མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་སྲིད་འགྱུར་ཐག་གཅོད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་གྲོས་ཚོགས་ནས་ཆབ་སྲིད་བསྒྱུར་བཅོས་ཀྱི་གྲོས་གཞིར་གོ་སྡུར་བྱས་ནས་མགྱོགས་པོར་ཐག་གཅོད་བྱ་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར། ཧོང་ཀོང་གྲོས་ཚོགས་ནས་ཡུལ་དེའི་ཆབ་སྲིད་བསྒྱུར་བཅོས་ཀྱི་གྲོས་གཞིའི་ཐོག་གོ་སྡུར་དང་གཏན་འབེབས་ཀྱི་ཚོགས་འདུ་མགོ་འཛུགས་བྱས་ཡོད་སྟབས། གྲོས་ཚོགས་ཁང་གི་ཕྱི་ལོགས་སུ་ཆབ་སྲིད་བསྒྱུར་བཅོས་ལ་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་གྱི་མི་མང་འདུ་འཛོམས་བྱས་ཏེ། འབོད་ཚིག་སྣ་ཚོགས་བྲིས་པའི་འཕྲེད་དར་དང་ཉི་གདུགས་སེར་པོ་བཟུང་ནས་སྐད་འབོད་བྱེད་ཀྱིན་ཡོད་པ་དང་། སྔར་ལོ་ལྟར་ངོ་རྒོལ་བ་ཚོ་གྲོས་ཚོགས་ར་བའི་ནང་འཛུལ་བར་སྔོན་འགོག་ཆེད་ཉེན་རྟོག་པ་མང་པོས་སྐོར་སྲུང་བྱེད་བཞིན་ཡོད་པ་མ་ཟད། རྒྱབ་སྐྱོར་བ་དང་ངོ་རྒོལ་བའི་བར་འཁྲུག་འཛིང་ཤོར་ཏེ་ལས་འགུལ་བ་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ཚོགས་འདུའི་ཐོག་ཧོང་ཀོང་སྲིད་དོན་ལྷན་ཁང་གི་མགོ་ཁྲིད་ལིན་ཀྲིན་ཡེ་ཨི་ཡིས། འདས་པའི་ཟླ་བ་ ༢༠ ཙམ་གྱི་རིང་སྤྱི་ཚོགས་ནང་ཆབ་སྲིད་བསྒྱུར་བཅོས་ཐོག་གླེང་སློང་ཤུགས་ཆེན་བྱུང་ཡོད་པ་མ་ཟད། སྲིད་འཛིན་ལམ་ལུགས་འཕེལ་རྒྱས་ཚོགས་ཆུང་གི་ཚོགས་མི་ཚོར་སྐྱོན་བརྗོད་དང་ཟུར་ར། ཁ་རྡུང་གང་མང་བཏང་ཡོད་ཀྱང་། ཆབ་སྲིད་བསྒྱུར་བཅོས་ཐོག་མང་ཆེ་བས་མོས་མཐུན་བྱེད་ཀྱི་ཡོད་པ་བཤད་མི་དགོས་ལ། ཧོང་ཀོང་མི་མང་གི་རེ་བ་ནི་སྲིད་འཛིན་ལམ་ལུགས་འཕེལ་རྒྱས་སུ་འགྲོ་རྒྱུ་དེ་ཡིན་སྟབས། ཧོང་ཀོང་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱེད་སྐབས། རྩ་ཁྲིམས་དང་ཁ་མི་འབྲལ་བར་ནུས་པ་ཡོད་དགུ་འདོན་གྱི་ཡོད་སྐོར་བརྗོད་པ་མ་ཟད། གལ་སྲིད་གྲོས་ཚོགས་ནང་ཆབ་སྲིད་བསྒྱུར་བཅོས་ལ་འདོད་མོས་མེད་པའི་ཐག་གཅོད་བྱུང་ཚེ། སྐབས་འདིའི་ཧོང་ཀོང་གཞུང་གིས་ཡང་བསྐྱར་གྲོས་གཞི་དེ་འདོན་རྒྱུ་མིན་སྐོར་ནན་བརྗོད་བྱས་ཡོད་འདུག

ཧོང་ཀོང་ནང་སྲིད་ལྷན་ཁང་གི་མགོ་ཁྲིད་ཐན་ཀྲི་ཡན་ཙི་ཡིས་ཚོགས་འདུ་མགོ་འཛུགས་ཀྱི་གཏམ་བཤད་གནང་སྐབས། སྲིད་འཛིན་ལམ་ལུགས་འཕེལ་རྒྱས་ཀྱི་ཀྱག་ཀྱོག་གི་གོམ་སྟབས་ ༥ ཡི་བརྒྱུད་རིམ་ལྟར། ཧོང་ཀོང་དམིགས་བསལ་སྲིད་འཛིན་དང་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གཉིས་ཀྱིས། སྔ་གཞུག་ཏུ་གོམ་སྟབས་དང་པོ་དང་གཉིས་པའི་བྱ་བ་ལེགས་པར་གྲུབ་ཡོད་པ་དང་། གལ་སྲིད་ད་རེབ་ཀྱི་གྲོས་ཚོགས་ནང་འཐུས་མིའི་གསུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་བྱས་ཏེ་གྲོས་གཞི་ལག་བསྟར་གཏན་འབེབས་བྱེད་ཐུབ་པ་ཡིན་ན། སྲིད་འཛིན་ལམ་ལུགས་འཕེལ་རྒྱས་ཀྱི་གོམ་སྟབས་ ༥ ཡི་ནང་ནས་ཆེས་གལ་གནད་ཆེ་བའི་གོམ་སྟབས་གསུམ་པ་དེ་ལེགས་འགྲུབ་བྱུང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧོང་ཀོང་དང་ཨོ་མིན་ལས་སྒྲུབ་ཁང་གི་འགན་འཛིན་ཝང་ཀང་ཡཱ་དང་། ཧོང་ཀོང་ནང་ཡོད་པའི་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འཐུས་ཚབ་སོང་རོ་ཨན་གཉིས་ཀྱིས། ཧོང་ཀོང་གི་ཆབ་སྲིད་བསྒྱུར་བཅོས་ཀྱི་གྲོས་གཞིའི་་ཐོག་རྒྱ་ནག་དབུས་གཞུང་གིས་བསྐྱར་དུ་བསམ་བློ་གཏོང་རྒྱུ་མིན་ལ། གལ་སྲིད་འཐུས་མི་ངོ་རྒོལ་བ་ཚོས་མོས་མཐུན་མེད་པའི་ལངས་ཕྱོགས་བརྟན་པོ་བཟུང་བ་ཡིན་ན། ཧོང་ཀོང་གི་དམངས་གཙོ་འཕེལ་རྒྱས་རང་སར་ལྷག་རྒྱུ་ཡིན་པ་མ་ཟད། ཆབ་སྲིད་ཀྱི་རྙོག་འཛིང་ཤུགས་ཆེ་རུ་ཕྱིན་ནས་སྤྱི་ཚོགས་སྔར་ལས་ཁ་འཐོར་ཅན་དུ་གྱུར་ཏེ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།

ཚོགས་འདུའི་ཐོག་འཐུས་མི་རེ་རེས་སྐར་མ་ ༡༥ རིང་གྲོས་གཞི་དེའི་ཐོག་གཏམ་བཤད་བྱེད་ཀྱིན་ཡོད་པ་དང་། གལ་སྲིད་འཐུས་མི་ ༧༠ ཡིས་གཏམ་བཤད་ཀྱི་དུས་ཡུན་དེ་ཏག་ཏག་བེད་སྤྱོད་བཏང་བ་ཡིན་ན། ཉིན་གཉིས་ཀྱི་རྗེས་སུ་མ་གཏོགས་གྲོས་སྡུར་མཇུག་སྒྲིལ་གྱི་མེད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཙམ་ལ་མཐའ་མའི་གཏན་འབེབས་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། གྲོས་གཞི་གཏན་འབེབས་བྱེད་པར་གྲོས་ཚོགས་འཐུས་མི་ཁྱོན་ ༧༠ ཡོད་པའི་ནང་ནས་གསུམ་ཆ་གཉིས་ལྷག་གི་རྒྱབ་སྐྱོར་འཐོབ་དགོས་ཀྱི་ཡོད་པ་དང་། ད་ལྟའི་ཆར་ངོ་རྒོལ་ཚོགས་པའི་འཐུས་མི་ ༢༧ གྱིས་ངོ་རྒོལ་གྱི་འོས་བླུག་རྒྱུ་ཡིན་ལ། ཧོང་ཀོང་གཞུང་གིས་གྲོས་གཞི་དེ་ལག་བསྟར་གཏན་འབེབས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་ངོས་ལེན་བྱས་ཚར་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༨ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 1

  1. མི་རྒོད། says:
    ལོ་ 11 སྔོན།

    ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་མགོ་བསྐོར་གྱ་ནོམ་པ་ཞིག་གཏོང་རྒྱུ་རེད། ད་བར་འཛམ་གླིང་ཁྱོན་ཡོངས་ལ་དེ་ག་རང་བྱས་ཡོད་པ་རེད། རྒྱ་ནག་གིས་ཕྱི་འབྲེལ་འཐུན་ལམ་ཞེས་པ་ནི་དྲགས་ཤུགས་ཀྱིས་མི་དམངས་ལ་གནོན་ཤུགས་དྲག་ཆས་གྱོན་ནས་མང་གཙོ་དེ་མ་རབ་སྙིང་རྗེ་མེད་པ་གཅིག་ཏུ་བསྒྱུར་གང་ཐུབ་བྱེད་པ་རེད་དོ་ལྷན་རྒྱས་ཚོ་་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese