག་ལ་འོས་བསྡུ་དང་འབྲེལ་བའི་ཟབ་སྦྱོང་ཞིག་འཚོགས་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༢ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 4

  1. ཧོར་བུ་ཡེ་ཤེས says:
    ལོ་ 8 སྔོན།

    སྤྱི་ཟླ་བཅུ་པའི་ནང་བོད་མིོ་མང་ཆེ་བ་དགུན་ཚོང་ལ་འགྲོ་ཟིན་པས་ཅི་འདྲ་ཡིན་ནམ

    Reply
  2. བསྟན་ཆོས། says:
    ལོ་ 8 སྔོན།

    ” འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༣༠ ནང་ཚུན་དུ་བོད་མི་རང་ལོ་ ༡༨ གསར་དུ་སོན་པ་ཚོས་དེབ་སྐྱེལ་ཀྱི་ལས་དོན་མགོ་འཛུགས་གནང་རྒྱུ་ཡིན་པ་དང་། “ནང་ཚུན་དེབ་སྐྱེལ་ཚར་ནས་སྔོ་འགྲོ་མིན་པ་འད

    Reply
  3. བསྟན་ཆོས། says:
    ལོ་ 8 སྔོན།

    “སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༨ དང་། དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་གཏན་འཁེལ་ཡོད་སྟབས། འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༣༠ ནང་ཚུན་དུ་བོད་མི་རང་ལོ་ ༡༨ གསར་དུ་སོན་པ་ཚོས་དེབ་སྐྱེལ་ཀྱི་ལས་དོན་མགོ་འཛུགས་གནང་རྒྱུ་ཡིན་པ་དང་། ” ཟེར་ཡང་སྔོན་འགྲོའི་འོས་བསྡུ་ཟིན་རྗེས་དེབ་སྐྱེལ་བྱས་ན་འགྲིག་གི་ཡོད་པ་འདྲ

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 8 སྔོན།

    ་་་་་་་་་་་ འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག ༧གོང་ས་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། དེ་བཞིན་མཚོན་རྟགས་ཚུལ་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་བཀྲ་སོགས་གང་དུ་ཡང་བེད་སྤྱོད་མི་ཆོག ་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist