མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུགས་འབྱིན་རྔུབ་དཀའ་བའི་ནད་ཡམས་ཁྱབ་བརྡལ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཐའེ་ལན་ཌིའི་གཞུང་གིས་ཐའེ་ལན་ཌི་ནང་དབུས་ཤར་ཡུལ་གྲུ་ནས་ཁྱབ་པའི་དབུགས་འབྱིན་རྔུབ་དཀའ་བའི་ཕྱོགས་བསྡུས་རིམས་ནད་ཀྱི་ནད་པ་ཐོག་མ་བྱུང་ཡོད་པ་ཕྱི་བསྒྲགས་བྱས་འདུག

དེ་རིང་ཐའེ་ལན་ཌི་གཞུང་གིས་ཟླ་འདིའི་ཚེས་ ༡༥ ཉིན་ཨོ་མན་ (Oman) རྒྱལ་ཁབ་ནས་རྒྱལ་ས་བྷེང་ཁཱོག་ཏུ་སྙིང་ནད་བཅོས་བར་ཡོང་མཁན་ལོ་ན་ ༧༥ ལ་སོན་པའི་ཚོང་པ་ཞིག་ལ་བརྟག་དཔྱད་བྱས་པ་བརྒྱུད། ཁོང་ལ་དབུས་ཤར་ཡུལ་གྲུ་ནས་ཁྱབ་བརྡལ་བྱུང་བའི་དབུགས་འབྱིན་རྔུབ་དཀའ་བའི་ཕྱོགས་བསྡུས་རིམས་ནད་ (MERS) ཞེས་པ་ཕོག་ཡོད་པ་ཤེས་ཏེ། ད་ལྟ་ཟུར་བཀག་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། དེ་སྔོན་ཁོང་དང་འབྲེལ་འདྲིས་ཡོད་མཁན་གྱི་མི་ ༥༩ ཙམ་ལ་ནད་ཡམས་དེ་འགོས་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་འདུག 

རོའུ་ཌར་དང་ཡཱ་ཧོ་གསར་ལམ་ཐོག་ཐའེ་ལན་ཌིའི་འཕྲོད་བསྟེན་བློན་ཆེན་ར་ཇ་ཌ་ (Rajata Rajatanavin) ཡིས། ཁོང་དང་ཐོག་བྷེང་ཁཱོག་ལ་ཡོང་སྐབས་དབུགས་འབྱིན་རྔུབ་དཀའ་བའི་ཕྱོགས་བསྡུས་རིམ་ནད་ཀྱི་ནད་རྟགས་གང་ཡང་ཐོན་མེད་ཀྱང་། རྒྱལ་སའི་སྒེར་གཉེར་སྨན་ཁང་ཞིག་ཏུ་སྙིང་ནད་བཅོས་བར་འགྲོ་སྐབས་ཐང་ཆད་པ་དང་དབུགས་གཏོང་དཀའ་བ་སོགས་བྱུང་སྟེ། ང་ཚོས་ཁོང་ལ་ཉིན་བཞིའི་རིང་བརྟག་དཔྱད་རིམ་པ་ཁག་གཉིས་བྱས་པ་བརྒྱུད། ཁོང་ལ་ནད་ཡམས་དེ་ཕོག་ཡོད་པ་ཤེས་ཏེ་ཐའེ་ལན་ཌིའི་ནད་པ་དང་པོ་ཆགས་ཡོད། ད་ལྟ་ང་ཚོས་ཁོང་དང་ནང་མི་ཚོར་ཟུར་བཀག་བརྟག་དཔྱད་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་ཡོངས་ནང་ཁྱབ་བརྡལ་མི་འགྲོ་བའི་ཆེད་སྨན་བཅོས་ཚན་པ་ཁག་གིས་སྔོན་འགོག་བྱེད་དགོས་པའི་བརྡ་ཁྱབ་བཏང་ཡོད་སྟབས། མང་ཚོགས་ཚོས་འཇིགས་སྣང་དང་འདྲོག་མགོ་མ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་འདུག

