མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་རང་དབང་གི་གཟེངས་རྟགས་འབུལ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་བསྟི་གནས་ཁང་གིས་ ༢༠༡༥ ལོའི་རང་དབང་གི་གཟེངས་རྟགས་དེ་བོད་མིའི་འདུ་ཕྱིའི་སྐྱབས་མགོན་༧གོང་ས་མཆོག་ལ་འབུལ་གཏན་འཁེལ་ཡོད་འདུག

ཁ་སང་ཨ་རིའི་ཧྥེ་ལཱ་ཌལ་ཧྥེ་ཡཱ་གྲོང་ཁྱེར་ (Philadelphia) ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་རྩ་ཁྲིམས་བསྟི་གནས་ཁང་ (National Constitution Center) ཞེས་པས་གསལ་བསྒྲགས་ཤིག་སྤེལ་ཏེ། བསྟི་གནས་ཁང་གི་ ༢༠༡༥ ལོའི་རང་དབང་གི་གཟེངས་རྟགས་དེ་བོད་མིའི་འདི་ཕྱིའི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་བསྐྱངས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༥ པའི་ཐོག་༧གོང་ས་མཆོག་ལྟེ་གནས་ཁང་དུ་རང་དབང་གི་གཟེངས་རྟགས་ཐེངས་ ༢༧ པའི་མཛད་སྒོར་མགྲོན་འབོད་ཞུས་ཏེ། གཟེངས་རྟགས་དང་བྱ་དགའི་མ་དངུལ་ཨ་སྒོར་ ༡༠༠༠༠༠ ཡི་འབུལ་སྐྱེས་གནང་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱལ་ཡོངས་རྩ་ཁྲིམས་བསྟི་གནས་ཁང་གི་དྲ་ཚིགས་(Constitution Daily)ཞེས་པའི་ཐོག་བསྟི་གནས་ཁང་གི་འགན་འཛིན་ཇཱ་ཕེར་རོ་སན་ (Jeffrey Rosen) གྱིས། སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མི་དང་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་ཡོད་པ་མ་ཟད། ལྷག་པར་རང་དབང་དང་གྲོས་མོལ། བཟོད་སྲན་བཅས་ཀྱི་ལྟ་གྲུབ་རྒྱུན་འཁྱོངས་གནང་སྟེ་མང་ཚོགས་བདེ་འགོད་ཀྱི་མཛད་རྗེས་བསྐྱངས་དང་སྐྱོང་བཞིན་ཡོད་པ་ལྟར། གཟེངས་རྟགས་འདི་ནི་རྒྱལ་སྤྱིའི་ཐོག་རང་དབང་དང་ཞི་བདེའི་ཐོག་མཛད་རྗེས་འཇོག་གནང་མཁན་དག་ལ་ཆེ་བསྟོད་ཞུ་ཆེད་དུ་འབུལ་བཞིན་ཡོད་པར་བརྟེན། ཏཱ་ལའི་བླ་མ་མཆོག་ནི་རང་དབང་དང་ཞི་བདེ་གོང་འཕེལ་མཛད་མཁན་གྱི་སྐྱེས་མཆོག་དམ་པ་ཞིག་ཡིན་སྟབས། འདི་ལོའི་གཟེངས་རྟགས་འདི་ཁོང་ལ་འབུལ་ལམ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

༧གོང་ས་མཆོག་གིས། ངོས་ཀྱིས་ལོ་རྒྱུས་ལྡན་པའི་ཧྥེ་ལཱ་ཌལ་ཧྥེ་ཡཱ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་རྩ་ཁྲིམས་བསྟི་གནས་ཁང་གི་རང་དབང་གཟེངས་རྟགས་དེ་ལེན་རྒྱུའི་གོ་བསྐལ་ཐོབ་པར་དགའ་སྤྲོ་དཔག་མེད་བྱུང་། ད་ཐེངས་ངོས་ཀྱིས་མིག་དཔེར་འོས་པའི་དབུ་ཁྲིད་ཁག་དང་མཚུངས་པ་གཟེངས་རྟགས་འདི་ལེན་པ་པོའི་ཁོངས་སུ་ཚུད་པར་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ངོས་ཀྱི་མི་ཚེ་བྱམས་དང་སྙིང་རྗེའི་བསླབ་བྱ་བཟང་པོ་དག་ཁྱབ་སྤེལ་གཏོང་རྒྱུའི་ཆོད་སེམས་བཅངས་ནས་འཛམ་གླིང་སྤྱི་ལ་ཕན་པའི་བྱ་གཞག་གང་ཐུབ་བསྒྲུབས་དང་སྒྲུབ་བཞིན་ཡོད་སྟབས། ངོས་ཀྱིས་དེར་ཆེ་བསྟོད་ཞུ་ས་ཧྥེ་ལཱ་ཌལ་ཧྥེ་ཡཱ་ལས་ལྷག་པའི་ས་ཆ་ཞིག་ཡོད་པ་བློ་ཡུལ་འཆར་གྱི་མི་འདུག ཅེས་གསུངས་འདུག

༡༩༨༨ ལོར་ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་བསྟི་གནས་ཁང་གིས་རང་དབང་གི་གཟེངས་རྟགས་འདི། འཛམ་གླིང་ཐོག་རང་དབང་དང་ཐོབ་ཐང་། ཞི་བདེ་བཅས་ཀྱི་ཆེད་རྨད་བྱུང་མཛད་རྗེས་འཇོག་མཁན་གྱི་སྐྱེས་བུ་ཚོར་ཆེ་བསྟོད་ཞུ་ཆེད་སྤྲོད་རྒྱུ་ཐག་གཅོད་གནང་སྟེ། ༡༩༨༩ ལོར་པོ་ལན་ཌིའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལེ་ཅཱ་ (Lech Wałęsa) མཆོག་ལ་ཕུལ་ཡོད་པ་དང་། དེའི་རྗེས་ཨ་རིའི་སྲིད་འཛིན་ཇེམ་མེ་ཀར་ཌར་ (Jimmy Carter) མཆོག་དང་། ལྷོ་ཨ་ཧྥི་རི་ཀའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཎན་སལ་མན་ཌ་ལཱ་མཆོག་དང་བྷེལ་ཁེ་ལིང་ཌོན་སོགས་ལ་ཕུལ་ཡོད་པ་མ་ཟད། ༢༠༡༣ ལོའི་གཟེངས་རྟགས་དེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ཧི་ལཱ་རེ་ (Hillary Clinton) མཆོག་དང་། ༢༠༡༤ ལོའི་གཟེངས་རྟགས་དེ་པ་ཀི་སི་ཐན་གྱི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་མཱ་ལཱ་ལཱ་ (Malala Yousafzai) ལ་ཕུལ་ཡོད་པ་བཅས་ད་བར་ཁྱོན་མི་ ༢༦ ལ་སྤྲད་ཡོད་པ་དང་། འདི་ལོའི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་རྒྱུ་ཡིན་འདུག

དེ་རིང་ཧྥེ་ལཱ་ཌལ་ཧྥེ་ཡཱ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་མེ་ཤལ་ཎུ་ཌར་ (Michael Nutter) ལགས་ཀྱིས། ང་ཚོས་ཧྥེ་ལ་ཌལ་ཧྥེ་ཡཱ་གྲོང་ཁྱེར་དུ་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ལ་སྣེ་ལེན་ཞུ་རྒྱུའི་བསྐལ་བཟང་ཐོབ་པ་མ་ཟད། ཁོང་ལ་སྙན་གྲགས་ཅན་གྱི་རང་དབང་གི་གཟེངས་རྟགས་འབུལ་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། ཁོང་གིས་བྱམས་དང་བཟོད་སྲན་གྱི་བསླབ་བྱ་གོང་འཕེལ་གཏོང་རྒྱུའི་ཐུགས་འགན་གཙོ་བཞེས་གནང་སྟེ། འཛམ་གླིང་ནང་ཕན་བདེ་དང་ཞི་བདེ་བསྐྲུན་རྒྱུར་མཛད་རྗེས་བཞག་གནང་ཡོད་སྟབས། གཟེངས་རྟགས་འདིའི་དགོས་དམིགས་དང་ཡོངས་སུ་མཐུན་པ་ཞིག་ཡིན་པ་མ་ཟད་ཁོང་ལས་ལྷག་པ་སུས་ཀྱང་གཟེངས་རྟགས་འདིའི་ཚབ་མཚོན་བྱེད་ཐུབ་ཀྱི་མ་རེད། ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༤ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༥ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese