མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ལས་འགན་འཛིན་ ༢༠ ཙམ་གྱིས་ལྐོག་ཟ་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་གི་ཉིན་རེའི་ཚགས་ཤོག་གི་དབྱིན་ཡིག་དྲ་ཚིགས་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། འདི་ལོ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་གིས་གཞུང་གཉེར་ཁེ་ལས་ཀྱི་སྤྱི་ཁྱབ་འགན་འཛིན་ ༢༦ ལ་ཞིབ་བཤེར་བྱས་པ་བརྒྱུད། སྤྱི་ཁྱབ་འགན་འཛིན་ ༢༠ ཡི་ལྐོག་ཟ་རུལ་སུངས་བྱས་ཡོད་པ་ར་འཕྲོད་བྱུང་སྟེ་བཀག་བསྐྱིལ་བྱས་ཡོད་འདུག

རྒྱ་ནག་རྒྱལ་ཡོངས་རྡོ་སྣུམ་ཁེ་ལས་ཁག་ཏུ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་བྱུང་ཡོད་མེད་ཐད་རྟོག་ཞིབ་བྱེད་མཁན་གྱི་མགོ་གཙོ་ལི་ཝུ་སི་ (Li Wusi) ཡིས། ད་ལྟ་ང་ཚོས་གཞུང་གཉེར་རྡོ་སྣུམ་ཁེ་ལས་ཁག་ཏུ་ལྐོག་ཟ་རུལ་སུངས་བྱེད་མཁན་ལ་ཁ་གཏད་གཅོག་རྒྱུར་དཀའ་ངལ་མུ་མཐུད་འཕྲད་བཞིན་འདུག རྡོ་སྣུམ་ཁེ་ལས་ཁག་ཏུ་ལྐོག་ཟ་རུལ་སུངས་བྱེད་མཁན་མང་ཆེ་བར་གནོན་ཤུགས་ཆེ་བའི་རྒྱབ་རོགས་མགོ་ཁྲིད་ཡོད་སྟབས། ང་ཚོས་ཁོ་ཚོ་ཁྲིམས་ཐོག་ལ་ག་དུས་བསྐྱལ་ཡང་ཁྲིམས་ཀྱི་རྙི་ནང་ཚུད་ཀྱི་མེད་པ་མ་ཟད་གོ་གནས་འཕར་གྱི་འདུག དེ་བཞིན། གཞུང་གཉེར་ཁེ་ལས་ཀྱི་འགན་འཛིན་འགས་ཕྱི་ཕྱོགས་རྒྱལ་ཁབ་ཁག་ཏུ་མ་འཇོག་བྱས་ནས་སྒེར་གྱི་ཁེ་ཕན་སྒྲུབ་མཁན་གྱི་ནང་མི་སྤུན་མཆེད་དང་གྲོགས་པོ་ཚོར་གཞུང་གི་ལས་གྲྭ་སྤྲོད་ཀྱིན་ཡོད་པ་མ་ཟད། གཞུང་དངུལ་སྤྱད་ནས་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་བ་དང་ཅ་དངོས་ཉོ་བ་སོགས་ར་ལང་ཆ་ལང་བྱེད་ཀྱི་འདུག ཅེས་བརྗོད་འདུག

རྒྱ་ནག་གི་ཏར་འཕྲིན་ཁེ་ལས་ཁག་ལ་རྟོག་ཞིབ་བྱེད་མཁན་གྱི་མགོ་གཙོ་ཏུང་ཀོང་ (Dong Hong) གིས། གཞུང་གི་ཏར་འཕྲིན་ཁེ་ལས་ཁག་གི་འགན་འཛིན་འགས་འབྱོར་ལྡན་དང་གནོན་ཤུགས་ཅན་གྱི་མི་སྒེར་དང་འབྲེལ་བ་དམ་པོ་བཟུང་སྟེ། ཁོ་ཚོ་དང་མཉམ་དུ་གཞུང་རྒྱུ་ཧམ་བཟུང་བྱས་ཡོད་པ་མ་ཟད། ཁེ་ལས་གཞན་དང་གན་རྒྱ་བཞག་ནས་ལྐོག་རྔན་ལེན་གྱི་འདུག ༢༠༡༢ ལོ་ནས་བཟུང་རྒྱལ་ཡོངས་ནང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་རྒྱུའི་ལས་འགུལ་སྤེལ་མགོ་བཙུགས་ཡོད་ཀྱང་། ད་དུང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མུ་མཐུད་ལྷག་གི་འདུག ཅེས་བརྗོད་འདུག