༢༠༠༢ དང་ ༢༠༠༣ ལོར་རྒྱ་ནག་ནང་གློ་ཚད་གཉན་རིམས་ (SARS) ཞེས་པ་ཞིག་ཁྱབ་སྟེ། རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་མི་ ༨༠༠ ལྷག་གྲོངས་ཡོད་པ་དང་། ༢༠༡༢ ལོར་སོ་ཌི་ཨེ་ར་བྷེ་ཡའི་ (Saudi Arabia) ནད་པ་ཞིག་ལ་དབུགས་འབྱིན་རྔུབ་དཀའ་བའི་ཕྱོགས་བསྡུས་རིམས་ནད་ཀྱི་ནད་འབུ་ཡོད་པ་ཤེས་རྟོགས་བྱུང་བ་ནས་བཟུང་། ད་བར་དཀྱིལ་ཤར་ཡུལ་གྲུ་གཙོས་ཉི་ཧོང་དང་རྒྱ་ནག བྷང་ལ་དྷེ་ཤི་དང་ལྷོ་ཀོ་རེ་ཡ། ཐའེ་ལན་ཌི་དང་ཨ་རི། དབྱིན་ཡུལ་དང་ཨོ་སི་ཌོ་རེ་ཡ་སོགས་རྒྱལ་ཁབ་ ༢༥ ལྷག་ལ་ནད་ཡམས་དེ་ཁྱབ་ཡོད། ཟླ་ ༥ ནང་ ༦༨ ལ་སོན་པའི་ལྷོ་ཀོ་རི་ཡའི་མི་ཞིག་དབུས་ཤར་ཡུལ་གྲུར་བསྐྱོད་ནས་ཕྱིར་རྒྱལ་ས་སོལ་ནང་ནད་ཡམས་དེ་འཁྱེར་ནས་ལོག་ཡོད་སྟབས་དེ་ཁྱབ་བརྡལ་ཕྱིན་ཏེ། ཟླ་འདིའི་ཚེས ༡༨ ཉིན་བར་ལྷོ་ཀོ་རི་ཡའི་མི་ ༢༤ གྲོངས་པ་དང་། མི་ ༢༠༠ ལྷག་ལ་ནད་ཡམས་དེ་ཕོག་ཡོད་པ། གཞན་མི་ ༦༧༠༠ ལྷག་ལ་ནད་རྟགས་ཐོན་ནས་ཟུར་བཀག་བརྟག་དཔྱད་བྱེད་བཞིན་ཡོད་པ་མ་ཟད། མི་ ༧༠༠༠ ཙམ་ལ་ནད་ཡམས་ཀྱི་དོགས་གཞིའི་འོག་རྒྱལ་ས་སོལ་ནང་ཡོད་པའི་སམ་སང་སྨན་དཔྱད་ལྟེ་གནས་ཁང་(Samsung Medical Center) གིས་བརྟག་དཔྱད་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༨ ཉིན་ནད་ཡམས་འདིའི་རྐྱེན་པས་ཨེ་རབ་ཨི་མེ་ར་ཌི་ (United Arab Emirates) རྒྱལ་སར་ནད་པ་ཞིག་གྲོངས་ཡོད་པ་དང་། དེ་རིང་ལྷོ་ཀོ་རི་ཡ་དང་རྒྱ་ནག་བཅས་ནང་ནད་པ་གཅིག་རེ་ཐོན་པ་བཅས་ད་བར་ནད་ཡམས་འདིས་མི་ ༥༠༠ ལྷག་རྐྱེན་འདས་དང་། མི་ ༡༢༠༠ ལྷག་ལ་ན་ཚ་དེ་ཕོག་ཡོད་སྟབས། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་མར་གྷེ་རི་ཌི་(Margaret Chan) མཆོག་ལྷོ་ཀོ་རི་ཡར་སྐྱོད་ནས་རྟོག་ཞིབ་དང་འབྲེལ། ཁོང་གིས་གང་ཕྱོགས་ནད་ཡམས་འདི་སེལ་ཐུབ་པ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་ཨ་རིའི་སྙན་གྲགས་ཅན་གྱི་དུས་དེབ་ (Time Magazine) ཀྱི་དྲ་ཚིགས་ཐོག་ས་ལེ་མཱ་ཁོ་རོ་མཱ་ (Salima Koroma) ལགས་ཀྱིས་ཆེད་བརྗོད་སྤེལ་བ་ཞིག་ནང་། ཁོང་གིས་ད་བར་རྒྱལ་སྤྱིའི་སྨན་དཔྱད་མཁས་པ་ཁག་གིས་ནད་ཡམས་འདིའི་སྨན་གསར་བཟོ་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། དང་པོ། སྨན་བཟོ་ཐུབ་པའི་དབང་དུ་བཏང་ཡང་ཁྲོམ་ར་མེད་པ་དང་། གཉིས་པ། ནད་ཡམས་ཕོག་མཁན་ལ་བརྟག་དཔྱད་བྱས་ནས་སྨན་བཟོ་དགོས་སྟབས་ཨ་སྒོར་དུང་ཕྱུར་ གཅིག་ལྷག་གི་འགྲོ་གྲོན་གཏོང་དགོས་པ། གསུམ་པ། སྨན་བཟོ་བར་དུས་ཡུན་རིང་པོ་འགོར་རྒྱུ་མ་ཟད་སྨན་བཟོས་རྗེས་གཞུང་གི་ལག་བསྟར་བྱ་རྒྱུར་འགོག་རྐྱེན་བཟོ་རྒྱུ་ཡིན་སྟབས། ད་བར་རྒྱལ་སྤྱིའི་སྒྲིག་འཛུགས་དང་སྨན་དཔྱད་ཉམས་ཞིབ་ཁང་གིས་ནད་ཡམས་འདིའི་སྨན་བཟོ་ཐུབ་མེད་ཅེས་བྲིས་འདུག

དབུགས་འབྱིན་རྔུབ་དཀའ་བའི་ཕྱོགས་བསྡུས་རིམས་ནད་ (MERS) ཞེས་པ་འདི་ནི། རྔ་མོང་བརྒྱུད་མིའི་ཆམས་ནད་དང་གློ་ཚད་གཉན་རིམས་ནང་ཡོད་པའི་ནད་འབུ་ (coronavirus) ལས་ཡོང་གི་ཡོད་པ་དང་། ད་བར་འདི་གང་འདྲ་བྱས་ནས་ཁྱབ་ཀྱི་ཡོད་མེད་ཤེས་རྟོགས་གང་ཡང་ཐུབ་མེད་ཀྱང་། རྒྱལ་སྤྱིའི་སྨན་དཔྱད་མཁས་པ་མང་ཆེ་བས་འདི་ནི་ནད་ཡམས་ཕོག་མཁན་གྱི་གློ་དང་ཧབ་སྦྲིད་ལས་ཡོང་གི་ཡོད་པ་མ་ཟད། གལ་ཏེ་མི་ཞིག་ལ་ནད་ཡམས་འདི་ཕོག་ཡོད་ན་ཚ་བ་རྒྱས་པ་དང་གློ་རྒྱག་པ། དབུགས་གཏོང་དཀའ་བ་སོགས་ཀྱི་ནད་རྟགས་ཐོན་ཏེ། གློ་ཚད་རྒྱས་པ་དང་མཁལ་མ་འཕྲོ་བརླག་ཕྱིན་ནས་གྲོངས་ཀྱི་ཡོད་འདུག ད་བར་ནད་ཡམས་འདིར་སྔོན་འགོག་སྨན་ཁབ་དང་དམིགས་བསལ་གྱི་བཅོས་ཐབས་དེ་འདྲ་གང་ཡང་མེད་སྟབས་ནད་པ་བརྒྱ་ཆ་ ༩༠ ལྷག་གྲོངས་ཀྱི་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༤ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༥ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese