ཐེ་ཝན་རྒྱལ་ཞེན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧོང་ཞུ་ཀྲུའུ་དང་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚེ་ཡིན་ཝོན་གཉིས་ ༢༠༡༦ ལོའི་ཐེ་ཝན་སྲིད་འཛིན་འོས་འགྲན་ནང་ཞུགས་ཡོད་འདུག
ཕྱི་ཚེས་ ༡༤ ཉིན། རྒྱལ་སྤྱིའི་ (WSJ) བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལྕམ་ཧོང་ཞུ་ཀྲུའུ་ལགས། ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཐེ་ཝན་རྒྱལ་ཞེན་ཚོགས་པའི་སྲིད་འཛིན་འོས་མིར་བསྐོ་བཞག་བྱས་ཡོད་པ་དང་། ཐེ་ཝན་མཚོ་འགག་གི་ངོས་ནས། ལོ་རྗེས་མ་དང་ཆེས་ཐོག་མའི་བུད་མེད་སྲིད་འཛིན་འོས་མི་ལྕམ་ཧོང་ཞུ་ཀྲུའུ་ལ་རྟེན་འབྲེལ་ཞུས་ཡོད་སྐོར་བསྒྲགས་འདུག
མཚང་མིང་ལ‘གཡེར་མ་ཁོ་པོ’ཟེར་བ་ཞིག་གིས། ཁ་སང་གཟའ་ཉི་མའི་ཉིན། ཐེ་ཝན་མི་མང་ 46% ལྷག་གིས་ལྕམ་ཧོང་ཞུ་ཀྲུའུ་ལ་ཐེ་ཝན་རྒྱལ་ཞེན་ཚོགས་པའི་སྲིད་འཛིན་འོས་མིའི་ཆ་རྐྱེན་མི་ཚང་བའི་ཁ་རྡུང་བཏང་ཡོད་ཚུལ་བརྗོད་འདུག་ལ། ཡང་ཐེ་ཝན་རྒྱལ་ཞེན་ཚོགས་པའི་མགྲིན་ཚབ་པ་ཡང་ཝེ་ཀྲུང་གིས། ལྕམ་ཧོང་ཞུ་ཀྲུའུ་ལགས་ནི་ཐེ་ཝན་རྒྱལ་ཞེན་ཚོགས་པའི་སྲིད་འཛིན་འོས་མི་གཅིག་པུ་དེ་ཡིན་པ་དང་། འབྱུང་འགྱུར་གྱི་འོས་བསྡུའི་ལས་རིམ་ཁྲོད་དུ། ཐེ་ཝན་གྲོས་ཚོགས་ནས། ཁོང་མོ་ཉིས་སྟོང་བཅུ་དྲུག་ལོའི་ཐེ་ཝན་སྲིད་འཛིན་འོས་མིར་ལང་བར་བཀའ་འཁྲོལ་གནང་སྲིད་པ་མ་ཟད། ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན། ཐེ་ཝན་རྒྱལ་དམངས་ཚོགས་ཁག་སོ་སོས་ཁོང་མོ་ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཐེ་ཝན་སྲིད་འཛིན་དུ་བསྐོ་བཞག་བྱ་ཡང་སྲིད་པ་རེད་ཟེར།
ཐེ་ཝན་རྒྱལ་ཞེན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧོང་ལགས་དང་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚེ་ཡིན་ཝོན་གཉིས། ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཐེ་ཝན་སྲིད་འཛིན་འོས་འདེམས་འགྲན་ཚོགས་ནང་ཞུགས་ཡོད་པ་དང་། སྔོན་ཆད་ལྕམ་ཧོང་ལགས་ནི་ཐེ་ཝན་མཚོ་འགག་གི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་གོ་མིན་ཏང་གི་གཙོ་འཛིན་གཞོན་པ། ཐེ་ཝན་ཁྲིམས་བཟོ་ལྷན་ཚོགས་ཀྱི་གཙོ་འཛིན་གཞོན་པ་བཅས་ཡིན་པ་དང་། ལྕམ་ཚེ་ལགས་ནི་ཐེ་ཝན་མཚོ་འགག་གི་སྲིད་དོན་པ་དང་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཡིན་ཞིང་། ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་སྲིད་འཛིན་འོས་བསྡུའི་ཁྲོད་དུ་ཁོང་མོ་ཕམ་ཉེས་བྱུང་ཡོད་ཚུལ་བཤད་འདུག
རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས། པེ་ཅིན་གཞུང་གིས་ཐེ་ཝན་མཚོ་འགག་ཕྱིར་རང་གི་མངའ་ཁོངས་སུ་ལོག་པར་དམིགས་ཏེ། ཐེ་ཝན་རྒྱལ་ཞེན་ཚོགས་པར་ (གོ་མིན་ཏང) མཐུན་སྒྲིལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་ཐེ་ཝན་རྒྱལ་ཞེན་ཚོགས་པ་གཙོས། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་དང་འབྲེལ་ལམ་ཡར་རྒྱས་སུ་གཏོང་གི་ཡོད་ལུགས། ཉེ་ལམ་ཐེ་ཝན་རྒྱལ་ཞེན་ཚོགས་པས་རྒྱ་ནག་གཞུང་དང་ཞི་མཐུན་ཡོང་བའི་ལངས་ཕྱོགས་བཟུང་བ་དེས། ཐེ་ཝན་མཚོ་འགག་ཏུ་རྩོད་རྙོག་ཆེན་པོ་བསླངས་ཏེ། ཆབ་སྲིད་རྩོད་གླེང་གི་མེ་སྟག་མཆེད་པ་མ་ཟད། པེ་ཅིན་གཞུང་གིས་ད་དུང་ཡང་ཐེ་ཝན་ནི་རང་རྒྱལ་གྱི་ཆ་ཤས་ཤིག་ཏུ་མཐོང་གི་ཡོད་ལ། ཐེ་ཝན་མི་མང་གིས་ཐེ་ཝན་མཚོ་འགག་ནི་ཚད་མཐོའི་རང་སྲིད་རང་སྐྱོང་གི་གླིང་ཕྲན་ཞིག་ཡིན་པར་འདོད་ཀྱི་ཡོད་སྐོར་བརྗོད་འདུག