 ༢༠༡༥ ལོའི་ཟླ་ ༢ ནས་བཟུང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་གིས་རྒྱ་ནག་རྒྱལ་ཡོངས་རྡོ་སྣུམ་ཁེ་ལས་དང་། རྒྱ་ནག་རྒྱལ་ཡོངས་མཚོ་ཁུལ་རྡོ་སྣུམ་ཁེ་ལས་(China National Offshore Oil)།  རྒྱ་ནག་ཧུའུ་ནན་གློག་ཆས་བཟོ་ཚོགས་ (China Huaneng Group) དང་ལྕགས་ཀྱི་བཟོ་གྲྭ་ (State Grid Corp of China)། དེ་བཞིན་རྒྱ་ནག་ཏར་འཕྲིན་ཁེ་ལས་ (China Mobile Communications) བཅས་སུ་རྟོག་ཞིབ་ཚོགས་ཆུང་ ༡༣ བཏང་སྟེ་བརྟག་དཔྱད་བྱས་པ་བརྒྱུད། རྒྱ་ནག་གི་རྡོ་སྣུམ་དང་ལྕགས་ཀྱི་བཟོ་གྲྭ་མང་ཆེ་བར་ལྐོག་ཟ་རུལ་སུངས་གནས་ཚུལ་ཐོན་ཡོད་སྟབས། རྒྱ་ནག་གི་རྡོ་སྣུམ་ཁེ་ལས་ཆེ་ཁག་གསུམ་གྱི་སྤྱི་ཁྱབ་འགན་འཛིན་གསུམ་ལ་ཁྲིམས་ཐག་བཅད་ཡོད་འདུག

༢༠༡༥ ལོའི་ཟླ་ ༣ ཚེས་ ༡༦ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་གིས་རྒྱ་ནག་རྒྱལ་ཡོངས་རྡོ་ སྣུམ་ཁེ་ལས་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ལེའུ་ཡུང་ཡོན་ (Liao Yongyuan) ལ་རྟོག་ཞིབ་བྱེད་མགོ་བཙུགས་ཏེ། ཁོ་ལ་ལྐོག་ཟ་རུལ་སུངས་དང་རྒྱལ་ཁྲིམས་རྡོག་རོལ་བཏང་བའི་ཉེས་མིང་བཀལ་ཏེ། ཟླ་འདིའི་ཚེས་ ༡༥ ཉིན་དམར་ཤོག་ཚོགས་པ་ནས་གནས་དབྱུང་བཏང་ཡོད་པ་དང་། ཚེས་ ༡༧ ཉིན་རྒྱ་ནག་གི་ (China Investment Securities) ཞེས་པའི་ཁེ་ལས་ཀྱི་འགན་འཛིན་ལུང་ (Long Zenglai) གིས། ༢༠༡༣ ལོ་ནས་འདི་ལོའི་ཟླ་ ༥ བར་གཞུང་དངུལ་རྒྱ་སྒོར་ ༤༠༠༠༠༠ སྤྱད་ནས་རྒྱས་སྤྲོས་ཅན་གྱི་ཁ་ལག་བཟས་པ་དང་། རྒྱ་སྒོར་ ༣༥༠༠༠ སྤྱད་ནས་གྷོབ་རྩེད་མོ་ (golf) རྩེད་ཡོད་པ་བཅས་ཀྱི་སྤྱི་རྒྱུ་སྒེར་སྤྱོད་བྱས་པར་བརྟེན་བརྟག་དཔྱད་བྱེད་མགོ་བཙུགས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིན་གྱིས་སྟག་དང་སྦྲང་མ་མཉམ་རྡུང་གི་བྱ་སྤྱོད་སྤེལ་ཏེ། དབང་ཆ་སྒེར་སྤྱོད་པ་དང་ལྐོག་ཟ་རུལ་སུངས་བྱེད་མཁན་ཚོར་ཁ་གཏད་བཅག་ཡོད་ཀྱང་། གཞུང་གིས་ཁྲིམས་ཞིབ་ཁང་དང་འཛིན་སྐྱོང་གཉིས་ལོགས་སུ་དབྱེ་བ་ཕྱེ་མེད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་ནང་བྱུང་བའི་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་རྣམས་གསལ་གསལ་ཐིང་ཐིང་འདོན་སྤེལ་བྱ་རྒྱུར་བཀག་འགོག་བྱས་དང་བྱེད་བཞིན་ ཡོད་སྟབས། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་ཁ་གཡར་ཏེ་ཁོའི་ཆབ་སྲིད་ཀྱི་དགྲ་ཟླ་རྩ་མེད་བཟོ་བའི་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ཡིན་ཚུལ་རྗོད་བཞིན་འདུག

 གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༠ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese