མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཨོ་རྩལ་འཚོགས་པའི་འོས་བབ་མེད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཉིན་སུད་སི་གྲོང་ཁྱེར་ལུ་སན་ཎེའེ་ནང་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་རྒྱ་ནག་གཞུང་ལ་༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་བྱེད་དུ་འཇུག་རྒྱུ་མེད་པའི་ངོ་རྒོལ་བྱས་འདུག

ཟླ་འདིའི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་སུད་སི་གྲོང་ཁྱེར་ལུ་སན་ཎེའེ་ (Lausanne) སྐར་མ་ལྔ་ཅན་གྱི་གསོལ་མགྲོན་ཁང་ (Hotel Lausanne Palace) ཞེས་པའི་ནང་། རྒྱ་ནག་དང་ཁ་ཛག་ཀི་སི་ཐན་གཉིས་བར་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་སུས་བྱེད་མིན་གྱི་ཚོགས་འདུ་ཚོགས་སྐབས། ཡུ་རོབ་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་རྒྱ་ནག་ལ་ཨོ་རྩལ་འགྲན་ཚོགས་འཚོགས་རྒྱུའི་ཐོབ་ཐང་མེད་སྐོར་གྱི་ངོ་རྒོལ་སྐད་འབོད་བྱས་ཡོད་སྟབས། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་སྐྱོན་བརྗོད་བྱས་འདུག

རྒྱལ་སྤྱིའི་བོད་གནས་འབྲེལ་མཐུད་ཁང་གིས་རོའི་ཊར་གསར་ལམ་ཐོག “བོད་རིགས་གཞོན་སྐྱེས་གསུམ་གྱིས་ཚོགས་འདུ་ཚོགས་སའི་མགྲོན་ཁང་གི་ཉེ་འཁྲིས་སུ་ལག་ཏུ་འཕྲེད་དར་བཟུང་སྟེ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩེད་མགྲོན་བདག་རྒྱ་ནག་གཞུང་ལ་སྤྲོད་མཚམས་འཇོག་དགོས་པ་དང་། ཁྲག་དྲི་ཁ་བའི་རྒྱ་ནག་ནང་རྩེད་འགྲན་འདི་འདྲ་ཚོགས་སུ་འཇུག་རྒྱུ་མེད་པ་མ་ཟད། ནོར་འཁྲུལ་འདི་བསྐྱར་དུ་ཤོར་རྒྱུ་མེད་ཅེས་སོགས་ཀྱི་འབོད་ཚིག་བསྒྲགས་ནས་སྐད་འབོད་བྱས་ཡོད་སྟབས། ཉེན་རྟོག་པས་ལས་འགུལ་བ་གཅིག་འཛིན་བཟུང་བྱས་སོང་།” ཞེས་བརྗོད་འདུག

༢༠༠༨ ལོར་པེ་ཅིན་གྲོང་ཁྱེར་ནང་ཨོ་རྩལ་འགྲན་ཚོགས་ཚོགས་སྐབས་བོད་དང་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ངོ་རྒོལ་སྐད་འབོད་བྱས་ཏེ། རྒྱ་ནག་གཞུང་ལ་བསུན་གཙེར་སྣ་ཚོགས་བཟོས་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱས་ཡོད། ༢༠༡༢ ལོའི་ཟླ་ ༡༠ ནང་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱིས་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལོམ་པིག་རྩེད་འགྲན་གྲོང་ཁྱེར་ག་པར་ཚོགས་དགོས་མིན་གྱི་སྙན་ཞུ་དེ། ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༡༤ འགྱངས་མེད་ཕྱིར་སྤྲོད་བྱེད་དགོས་པའི་གསལ་བསྒྲགས་སྤེལ་རྗེས། རྒྱལ་སྤྱིའི་རྒྱལ་ཁབ་ ༡༣༥ ལྷག་གིས་སྙན་ཞུ་འབྱོར་ཡོད་འདུག ༢༠༡༤ ལོའི་ཟླ་ ༧ ཚེས་ ༧ ཉིན་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་བསྐྱར་ཞིབ་ཚོགས་འདུ་བསྐོངས་ཏེ། ནོར་ལྦེ་རྒྱལ་ས་ཨོ་སོ་ལོ་དང་ཁ་ཛག་ཀི་སི་ཐན་གྱི་གྲོང་ཁྱེར་ཨལ་མཱ་ཌེ་ (Almaty)། རྒྱ་ནག་རྒྱལ་ས་པེ་ཅིན་བཅས་བདམས་ཡོད་ཀྱང་། ༢༠༡༤ལོའི་ཟླ་ ༡༠ ཚེས་ ༡ ཉིན་ནོར་ལྦེ་གཞུང་གིས་ཕྱིར་འཐེན་བྱས་ཡོད་སྟབས། ༢༠༡༥ ལོའི་ཟླ་ ༧ ཚེས་ ༣༡ ཉིན་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱིས་རྒྱ་ནག་དང་ཁ་ཛག་ཀི་སི་ཐན་གཉིས་ལས་གཅིག་འདེམས་རྒྱུ་ཐག་གཅོད་བྱས་ཡོད། 

༢༠༡༥ ལོའི་ཟླ་ ༣ ཚེས་ ༢༡ ཉིན་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་ (Free Tibet Organization) ཞེས་པའི་སྣེ་འཁྲིད་འོག བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༧༥ ཡིས་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱི་ཚོགས་གཙོ་ཋོ་མཱ་སེ་བྷ་ (Thomas Bach) མཆོག་ལ་ཤོག་གྲངས་ ༡༢ ཅན་གྱི་མཚན་འཁོད་སྙན་ཐོ་ཞིག་བསྐུར་ཏེ། རྒྱ་ནག་གཞུང་བོད་ནང་དྲག་གནོན་སྲིད་ཇུས་སྔར་ལྷག་ཇེ་ཆེར་གཏོང་གི་ཡོད་སྟབས། ཨོ་རྩེད་འགྲན་ཚོགས་འཚོགས་རྒྱུའི་ཐོབ་ཐང་སྤྲོད་རྒྱུ་མེད་སྐོར་བརྗོད་ཡོད་པ་མ་ཟད། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཁག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་རྩོད་ལེན་བྱེད་སྐབས། ཨོ་རྩལ་རྟོག་ཞིབ་ཚོགས་ཆུང་ལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་རྒྱུ་ཁས་ལེན་ཡིག་ཆ་འབུལ་དགོས་སྐོར་ཆ་རྐྱེན་བཏོན་ཡོད་སྟབས། ཟླ་འདིའི་ཟླ་དཀྱིལ་དུ་རྒྱ་ནག་གཞུང་གིས་ཁས་ལེན་ཡིག་ཆ་སྤྲོད་རྒྱུ་ཡིན་པར་བརྟེན། ད་ཐེངས་གོ་སྐབས་འདི་བརྒྱུད་དེ་སུད་སི་བོད་རིགས་གཞོན་ནུ་ཁག་གཅིག་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས། ཨོ་རྩལ་གྱི་ཨ་ལོང་ལྔ་ཐོག་མེ་མདའི་མདེའུ་ཕོག་པའི་འཕྲེད་དར་འཕྱར་ཏེ། རྒྱ་ནག་གཞུང་ལ་ཨོ་རྩལ་གྱི་མགྲོན་བདག་བྱེད་དུ་འཇུག་རྒྱུ་མེད་པའི་སྐད་འབོད་བྱས་འདུག

དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས། “མི་དེ་ཚོས་རྒྱ་ནག་གཞུང་ལ་རྐང་བཙུགས་ནས་ཁོང་ཁོ་སློང་གཞིའི་ལས་འགུལ་སྤེལ་གྱིན་ཡོད་ཀྱང་། ཁོ་ཚོའི་བྱ་སྤྱོད་ཀྱིས་རྒྱ་ནག་གཞུང་ལ་གཡོ་འཁྱོམ་གཏོང་ཐུབ་ཀྱི་མ་རེད་ལ། པེ་ཅིན་ནང་དགུན་དུས་ཨོ་རྩལ་བསྡུ་རྒྱུའི་མང་ཚོགས་ཀྱི་མངོན་འདོད་ལ་གཏོར་རྒོལ་གཏོང་ཐུབ་ཀྱི་མ་རེད།”ཅེས་བརྗོད་ཡོད་སྟབས། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བ་ལྕམ་ཝུ་ལེམ་ཁེད་ཌི་ཡིས། གལ་ཏེ་རྒྱ་ནག་ནང་ཨོ་རྩལ་འཚོགས་རྒྱུའི་ཆོག་མཆན་སྤྲོད་དགོས་ན། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་རྡོག་རོལ་གཏོང་རྒྱུ་མེད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist